མཚོ་ནུབ་ཁུལ་གྱིས་ས་འགུལ་གནོད་འཚེ་འཕྲལ་བསྟུན་མྱུར་སྐྱོབ་དངོས་འཐབ་སྦྱོང་བརྡར་བྱེད་སྒོ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས15ཉིན་ནས་ཚེས16ཉིན་བར། དངོས་འཐབ་མྱུར་སྐྱོབ་ཡུལ་དངོས་ཀྱི་རེ་འདུན་གཞིར་བཟུང་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས2020ལོའི་པའོ་ཧའེ་ཡི་འགན་འཁྲི་ཞེས་པའི་ས་འགུལ་གནོད་འཚེ་འཕྲལ་བསྟུན་མྱུར་སྐྱོབ་དངོས་འཐབ་སྦྱོང་བརྡར་བྱེད་སྒོ་སྤེལ་པའི་སྒོ་གླེགས་ཕྱེས།

ཐེངས་འདིའི་གནོད་སེལ་སྦྱོང་བརྡར་དེ་ཟླ7ཚེས16ཉིན་གྱི་དུས་ཚོད8དང་སྐར་མ30 སྐར་ཆ01གི་སྟེང་གཏན་ཁེལ་བྱས་ཡོད་པས། གཏེར་ལེན་ཁ་གྲོང་ཁྱེར་དུ་ལེ་ཧྲི7.0རིམ་པའི་ས་འགུལ་བྱུང་པ་དང་། ས་འགུལ་ལྟེ་བ་ནི་གཏེར་ལེན་ཁ་གྲོང་ཁྱེར་ཁུ་ནུ་ཚྭ་ལས་ཚད་ཡོད་ཀུང་ཟི་རུ་ཡོད་ལ། ས་འགུལ་ཁྱབ་ཁོངས་སྤྱི་ལེ15ཡིན་པས། ས་འགུལ་གྱིས་བཟོ་སྐྲུན་ཁང་བ་བརྡིབས་པ་དང་མི་འབོར་ཆེན་ཞིག་ས་འོག་ཏུ་མནན། ས་འགུལ་ཁྲོད་ཀྱི་འགྲིམ་འགྲུལ་བགྲོད་ལམ་མང་པོ་ཞིག་ཀྱང་ཆད་འདུག

གནོད་འཚེའི་གནས་ཚུལ་བྱུང་རྗེས། མཚོ་ནུབ་མེ་གསོད་ཡན་ལག་རུ་ཁག་གིས་མགྱོགས་མྱུར་སྒོས་ཡན་ལག་རུ་ཁག་རིམ་པའི་མཚོ་ནུབ་ཁུལ་གྱི་གནོད་འཚེའི་དོན་རྐྱེན་འཕྲད་བསྟུན་མྱུར་སྐྱོབ་སྔོན་དཔག་གྱོད་གཞི་དུས་ལྟར་གསར་འཛུགས་བྱས་ཤིང་། ས་འགུལ་གནོད་འཚེ་ཡི་འཕྲད་བསྟུན་མྱུར་སྐྱོབ་བཀོད་འདོམས་པུའུ་ཡིས་ས་འགུལ་ཚབས་ཆེན་གྱི་མྱུར་སྐྱོབ་ཡན་ལག་རུ་ཁག1དང་ས་འགུལ་ཡངས་མོའི་རིགས་ཀྱི་མྱུར་སྐྱོབ་ཡན་ལག་རུ་ཁག4 བརྡ་འཕྲིན་འགན་སྲུང་ཡན་ལག་རུ་ཁག འཐབ་ཇུས་མཁོ་འདོན་འགན་སྲུང་ཡན་ལག་རུ་ཁག་བཅས་མངགས། དེར་མ་ཟད་ཐེམ་ཆེན་རྫོང་དང་དབུས་ལམ། གཏེར་ལམ། ཚྭ་འདམ་ཆེ་བ་བཅས་ཀྱི་ས་འགུལ་ཡང་མོའི་མྱུར་སྐྱོབ་ཡན་ལག་རུ་ཁག4ཡི་བཀོད་འདོམས་ཡན་ལག་མི་སྣ133གཏན་ཁེལ་ས་གནས་ལ་མངགས། དེ་ཡང་མྱུར་སྐྱོབ་ཡུལ་དངོས་ལ་སྤྱི་ལེ5ཡོད་པའི་བགྲོད་ལམ་ལ་གནོད་སྐྱོན་བཟོས་པས་ས་འགུལ་མངའ་ཁོངས་སུ་སླེབས་ཐབས་བྲལ། ཡན་ལག་རུ་ཁག་གི་བཀོད་འདོམས་དམག་དཔུང་དང་ཡན་ལག་རུ་ཁག་སོ་སོས་སྒྲིག་ཆས་དངོས་ཟོང་བསྡུ་སྒྲིལ་གྱིས་དུས་ཚོད72ལྷག་ལ་རྒྱབ་ཁུག་ཁུར་ནས་སོང་། རྒྱུ་ཆ་སྐྱེལ་འདྲེན་བྱེད་པའི་འདེད་འཁོར་བེད་སྤྱོད་ཀྱིས་ས་འགུལ་གནོད་འཚེ་ཐེབས་སའི་ས་ཁུལ་དུ་གོམ་བགྲོད་བྱས། གྲ་སྒྲིག་རྒྱུ་ཆ་རིགས་མི་འདྲ་བ7429ལྷག་གནད་འཁེལ་འཐབ་ཁུལ་དུ་བསྐྱལ་ནས་མྱུར་སྐྱོབ་ཡུལ་དངོས་ལ་ཡོངས་ཁྱབ་རང་བཞིན་གྱི་འགན་སྲུང་མཁོ་འདོན་བྱས་ཡོད།

མཚོ་ནུབ་ཁུལ་གྱི་མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག་གི་ཡན་ལག་རུ་གཙོ་གཞོན་པ་ཧི་ཅིན་ཁྲིན་གྱིས་ངོ་སྤྲོད་བྱེད་རྒྱུར། ཐེངས་འདིའི་སྦྱོང་བརྡར་གྱིས་བཀོད་སྒྲིག་བྱས་པའི་བསླབ་ཚན་དང་ནང་དོན་དེ་སྔར་ལས་དོན་དངོས་དང་བར་ཐག་ཉེ་ཞིང་དཀའ་ཁག་སྔར་ལས་ཆེ། ཆེས་ཐོག་མར་སྔོན་དཔག་གི་སྦྱོང་བརྡར་ཕན་འབྲས་ལ་སླེབས་ཡོད། དེ་དང་ཆབས་ཅིག་ཐེངས་འདིའི་སྦྱོང་བརྡར་ལ་ཁ་གཏད་ནས་གོམ་གང་མདུན་སྤོས་སྒོས་མེ་གསོད་ཡན་ལག་རུ་ཁག་ལ་ཞིབ་བཤེར་ནན་མོ་བྱས་ནས་དུས་དང་སྐབས་རེ་རེ་ལས་འབུར་དུ་ཐོན་པ་དང་རྒྱལ་ཁ་ལེན་ཐུབ་པར་བྱས། སྦྱོང་བརྡར་ནན་མོ་ལ་ཤུགས་སྣོན་སྒོས་རིམ་པ་སོ་སོའི་ལས་ཁུངས་ཀྱི་འཕྲད་བསྟུན་མྱུར་སྐྱོབ་འདུ་ཤེས་ཇེ་དྲག་དུ་བཏང་ནས། མཚོ་ནུབ་ཁུལ་གྱི་ས་འགུལ་གནོད་འཚེ་འཕྲད་བསྟུན་མྱུར་སྐྱོབ་ཀྱི་མཉམ་འབྲེལ་དངོས་འཐབ་ནུས་པ་མཐོར་འདེགས་ཀྱིས་འཕྲད་བསྟུན་མྱུར་སྐྱོབ་ཡན་ལག་རུ་ཁག་གིས་མགྱོགས་མྱུར་སྒོས་གཅིག་གྱུར་ནུས་པ་འདོན་སྤེལ་བྱས་ནས། དངོས་འཐབ་སྦྱོང་བརྡར་བསམ་གཞིག་རྒྱ་སྐྱེད་ནས་འཕྲད་བསྟུན་ས་འགུལ་གནོད་འཚེ་མྱུར་སྐྱོབ་ཆུ་ཚད་མཐོར་འདེགས་སུ་བཏང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།