2020ལོའི་གུང་གསེང་སྐབས་ཀྱི་བྱིས་པའི་གཅེས་སྐྱོང་ཞབས་ཞུའི་བྱ་འགུལ་ཟི་ལིང་དུ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་བུད་མེད་ལྷན་ཚོགས་དང་ཞིང་ཆེན་སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་དང་ལག་ཟུང་མཉམ་འབྲེལ་གྱིས་འཚར་ལོངས་བྱུང་བ་ཞེས་པའི2020ལོའི་གུང་གསེང་དུས་ཀྱི་བྱིས་པའི་གཅེས་སྐྱོང་ཞབས་ཞུའི་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ། བྱ་འགུལ་དེས་གུང་གསེང་སྐབས་སུ་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་དང་བྱིས་པ་མོ་ཡི་ཁེ་དབང་ལ་འགན་སྲུང་བྱེད་པའི་བརྗོད་དོན་ལག་བསྟར་དངོས་འབེབས་བྱས་ཡོད།

བྱ་འགུལ་ཁྲོད་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཡན་ལག་ཅུའུ་ལ་བྱིས་པའི་རི་མོའི་ཀློག་དེབ་དང་བུ་མོ་ཡི་བདེ་འཇགས་འགོག་སྲུང་ཤེས་བྱའི་ལག་དེབ་གནང་པ་རེད། 2020ལོའི་གུང་གསེང་སྐབས་སུ་ཞིང་ཆེན་ཧྲིལ་བོའི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་གཞི་རིམ་མངགས་གཏོང་ཁང་ལ་གཞི་བཅོལ་སྟེ་བུད་མེད་དང་བྱིས་པར་སྲུང་སྐྱོབ་བྱེད་པའི་ཁེ་དབང་ཞབས་ཞུའི་ས་ཚིགས་དང་ཁྱིམ་བདག་སློབ་གྲྭ། བྱིས་པའི་ཁྱིམ་གཞིས་སོགས་གསར་དུ་བཙུགས་སྟེ། དྲ་ལམ་དང་དྲ་ལམ་མ་ཡིན་པའི་ནང་དོན་ཕུན་སུམ་ཚོགས་པའི་བུ་མོ་ཡི་སྲུང་སྐྱོབ་དང་འགྲོ་འདུག་བདེ་འཇགས་སོགས་ཀྱི་ཐད་ལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།

ཞིང་ཆེན་དང་གྲོང་ཁྱེར། ཆུས། སྡེ་ཁུལ་སོགས་རིམ་པ་བཞི་ཡི་སྤྱི་བདེ་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་རུང་བསམ་བློ་བརྗེ་རེས་བྱེད་པ་རྩ་འཛུགས་བྱས། སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་མིག་སྔར་བྱིས་པ་དང་བུད་མེད་བརྐུ་འཚོང་བྱེད་པའི་ཉེས་བསགས་ཀྱི་སྤྱིའི་གནས་བབ་དང་བརྐུ་འཚོང་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཡུན་རིང་ཅན་དང་དཀའ་ཁག་ཅན། རྙོག་འཛིང་ཅན་བཅས་ཀྱི་ཁྱད་ཆོས་ངོ་སྤྲོད་བྱས་པ་དང་། དེ་དག་ཕྱོགས་མི་འདྲ་པ་དྲུག་ནས་ལོ་འདི་དག་གི་རིང་ལ་ཉེས་འགལ་སྡེ་ཁག་གི་མྱུལ་ཞིབ་གྱོད་དོན་ཤུགས་ཆེན་པོའི་སྒོ་ནས་གཏོར་ནས། བུད་མེད་དང་བྱིས་པའི་རེ་ལྟོས་བྱེད་པའི་བྱ་བའི་བྱེད་ཐབས་དང་ཕན་འབྲས་ལ་ལན་བཏབ་ནས། མྱུལ་ཞིབ་ཉེས་དོན་སྡེ་ཁག་གིས་བྱིས་པ་བརྐུ་འཚོང་བྱེད་པའི་ནག་ཉེས་ལ་རྡུང་རྡེག་ནན་མོ་གཏོང་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་གསལ་བོར་མཚོན་དུ་བཅུག་ཡོད། ཞིང་ཆེན་བུད་མེད་ལྷན་ཚོགས་ཀྱིས་ད་ལོ་རྒྱལ་ཡོངས་ཀྱི་བུད་མེད་ལྷན་ཚོགས་དང་། སྤྱི་བདེ་ལས་ཁུངས་སོགས་ལས་ཁུངས11ལ་མཉམ་འབྲེལ་སྒོས2020ལོའི་གུང་གསེང་བྱིས་པའི་གཅེས་སྐྱོང་ཞབས་ཞུའི་བྱ་འགུལ་ངོ་སྤྲོད་བྱས་པ་དང་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་སྒོས་མཉམ་འབྲེལ་དམ་པོ་བྱེད་རྒྱུ་དར་སྤེལ་བཏང་། ཞིང་གྲོང་གི་སྡེ་ཁུལ་དུ་སྐྱོད་པ་དང་ཚེ་སྲོག་གི་བདེ་འཇགས་སློབ་གསོ་དང་བྱིས་པའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་སྒོས་གཅེས་སྐྱོང་ཞབས་ཞུ་ལེགས་པོ་སྒྲུབ་ནས། ཞིང་གྲོང་གི་ཡུལ་བསྐྱུར་བྱིས་པ་དང་དཀའ་ཁག་ཆེ་བའི་བྱིས་པའི་སྐྱིད་སྣང་ཇེ་མཐོར་བཏང་། བརྩེ་སེམས་དང་བརྩེ་སེམས་དྲོན་མོར་བརྟེན་ནས་ཁོ་ཚོའི་སེམས་ལ་དྲོད་ཁོལ་བསྣན།

བྱ་འགུལ་ལ་ཞུགས་པའི་ལས་ཁུངས་དག་གིས་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་དང་ལག་ཟུང་དམ་པོར་སྦྲེལ་ནས་མཉམ་དུ་འཚར་ལོངས་བྱུང་བའི་གཏམ་རྒྱུད་དང་སད་རྟོགས་མཉམ་སྤྱོད་བྱས་པ་མ་ཟད། གུང་གསེང་དུས་ཀྱི་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་དང་བུ་མོ་ཡི་ཁེ་དབང་ལ་འགེབས་སྲུང་བྱེད་པའི་བཙན་ཤུགས་རང་བཞིན་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་སྒོས་སྡེ་ཁག་མང་པོར་མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་ཚོད་འཛིན། མཉམ་འབྲེལ་འགུལ་སྐྱོད་བཅས་ཀྱི་བྱ་བའི་སྒྲིག་གཞི་ལག་བསྟར་སྒོས་ནར་མ་སོན་པའི་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྱོད་དོན་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་པ་མ་ཟད་བསམ་བློ་བརྗེ་རེས་ཡང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།