རང་ཞིང་གི་དམངས་གཉེར་མཁའ་འགྲུལ་སྐྱེལ་འདྲེན་ཐོན་སྐྱེད་སླར་གསོའི་ཚད་གཞི་དེ་བརྒྱ་ཆའི་དགུ་བཅུར་སླེབས་ལ་ཉེ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཡུལ་སྐོར་གྱི་དུས་ཚིགས་སླེབས་ལ་ཉེ་བ་དང་བསྟུན་ནས། རང་ཞིང་གི་དམངས་གཉེར་མཁའ་འགྲུལ་སྐྱེལ་འདྲེན་ཐོན་སྐྱེད་དེ་ཡང་མགྱོགས་མྱུར་སྒོས་སླར་གསོ་བྱེད་པའི་དུས་རིམ་ནས་ཐོན་སྐྱེད་དམིགས་འབེན་གྱི་དུས་རིམ་ལ་སླེབས་ཡོད། ཟླ7ཚེས18ཉིན་གཅིག་པུར་ཡུལ་སྐོར་པའི་ཁ་གྲངས་ཁྲི3ལས་བརྒལ་ཅིང་ཚེས19ཉིན། མཁའ་འགྲུལ་འཕུར་སྐྱོད་ཁ་གྲངས་ཐེངས260ལ་སླེབས་པས། ཟླ་འདིའི་མཁའ་འགྲུལ་ཁ་གྲངས་དང་ཡུལ་སྐོར་བའི་ཁ་གྲངས་སླར་གསོ་དེ་ན་ནིང་གི་དུས་སྐབས་འདིའི་བརྒྱ་ཆའི་དགུ་བཅུ་ལ་སླེབས་པ་དང་། དངོས་ཟོང་སྐྱེལ་འདྲེན་ཁ་གྲངས་དེ་ལོ་སྔོན་མ་ལས18%འཕར་ཡོད།

གཟའ་འཁོར་སྔོན་མའི་ནང་། རང་ཞིང་གི་དམངས་གཉེར་མཁའ་འགྲུལ་གྱི་ཉིན་རེའི་ཆ་སྙོམས་ཁ་གྲངས་251ཡིན་ལ། ཉིན་རེའི་ཡུལ་སྐོར་འགྲུལ་པའི་ཁ་གྲངས་མི་ཐེངས་ཁྲི2.9ལ་སླེབས་ཡོད་པས། ན་ནིང་གི་ཟླ7པའི་གཟའ་འཁོར་དང་པོའི་ཆུ་ཚད་ཀྱི་ཚད་གཞི་ལ་སླར་གསོ་བྱུང་ཡོད། རྒྱུ་བགྲོད་རང་བཞིན་དེ་ན་ནིང་གི་དུས་སྐབས་དེའི་ཆུ་ཚད་ལ་སླེབས་ཡོད་པ་དང་བརྟན་འཇགས་ཚོང་གཉེར་གྱི་འགྲུལ་སྐྱེལ་མཁའ་འགྲུལ་ཀུང་ཟི21ཡོད། ལོ་སྔོན་མ་དང་སྡུར་ན་མཁའ་འགྲུལ་ཀུང་ཟི2ཁ་སྣོན་བྱུང་ཡོད་པ་དང་མཁའ་འགྲུལ་གནས་ཡུལ67ཐོལ་བརྒལ་གྱིས་ན་ནིང་གི་དུས་ཚོད་འདི་དང་སྡུར་ན་གནས་ཡུལ2ཁ་སྣོན་བྱས་ཡོད། ཧྲང་ཧའེ་དང་ཀོང་ཀྲུའུ། ཧྲུན་ཀྲུའུ། ཁྲིན་ཏུའུ། ཡུལ་ཤུལ་སོགས་མཁའ་འགྲུལ་གནས་ཡུལ15ཡི་མཁའ་འགྲུལ་ཁ་གྲངས་དེ་ན་ནིང་ལས་བརྒལ་ཡོད།

གྲོང་ཁྱེར་གཙོ་བོའི་འགྲུལ་བའི་འཁོར་རྒྱུགས་དེ་མངོན་གསལ་གྱིས་འཕར་ཡོད་ལ། ཉེ་ལམ་ཟི་ལིང་གནམ་ཐང་གི་ཆ་སྙོམས་འགྲུལ་བའི་འདུག་སྟེགས་དེ74%ལ་སླེབས་ཡོད། ཧྲང་ཧའེདང་ཞི་ཨན། ཀྲིན་ཀྲུའུ། ནན་ཅིན། ལྷ་ས། ཁྲུང་ཆིན་སོགས་མཁའ་འགྲུལ་གནས་ཡུལ25ཡི་འགྲུལ་བའི་འདུག་སྟེགས་ཀྱི་ཁ་གྲངས་དེ་ཆ་སྙོམས་བྱས་ན80%ལས་བརྒལ་ཡོད། མཁའ་འགྲུལ་གནས་ཡུལ18གྱི་འགྲུལ་བའི་འདུག་སྟེགས་ཀྱི་ཁ་གྲངས་དེ་ལོ་སྔོན་མ་ལས་བརྒལ་ཡོད།

ཟུར་གཏོགས་གནམ་ཐང་གི་ཡོངས་ཁྱབ་མཁའ་འགྲུལ་ཁ་གྲངས་དང་ཡུལ་སྐོར་པའི་ཁ་གྲངས་དེ་གྲངས་གནས་གཉིས་ལ་འཕར་སྣོན་བྱུང་བ་དང་དངོས་ཟོག་སྐྱེལ་འདྲེན་ཁ་གྲངས་དེ100%ལ་སླེབས་ཡོད། དེའི་ཁྲོད་ན་གོར་མོ་དང་ཡུལ་ཤུལ། ཧྭ་ཐུའུ་གྲོག་རོང་བཅས་ཀྱི་གནམ་ཐང་གི་ཟླ་རེའི་མཁའ་འགྲུལ་ཁ་གྲངས་དང་ཡུལ་སྐོར་འགྲུལ་བའི་ཁ་གྲངས་དེ་རྒྱུན་འཁྱོངས་སྒོས་འཕར་སྣོན་བྱུང་ཡོད། ཐད་འཕུར་གནམ་ཐང་གི་ཡོངས་ཁྱབ་འགྲུལ་བའི་འདུག་སྟེགས་ཁ་གྲངས་ཀྱི་ཆུ་ཚད་དེ70%ལ་མཐོར་འདེགས་བྱུང་ཡོད། མཚོ་ནུབ་ན་གོར་མོ་དང་གཏེར་ལེན་ཁ། ཧྭ་ཐུའུ་གྲོག་རོང་གསུམ་གྱི་གནམ་ཐང་གནམ་གྲུའི་འགྲུལ་བའི་འདུག་སྟེགས་ཀྱི་ཁ་གྲངས་དེ་ན་ནིང་ལས་བརྒལ་ཡོད།

དབྱར་ཁའི་སྐྱེལ་འདྲེན་ལས་སྣོན་དེ་ལག་བསྟར་དངོས་འབེབས་བྱེད་པ་དང་བསྟུན་ནས། མཁའ་སྐྱོད་སྟུག་ཚད་དེ་ཡང་སྔར་ལས་མཐོར་འདེགས་བྱུང་ལ། སྔོན་དཔག་ལྟར་ན་འགྲུལ་བའི་འཁོར་སྐྱོར་ཁ་གྲངས་དེ་མུ་མཐུད་དུ་ཇེ་མང་ལ་སོང་ནས། མཐོ་རླབས་ཁ་གྲངས་དེ་སྔོན་དཔག་ལྟར་ན་ན་ནིང་གི་ཆུ་ཚད་ལས་བརྒལ་སྲིད། ཟླ8པའི་མཁའ་སྐྱོད་ཁ་གྲངས་དང་ཡུལ་སྐོར་འགྲུལ་བའི་ཁ་གྲངས་དེ་ན་ནིང་གི་ཆུ་ཚད་བར་ལ་སླར་གསོ་བྱེད་ཐུབ་རྒྱུར་རེ་ལྟོས་ཆེན་པོ་བཅངས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།