གཞོང་ཐང་གིས་ཞོགས་ཁྲོམ་དང་ཁྲོམ་རའི་ཟས་རིགས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་ཀྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་གཅིག་གྱུར་སྟོབས་ཤུགས་ཀྱིས་མངའ་ཁོངས་ནང་ཁུལ་གྱི་ཞོགས་ཁྲོམ་དང་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ལ་ཟས་རིགས་བདེ་འཇགས་ཞིབ་བཤེར་བྱས་པ་དང་། ནུས་ཤུགས་གང་ཡོད་སྒོས་གྲོང་ཁྱེར་མི་དམངས་ཀྱིས་དོ་ཁུར་བྱེད་པའི་ཟས་རིགས་བདེ་འཇགས་ཀྱི་གནད་དོན་དང་ཚོང་གཉེར་སྐབས་བསྟུན་བདེ་འཇགས་དེ་གོ་རིམ་ལྡན་པའི་ངང་ནས་སྤེལ་ཏེ་ཉོ་བསྡུའི་ཁོར་ཡུག་ཇེ་ལེགས་སུ་བཏང་།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཞིབ་བཤེར་ཀྱིས“ཟས་རིགས་བདེ་འཇགས་དང་ལས་རིགས་འགོ་ཁུངས་གཙང་སེལ”དེ་དམིགས་འབེན་དུ་བཟུང་ནས། ཟས་རིགས་ཚོང་གཉེར་མཁན་གྱི་ཚོང་གཉེར་ཆ་རྐྱེན་དང་འཕྲོད་བསྟེན་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཚོང་་རྫས་རྫུན་མའི་རིགས་ཉོ་འཚོང་བྱེད་པ་དང་མེད་པ་གསུམ་གཏན་འགོག་བྱས། དུས་བརྒལ་ངོ་བོ་འགྱུར་བའི་ཟས་རིགས་སོགས་ཁྲིམས་འགལ་བྱ་སྤྱོད་དང་ཕྱིར་འཚོང་བྱས་པའི་སྒོ་ཕྱུགས་ཀྱི་ཤ་རིགས། དེ་ལས་བཟོས་པའི་ཐོན་རྫས་སོགས་ལ་རིམས་ནད་ཞིབ་བཤེར་ནན་མོ་བྱས་ཏེ་འཛིན་བྱང་གཉིས་དང་དཔང་ཡིག་གཅིག སྙན་ཞུ་གཅིག་བཅས་སྤེལ། ཞིབ་བཤེར་ནན་མོ་བྱས་མེད་པ་དག་རང་འདོད་ཀྱིས་བཤས་པ་དང་འབྱུང་རྐྱེན་མི་ཤེས་པའི་ཤ་རིགས་ཐོན་རྫས་ཁྲོམ་ར་དང་ཟས་ཅོག་སྟེང་འགྲེམས་པ་གཏན་འགོག་ནན་མོ་བྱས། དེ་མིན་ཁ་འཐོར་ཟས་རིགས་ཀྱི་བདེན་དཔང་འཛིན་བྱང་དང་ཟས་རིགས་ཀྱི་འགོ་ཁུངས། འགོག་ཟོན་སྒྲིག་ཆས་ཀྱི་སྒྲིག་སྲོལ་བེད་སྤྱོད་གནས་ཚུལ། ཁ་ཐོར་རང་བཞིན་གྱིས་ཐུམ་སྒྲིལ་བྱས་པའི་ཟས་རིགས་ཀྱི་ཚད་གཞིའི་བེད་སྤྱོད་གནས་ཚུལ་སོགས་ལ་ལྟ་ཞིབ་ནན་མོ་བྱས། དེ་དང་ཆབས་ཅིག་ཡིད་རྟོན་སྡེབ་འཚོང་་ཁྲོམ་རའི་ཞིང་སྨན་ལྷག་རོའི་ལྟ་ཞིབ་ཚད་ལེན་བྱ་བར་ཞིབ་བཤེར་ནན་མོ་བྱས་ཏེ། ཚད་ལྡན་ཐོན་རྫས་ཁྲོམ་ར་ལ་ཞུགས་རྒྱུར་འགན་སྲུང་ཁག་ཐེག་དང་ཚད་ལྡན་མིན་པའི་ཐོན་རྫས་དག་ཕྱིར་འཚོང་གཏན་འགོག་བྱས་ཏེ། སྡོད་དམངས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་སྒོས་ཁྲོམ་རའི་བདག་དོམ་ལ་ལྟ་སྐུལ་ནན་མོ་བྱས་ཏེ་འགན་འཁྲི་དངོས་འབེབས་ཀྱིས་ཟས་རིགས་བདེ་འཇགས་ཀྱི་འགག་སྒོ་དང་པོ་དེ་དམ་སྲུང་ནན་མོ་བྱས་ཡོད།

ཐེངས་འདིའི་ཞིབ་བཤེར་གྱིས་སྒོ་ཕྱུགས་རིགས་ཀྱི་ཤ་དང་ཐོན་རྫས་ལས་སྣོན་བྱེད་པའི་ཚོང་བ་ཁྱིམ་ཚང37ལ་ཞིབ་བཤེར་བྱས་པ་དང་། རིགས་མི་འདྲ་བའི་ཟས་རིགས་ཚོང་གཉེར་ཁྱིམ་ཚང35ལ་ཞིབ་བཤེར་སྒོས་ཁྲིམས་འཛིན་མི་སྣ32སྐུལ་སློང་བྱས་ཡོད། ཞིབ་བཤེར་ཁྲོད་ཟས་རིགས་ཐར་ཐོར་སྒྲིག་འཇུག་བྱས་པའི་ཚོང་གཉེར་ཁང་གི་ཟས་རིགས་གསོག་ཉར་ཆ་རྐྱེན་དང་འགོག་ཟོན་གསུམ་གྱི་སྒྲིག་ཆས་ཚད་ལྡན་མིན་པའི་གནད་དོན་ཅན་གྱི་ཟས་རིགས་ཚོང་གཉེར་ཁང12ལ་འགན་འཁྲི་བཅོས་སྒྱུར་བྱེད་པའི་བརྡ་སྦྱོར་ཡི་གེ་མི་འདྲ་བ5བཀྲམ་ནས་དུས་བཅད་ལྟར་ཡོ་བསྲང་བྱེད་དུ་བཅུག ཚོང་གཉེར་མཁན་སྐོར་ཞིག་གིས་རང་སྟེང་ནས་ཚད་ལྡན་མིན་པའི་གློག་རྡུལ་ཡོ་བྱད་བེད་སྤྱོད་བྱེད་པའི་གནད་དོན་ལ་ཡུལ་དངོས་ལས་རྩད་གཅོད་རྩིས་ལེན་བྱས་པས། ཚད་ལྡན་མིན་པའི་གློག་རྡུལ་རྒྱ་མ3རྩིས་ལེན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།