མཚོ་སྔོན་ངོ་གྲོས་ཚོང་འདུས་སྐབས21པ་མཇུག་སྒྲིལ་ཞིང་། མ་དངུལ་སྒོར་དུང་ཕྱུར1127གྱི་མཉམ་ལས་རྣམ་གྲངས62ལ་གྲོས་ཆིངས་བཞག

ཟླ7ཚེས26ཉིན། ཀྲུང་གོ·མཚོ་སྔོན་འཚེ་མེད་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་གྲོས་ཚོང་འདུས་སྐབས21པ་མཇུག་བསྡུ་བའི་མཛད་སྒོ་དང་། མཚོ་སྐོར(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་གནང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟློས་གར་ཚོམས་ཆེན་ནས་སྤེལ།

ཟླ7ཚེས26ཉིན་གྱི་དགོང་མོར། ཀྲུང་གོ·མཚོ་སྔོན་འཚེ་མེད་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་གྲོས་ཚོང་འདུས་སྐབས21པ་མཇུག་བསྡུ་བའི་མཛད་སྒོ་དང་། མཚོ་སྐོར(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་གནང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟློས་གར་ཚོམས་ཆེན་ནས་སྤེལ།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲེན་རུའེ་ཧྥེང་མཇུག་བསྡུ་མཛད་སྒོར་ཞུགས་ཏེ། གསེར་གཅོད་རྟགས་མ་ཐོབ་མཁན་པའེ་ཆི་སྡེ་ཤོག་ཀུང་སི་ལ་རྟགས་མ་གནང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན་དང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཁུང་ཡུང་། ཝང་ལི་མེང་། དབྱང་ཕེང་ཁྲུན། ཀྲང་ལི་བཅས་མཇུག་བསྡུའི་མཛད་སྒོར་ཞུགས་ལ། ཝང་ལི་མེང་གིས་མཛད་སྒོའི་ཐོག་མཚོ་སྔོན་ངོ་གྲོས་ཚོང་འདུས་ཀྱི་གྲུབ་འབྲས་ཁྱབ་སྒྲོག་གནང་།

ཐེངས་འདིའི་མཚོ་སྔོན་ངོ་གྲོས་ཚོང་འདུས་ནི་ནད་ཡམས་འགོག་ཟོན་རྒྱུན་ཆགས་སུ་གཏོང་བའི་གནས་ཚུལ་འོག རྒྱལ་ཡོངས་ནས་དྲ་སྒང་དང་དྲ་ཕྱི་གཉིས་ཟུང་དུ་སྦྲེལ་ནས་སྤེལ་བའི་ཕྱོགས་བསྡུས་རིང་བཞིན་གྱི་འགྲེམ་ཚོགས་ཆེ་ཤོས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། “གཏན་འཇགས་བཞི”ལག་བསྟར་དང“འགན་སྲུང་དྲུག”དོན་འཁྱོལ་བཅས་བྱས་ཏེ། ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཉིས་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། འཚོགས་ཡུན་ཉིན4ཡི་དུས་ཚོད་ནང་དུ། “སྤྲིན་ཐོག་མཚོ་སྔོན་ངོ་གྲོས་ཚོང་འདུས”ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་འཚང་ཁ་ཤིག་ཤིག་བྱེད་པ། འབྲེལ་འདྲིས་བརྗེ་སྤེལ་གྱི་ཁྱབ་རྒྱ་དང་ནང་དོན་གཏིང་ཟབ་པ། མཉམ་ལས་ཁྱབ་ཁོངས་མུ་མཐུད་ནས་རྒྱ་བསྐྱེད་དེ་ཚོང་འགུགས་དངུལ་འདྲེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་བས་མཚོ་སྔོན་གྱི་སྒོ་མོ་ཕྱི་ཕྱོགས་སུ་གློད་པ་དང་། མངའ་ཁུངས་མཉམ་གྲོས་གོང་སྤེལ་སོགས་ནས་གོམ་པ་གསར་པ་སྤོས་པ་དང་།  མཐོ་ཚད་གསར་པ་སླེབས་ལ་གྲུབ་འབྲས་གསར་པའང་བླངས་ཡོད།

ཐེངས་འདིའི་ངོ་གྲོས་ཚོང་འདུས་སུ་རྒྱལ་ཁབ་ཀྱི་པུའུ་ཨུ་དང་། མཉམ་འབྲེལ་ཚོགས་པ། མཐུན་ཚོགས་བཅས19ཡི་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། པུའུ་རིམ་པ་གཞོན་པའི་འགོ་ཁྲིད30ལྷག་དང་། ཡོན་ཧྲི4། ཀྲུང་དབྱང་གི་ཁེ་ལས་འགན་འཁུར་བ10ལྷག ཞིང་ཆེན་དང་ལྗོངས། གྲོང་ཁྱེར27གྱི་འཐུས་ཚབ13000བཅས་འགྲེམ་ཚོགས་སུ་ཕེབས་པ་དང་། གསར་འགོད་པ300ལྷག་གིས་ཕྱོགས་ཡོངས་དང་། ཟུར་མང་པོ། རིམ་པ་མང་པོ་ནས་ཐེངས་འདིའི་ངོ་གྲོས་ཚོང་འདུས་དྲིལ་སྒྲོག་བཟང་བོ་བྱས་པ་དང་། རབ་མཛེས་མཚོ་སྔོན་གྱི་སྙན་གྲགས་དང་མཚན་སྙན་ཇེ་ཆེར་བཏང་ནས་ཕྱི་ཕྱོགས་ཀྱི་གྲོགས་པོ་ཇེ་མང་དུ་བཏང་།

ཐེངས་འདིའི་ངོ་གྲོས་ཚོང་འདུས་ཀྱིས“དཔལ་འབྱོར་རྣམ་པ་བཞི”འཁྲིད་སྟོན་དུ་བཟུང་ཞིང་། སྤུས་ལེགས་ལས་གཞི་འོས་སྦྱོར་ལེགས་པོ་བྱས་པས། ཚོང་འདུས་སུ་ཞུགས་མཁན་ཚོང་མགྲོན་རྣམས་མཚོ་སྔོན་ལ་སྤྲོ་བ་ཆེན་པོ་བྱུང་ནས་ཁྱོན་སྡོམ་རྣམ་གྲངས262དང་། མ་དངུལ་དུང་ཕྱུར1127གཏང་བའི་གྲོས་ཆིངས་བཞག་སྟེ། ཕྱོགས་སོ་སོའི་བར་མཉམ་ཕན་མཉམ་རྒྱལ་གྱི་འབྲེལ་ཟམ་བཙུགས་ཡོད་པས་མཚོ་སྔོན་གྱི་དཔལ་འབྱོར་བཅོས་སྒྱུར་དང་གོང་སྤེལ་གྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་ཐུབ་ངེས་རེད།

མཛད་སྒོའི་དགོང་ཚོགས་སུ་རྒྱལ་ནང་གི་ལུས་རྩལ་ལས་རིགས་དང་རིག་རྩལ་ལས་རིགས་ཀྱི་ལུས་རྩལ་པ་གྲགས་ཅན། གཞས་པ་གྲགས་ཅན། དེ་མིན་ཞིང་ཆེན་ཕྱི་ནང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཀྱི་འཐུས་ཚབ་ཁག སྨན་པའི་འཐུས་ཚབ། ཕུལ་བྱུང་ཅན་གྱི་ཧྲུའུ་ཅི་དང་པོའི་འཐུས་ཚབ་སོགས་ལ་རེ་རེ་ནས་བྱ་དགའ་སྤྲད།

ཁྲང་ཨན་དང་། ཆི་རུའེ། པའེ་ཆི། ཏུང་ཧྥེང་། པིའེ་ཡ་ཏེ། ཧྲང་ཆི། ཧྥེན་ཐེན། ཧི་ཀྲུང་། ཧོང་ཆི་སོགས་ཁེ་ལས་ཀྱི་རླངས་འཁོར་མང་དག་ཅིག་ལ་གློག་སྒུལ་རླངས་འཁོར་ལེགས་ཤོས་དང་ལམ་ཐག་རིང་ཤོས། རྒྱུག་ཚད་མྱུར་ཤོས། སྒྲ་ཆུང་ཤོས། བཀོལ་བདེ་ཤོས། གློག་གསོག་ཚད་མྱུར་ཤོས་ཡིན་པའི་ཆ་ནས་བྱ་དགའ་ཐོབ། གཞན་ཀྲུང་གོའི་མི་རིགས་ཚོང་རྟགས་ཀྱི་གདོང་ལེན་པ་དང་། སྤྱི་ཕན་ཁྱབ་གདལ་བཟང་ཤོས། ཁོར་ཡུག་སྲུང་སྐྱོབ་གི་ལག་རྩལ་རྩེ་གྲ་ལ་སོགས་དམིགས་བསལ་གྱི་དགེ་མཚན་ཆ་ནས་གོང་གསལ་གྱི་ཁེ་ལས་དེ་དག་ལ་ཡང་བསྐྱར་བྱ་དགའ་སྤྲད། གཞན་རླངས་འཁོར་ཀུང་སི་གཞན་ཁག་ཅིག་ལ་སྐར་ཆེན་འོས་སྦྱོར་གྱི་བྱ་དགའ་དང་། ཁ་ལོ་བ་འཇོན་ལྡན་ཅན་གྱི་འོས་སྦྱོར་བྱ་དགའ། སྨྱན་སྦྱོར་འོད་སྦྱོར་གྱི་བྱ་དགའ། སྒྲིག་འཛུགས་ཨུ་ལྷན་གྱི་འོས་སྦྱོར་བྱ་དགའ་སོགས་གནང་བ་རེད།

ཁོན་ཐར་འཚོས་བསྒྱུར།