ནད་པ“གློག་ཏུ་བཞག”ནས་ནད་ལ་བརྟག་ན་བདེ་ཐང་ལ་གནོད་དམ། བརྙན་ཕབ་རིག་པའི་ཞིབ་བཤེར་ཕྱོགས་ནས་ཤེས་དགོས་པའི་རྐྱེན་འགའ།

མི་དམངས་དྲ་བར་བཀོད་པའི་གནས་ཚུལ། བརྙན་ལེན་རིག་པའི་ཞིབ་བཤེར་ནི་གསོ་རིག་བརྟག་དཔྱད་ཁྲོད་ཀྱི་རྒྱུན་མཐོང་གི་དཔྱད་ཐབས་ཤིག་རེད། ཡིན་ན་ཡང་དེ་སྲོལ་རྒྱུན་གྱི་དཔྱད་ཐབས་དང་མི་འདྲ་བས་ནད་པ་དང་ནད་པའི་ཁྱིམ་བདག་མང་པོ་ཞིག་གིས་དཔྱད་ཆས་ཀྱིས་མིའི་ལུས་ཕུང་ལ་འཕྲོ་འགྱེད་ཡི་གནོད་འཚེ་ཐེབས་ཚུལ་དང་། ནང་སྒོས་སུ་དཔྱད་ཆས་ལ་བརྟེན་ནས་བརྟག་དགོས་པའི་སྐྲན་ནད་ཕོག་མཁན་ལ་མཚོན་ན་གནོད་འཚེ་ཆེན་པོ་ཐེབས་པར་དོགས་ནས་སེམས་ཁྲལ་བྱེད་བཞིན་ཡོད།

འཕྲོ་འགྱེད་ལ་རང་བྱུང་གི་འཕྲོ་འགྱེད་སྟེ་འཇིག་རྟེན་འཕྲོ་ཐིག་དང་ས་ཤུན་ལས་བྱུང་བའི་འཕྲོ་འགྱེད། དེ་མིན་མིས་བཟོས་འཕྲོ་འགྱེད་སྟེ་དུས་རྒྱུན་གསོ་རིག་བརྟག་དཔྱད་ཁྲོད་བྱུང་བཞིན་པའི་འཕྲོ་འགྱེད་ལྟ་བུ་ཡིན་ལ། ང་ཚོའི་ཁོར་ཡུག་གི་ཟ་ཟུར་གང་རུང་ན་གནས་པ་ཞིག་རེད། འཕྲོ་འགྱེད་ཚད་འཇལ་གྱི་མཚོན་རྟགས་ལ་ཧའོ་ཞི་ཧྥུ(mSv)ཟེར་ཞིང་། རང་རྒྱལ་དུ་གློག་ལེན་དཔྱད་ཆས་སྤྱོད་མཁན་སྨན་པ་རེ་ཡི་འཕྲོ་འགྱེད་ཕོག་ཚད་ལོ་རེར་ཧའོ་ཞི་ཧྥུ20ལས་བརྒལ་མི་རུང་བ་གཏན་འཁེལ་བྱས་ཡོད་པས་ཚད་གཞི་དེ་ལས་མ་བརྒལ་ན་བདེ་འཇགས་སུ་བརྩི་བ་རེད། གློག་ཆས་ཀྱི་ཞིབ་བཤེར་དང་ལེན་བྱེད་མཁན་དར་མ་དང་། རྒན་པ། བྱིས་པ། སྦྲུམ་མ་དག་ལ་མཚོན་ན་ཉེན་ཁ་དེ་སྨན་པ་ལས་ཆུང་བས་ཚད་དེ་ཙམ་གྱིས་ལུས་ལ་གནོད་འཚེ་མི་འབྱུང་།

སྨན་ཁང་དུ་དུས་རྒྱུན་འབྲེལ་འདྲིས་ཡོད་པའི་གློག་གི་དཔྱད་ཆས་ལBཁྲའོ་དང་། ནུ་རྨེན་མུ་པཱ། xའཕྲོ་ཐིག CT   ཧི་ཚི་སོགས་འཕྲོ་འགྱེད་ཅན་གྱི་དཔྱད་ཆས་ཡོད་ལ། དེའི་ནང་ལུས་ལ་གནོད་པ་ཅི་ཡང་མེད་པ་ནིCTདང་ཧི་ཚི་མཉམ་འདར་གཉིས་ཡིན། xའཕྲོ་ཐིག་སྟེ་དུས་རྒྱུན་ང་ཚོའི་བཤད་པའི“རྭ་ཤེལ་པར་འདེབས”དཔྱད་ཆས་ཀྱི་འཕྲོ་འགྱེད་ཧ་ཅང་དམའ་སྟེ་ཧའོ་ཞི་ཧྥུ0.1ལས་མེད་ལ། དེ་ནི་མིའི་རིགས་ཀྱི་ལུས་ཕུང་སྟེང་ཉིན10ལ་སའི་གོ་ལའི་རང་བྱུང་འཕྲོ་འགྱེད་བྱུང་བ་ཙམ་ཡིན་པས་ཧ་ཅང་བདེ་འཇགས་ཡིན།

ནུ་རྨེན་མུ་པཱ་ཡི་འཕྲོ་འགྱེད་ཅུང་ཆེ་སྟེ་ཧ་ལམ་ཧའོ་ཞི་ཧྥུ0.3ཙམ་ཡིན་པ་དང་། མིའི་རིགས་ཀྱི་ལུས་ཕུང་སྟེང་གོ་ལའི་ཟླ་གཅིག་གི་འཕྲོ་འགྱེད་བྱུང་བ་ལྟ་བུ་ཡིན། བརྟག་དཔྱད་དེ་ནི་བུད་མེད་ཀྱི་བདེ་ཐང་ལ་ཧ་ཅང་ཕན་པའི་བརྟག་ཐབས་ཤིག་ཡིན་ཞིང་། ལོ་རེར་བརྟག་དཔྱད་ཐེངས་གཅིག་རེ་ལས་མེད་པས་ལུས་ཕུང་ལ་ཐེབས་པའི་འཕྲོ་འགྱེད་ཀྱི་ཚད་ཐིག་ལ་གནོད་འཚེ་མེད་པ་གཞིར་བཞག་རེད།

CTབརྟག་དཔྱད་ཀྱི་འཕྲོ་འགྱེད་ཅུང་མཐོ་ཞིང་། ཡང་ནད་ཐོག་སྨན་བཅོས་བྱེད་མཁན་སྨན་པས་ཚུལ་དེར་གཞིགས་ནས་ནད་པར་གང་འདོད་དུCTཡི་བརྟག་དཔྱད་མི་གཏོང་། ནད་ཡམས་འགོས་མཆེད་ཅུང་ཛ་དྲག་གི་སྐབས་སུ། ཉིང་སྐྱུར་ཚད་ལེན་བྱེད་མི་ཐུབ་པའི་གནས་ཚུལ་འོག CTལ་བརྟེན་ནས་ནད་པའི་ནད་གཞི་ངོས་འཛིན་བྱེད་སྲིད་ལ་དེ་ནི་དམིགས་བསལ་གྱི་གནས་ཚུལ་འོག་བཀོལ་བའི་དམིགས་བསལ་གྱི་བྱེད་ཐབས་ཤིག་ཡིན།

PET-CTདཔྱད་ཆས་ནི་རིན་གོང་ཧ་ཅང་མཐོ་ལ་འཕྲོ་འགྱེད་ཤིན་ཏུ་ཆེ་བའི་དཔྱད་ཐབས་ཤིག་ཡིན་ཏེ། དོན་ངོ་མར་ཉིང་བཤེར་དངCTཞིབ་བཤེར་གཉིས་ཟུང་དུ་སྦྱར་བའི་བརྟག་ཐབས་ཤིག་ཡིན། འཕྲོ་འགྱེད་ཆུང་བའིPET-CTཡིས་ཐེངས་མ་གཅིག་ལ་འཕྲོ་འགྱེད་ཀྱི་ཚད་ཧའོ་ཞི་ཧྥུ10ཕོག་སྲིད་ལ། འཕྲོ་འགྱེད་ཆེ་ཤོས་དེ་ཐེངས་གཅིག་ལ་ཧའོ་ཞི་ཧྥུ20~30ཕོག་སྲིད། ཚུལ་དེར་གཞིགས་ནས་དགོས་མཁོ་མེད་ན་སྨན་པ་མང་པོས་དཔྱད་ཆས་འདི་བཀོལ་སྤྱོད་མི་བྱེད་པ་ཡིན།

ནད་པ་དང་ནད་པའི་ཁྱིམ་བདག་ལ་ཞུ་རྒྱུ་ཞིག་ནི། རྒྱུན་ལྡན་གྱི་གནས་ཚུལ་འོག་སྨན་ཁང་གི་གློག་གི་དཔྱད་ཆས་ཞིབ་བཤེར་ལ་མཚོན་ན་བདེ་འཇགས་ཡིན་པས། འཕྲོ་འགྱེད་ཙམ་ལ་དོགས་ནས་མཐའ་གཅིག་ཏུ་འདོར་དགོས་པའི་ངེས་པ་མ་མཆིས་ལ། ལུས་ཀྱི་ནད་ལ་སེམས་ཁྲལ་ཆེན་པོ་བྱས་ནས་ཡང་ནས་ཡང་དང་ཚད་ལས་འདའ་བའི་བརྟག་དཔྱད་ཀྱང་གཏང་མི་རིགས། ཞེས་པེ་ཅིང་ཞའེ་ཧི་སྨན་ཁང་གི་འཕྲོ་འགྱེད་ཚན་ཁག་གི་ཀྲུའུ་རིན་གཞོན་པ། སྨན་པ་ལིན་ཆིང་གིས་དེ་ལྟར་གསལ་འདེབས་བྱས་སོང་།

ཁོན་ཐར་འཚོས་བསྒྱུར།