མཚོ་སྔོན་གནམ་ཐང་ཀུང་ཟིས་ནུས་ཤུགས་གང་ཡོད་སྒོས་ངོ་གྲོས་ཚོང་འདུས་སྐབས་ཀྱི་རིམས་ནད་འགོག་ཟོན་བྱ་བ་ལེགས་པོར་བསྒྲུབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས18ཉིན། གསར་འགོད་པས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ངོ་གྲོས་ཚོང་འདུས་སྐབས་སུ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་ཟིས“བསམ་བློ་མི་ལྷོད་པ་དང་ཚད་གཞི་མི་དམའ་པ། ནུས་ཤུགས་ཇེ་ཉུང་དུ་མི་གཏོང་བ”བཅས་ཀྱི་འགོག་ཟོན་ཚད་གཞི་ལྟར། གཟབ་ནན་སྒོས་ལུས་དྲོད་ཚད་ལྡན+བདེ་ཐང་ལྷད་མེད་བཤེར་ཨང+Nགྱི་ཚད་གཞི་བཏང་ནས། ནུས་ཤུགས་གང་ཡོད་སྒོས་མཁའ་འགྲུལ་སྐྱེལ་འདྲེན་གྱི་འགན་སྲུང་བྱ་བ་ལེགས་པོ་སྒྲུབ།

ཕྱི་ཕྱོགས་ནས་འོངས་པའི་ཡུལ་སྐོར་འགྲུལ་བར་ཁ་གཏད་ནས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་ཟིས་ཞིང་ཆེན་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་ཕྱི་འབྲེལ་ཚན་ཆུང་གིས་མངའ་ཁོངས་སུ་འཛུལ་བའི་ཡུལ་སྐོར་འགྲུལ་བའི་མིང་ཐོ་ལ་ཞིབ་བཤེར་ནན་མོ་བྱས་ཏེ། བརྡ་འཕྲིན་གནས་ཚུལ་ཞིབ་བཤེར་བྱས་རྗེས་ཡུལ་སྐོར་འགྲུལ་བ་དག་གནམ་གྲུ་ལས་བབས་མ་ཐག་འཁོར་སྒྲོམ་གྱི་སྒོ་ཆེན་ཁ་རུ་ལུས་པོར་དྲོད་ཚད་ལ་ཞིབ་བཤེར་དང་ལེན་གྱིས་ཞིབ་བཤེར་གནད་དོན་མེད་པ་བདེན་དཔང་བྱས། ཉིན7གྱི་རིང་ལ་ཉིང་སྐྱུར་ཞིབ་བཤེར་བདེན་དཔང་དང་བདེ་ཐང་སླད་མེད་བཤེར་ཨང་སོགས་ལ་རྩད་གཅོད་སྒོས་ཚད་ལྡན་ཅན་གྱི་ཡུལ་སྐོར་པ་དག་འགྲོ་འཇུག་བྱེད་དུ་འཇུག་པ་དང་། རྩད་གཅོད་ཁྲོད་རིམ་པ1ཡན་གྱི་ཚད་གཞི་དང་མི་མཐུན་པའི་ཡུལ་སྐོར་པ་དག་ཟི་ལིང་གྲོང་ཁྱེར་གྱི་གནམ་ཐང་གནས་སྡོད་བྱ་བའི་ཆེད་དོན་ལས་རེས་ཁང་དུ་བསྐྱལ་པ་རེད།

ཕྱི་ཕྱོགས་ནལ་འགྲོ་བའི་ཡུལ་སྐོར་པ་དག་ལ་ཁ་གཏད་དེ། མཁའ་སྐྱོད་འབབ་ཚིགས་ཐོག་ཁང་གི་རིགས་སོ་སོའི་སྒོར་འཛུལ་ས་རུ་བདེ་ཐང་བཤེར་ཨང་ཞིབ་བཤེར་སོ་བ་བཙུགས་པ་དང་ཕྱི་ཕྱོགས་ལ་འགྲོ་བའི་ཡུལ་སྐོར་མི་སྣ་དག་གི་འགྲོ་སྐྱོད་ལ་ལུས་པོའི་དྲོད་གྲང་ཞིབ་བཤེར་བྱས་རྗེས། ལུས་པོའི་དྲོད་གྲང་རྒྱུན་ལྡན་ཡིན་ན་ད་བཟོད་གནམ་ཐང་འབབ་ཚིགས་ཀྱི་ཐོག་སོ་ལས་ཕྱིར་འབུད་བྱས་ཆོག ལུས་པོའི་དྲོད་གྲང་རྒྱུན་ལྡན་མིན་པའི་མི་སྣ་དག་སྨན་བཅོས་མི་སྣ་ལ་སྤྲད་དེ་གནམ་ཐང་གི་གནས་སྡོད་བྱ་བའི་ཆེད་དོན་ལས་རེས་ཁང་དུ་བསྐྱལ་དགོས།

དེ་དང་ཆབས་ཅིག མཚོ་སྔོན་གནམ་ཐང་ཀུང་ཟིས་ད་རུང་རང་འགུལ་རིན་ཐང་འཕྲུལ་ཆས་དང་སྐུད་ལམ་རིན་ཐང་འགྲོ་ལུགས་སྒྲུབ་པ། རང་འགུལ་རྡོག་ཁྲེས་འགྲུལ་འགྲིམ་སྐྱེལ་འདྲེན། མིའི་ངོ་གདོང་ངོས་འཛིན་ཞིབ་བཤེར། བདེན་དཔང་གཅིག་གིས་འགྲོ་སྐྱོད་སོགས་ཀྱི་སྟབས་བདེའི་འགྲོ་སྐྱོད་སྒྲིག་ཆས་བེད་སྤྱོད་སོགས་ཁ་སྣོན་བྱས་ཏེ། ཞབས་ཞུའི་འགན་སྲུང་ནང་དོན་ཞིབ་ཚགས་ཅན་དང་ཞབས་ཞུའི་འགན་སྲུང་བྱ་བ་བདེ་བླག་གིས་སྒྲུབ་པར་འགན་སྲུང་ནན་མོ་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།