མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས2020ལོའི་ལས་དོན་མི་སྣ་བསྡུ་བའི་བརྡ་སྦྱོར།

《2020ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱི་མི་སྣ་བསྡུ་བའི་བྱ་བའི་ཇུས་གཞི》(མཚོ་སྔོན་སྲིད་དོན་གཞུང་ལས་ཁང་གི〔2020〕ཡིག་ཨང80པ)དང་། 《ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱིས་ལས་མི་བསྡུ་བའི་བྱ་བའི་ལག་བསྟར་བསམ་འཆར་སྔར་བས་ཤུགས་སྣོན་པ》(གཞོན་ནུ་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བཀྲམས་པའི〔2018〕ཨང2པ)སོགས་ཀྱི་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་། སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིབ་མཆན་ཐོ་འགོད་བྱས་པ་བརྒྱུད། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས2020ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་འབྲེལ་ཡོད་བྱ་བ་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་རྩ་དོན།

སྤྱོད་ཡོན་གཉིས་ལྡན་ཅན་ཚད་གཞི་མཐའ་འཁྱོངས་དང་། ཡོངས་ཁྱབ་ཏུ་སྒྲོག་པ། འདྲ་མཉམ་འགྲན་རྩོད། རྩེར་སོན་ལེགས་འདེམས་བཅས་ཀྱི་ལས་བསྡུའི་རྩ་དོན་ལག་བསྟར་བྱ་རྒྱུ་རེད།

གཉིས། ལས་བསྡུའི་འཆར་གཞི།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས2020ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ6བསྡུ་རྒྱུ་ཡིན་པ་དང་། ལས་གནས་དང་ཐོབ་ཐང་གི་ཆ་རྐྱེན་ཞིབ་ཕྲ《མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི2020ལོའི་ལས་བསྡུ་མི་སྣའི་འཆར་གཞིའི་རེའུ་མིག》ན་གསལ།

གསུམ། ལས་བསྡུའི་ཁྱབ་ཁོངས།

རྒྱལ་ཡོངས་ལ་ཁ་ཕྱོགས་སྟེ་ལས་མི་བསྡུ་རྒྱུ་རེད།

ལྔ། ལས་བསྡུའི་གོ་རིམ།

ལས་བསྡུའི་ཆ་འཕྲིན་ཁྱབ་སྒྲོག་དང་། དྲ་ཐོག་ནས་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཐོག་མའི་རྒྱུགས་ལེན། ཡུལ་དངོས་ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ཁྱབ་སྒྲོག ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་རེད།

དྲུག མིང་ཐོ་འགོད་པའི་དུས་ཚོད།

མིང་ཐོ་འགོད་པའི་དུས་ཚོད་ནི2020ལོའི་ཟླ7པའི་ཚེས25ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས30ཉིན་གྱི་ཆུ་ཚོད18བར་ཡིན། དངུལ་སྤྲོད་པའི་དུས་ཚོད་ནི་ཟླ7པའི་ཚེས25ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས31ཉིན་གྱི་ཆུ་ཚོད23:30བར་ཡིན། རྒྱུགས་སྤྲོད་མི་སྣས་མཚོ་སྔོན་གྱི་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བའི(www.qhpta.com)བརྒྱུད་དེ། དྲ་ཐོག་ནས་མིང་ཐོ་འགོད་སྐབས་ངེས་པར་དུ་ཤེས་དགོས་པ་དང་ཁས་ལེན་ཡི་གེ་ཞིབ་ཕྲའི་ཀློག་ནས་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་སྤྲོད་དགོས་པ་དང་འབྲེལ་མིང་ཐོ་འགོད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས། མིང་ཐོ་བཀོད་རྗེས་གཏན་འབེབས་ཀྱི་དུས་ཚོད་ནང་དངུལ་མ་སྤྲད་ན་རང་འགུལ་ངང་དོར་བར་བརྩི་རྒྱུ།

(བཞི)དོན་དག་གཞན་དག་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་བསྡུའི་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

འབྲེལ་གཏུག་བྱེད་ས། དགེ་རྒན་ཀྲོའུ། དགེ་རྒན་ཅེ།

འབྲེལ་གཏུག་ཁ་པར། 0971-5205060/6317924

ལྟ་སྐུལ་ཁ་པར། 0971-6316394

ཡིག་སྒམ། 2016242@qhnuedu.cn。

ཟུར་བཀོད། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས2020ལོའི་ལས་མི་བསྡུ་བའི་འཆར་གཞིའི་རེའུ་མིག

མཚོ་སྔོན་དགེ་ཐོན་སློབ་ཆེན།

2020ལོའི་ཟླ7པའི་ཚེས23ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།