གྲུབ་འབྲས་ནི་སྒུག་ནས་ཐོབ་པ་ཞིག་མིན།


ཁྲེན་ཆི། 

དུས་ནམ་ཞིག་ནས་མགོ་བརྩམས་ པ་མ་ཤེས་པར་ཧུར་བརྩོན་རང་འགུལ་ དང་། རང་ཚུགས་རང་བདག རྒྱུན་ འཁྱོངས་ལྷོད་མེད་བཅས་ཀྱི་སྒོ་ནས་ བསམ་ཐོག་ལ་འབབ་པའི་གྲུབ་འབྲས་ བརྩོན་ལེན་བྱེད་པ་དེ་དཀའ་གནད་དམ་ ཡང་ན་ངོ་མཚར་ཆེ་བའི་བྱ་བ་ཞིག་ཏུ་གྱུར་ ཡོད། དོན་དག་ལ་ཐུག་དུས་དུས་ཚོད་ དམ་འཛིན་གྱིས་བསྒྲུབ་རྒྱུ་མིན་པར། ནམ་ ཡིན་ཡང“དུས་འགྱངས”དང“་ ཕྱིར་ འ གྱ ང ས ”།“ བྲེ ལ ་ བ ་ ལ ང ས ་ མི ་ དགོས”ལྟ་བུར་བསམ་གྱིན་ཡོད་པ་དེ་ ལས་བྱེད་པ་ཁ་ཤས་ཀྱི་ཁ་རྒྱུན་དུ་གྱུར་ཡོད་ པ་འདྲ། མི་ཁ་ཤས་ཀྱིས་ད་དུང“བཏང་ སྙོམས”ཀྱི་སེམས་ཁམས་དེ་མཚན་ཉིད་ རིག་པའི་སྤྱོད་པ་ཞིག་ཏུ་བརྩི་བཞིན་ཡོད་ ཅིང་། དེ་ནི“གཉིད་སྨན”ཞིག་དང་འདྲ་ བར། བཤད་སླ་ཞིང་ཉན་དུས་རྣར་སྙན་ པས།“ཁྱེད་ཀྱིས་སྒུག་དང་། ང་ལ་བརྟེན་ པ། ཁོ་ལ་ཡང་གྲག་འགུལ་མེད་པ”བཅས་ ཀྱི་རྣམ་འགྱུར་བྱུང་བ་རེད། སྤྱོད་སྟངས་ དེ་རིགས་ཀྱིས་དོན་དངོས་སུ་དོན་འཁྱོལ་ མི་བྱེད་པ་དང་སྟོང་དོན་གཉེར་བ། ཚུལ་ མིན་སྤྱོད་ཚུལ་བྱུང་བར་རམ་འདེགས་ བྱས་ཤིང་། མཐར་དུས་ཚོད་རྫོགས་ནས་ གོ་སྐབས་ཤོར་བ་དང་། མང་ཚོགས་བློ་ ཡིད་མི་ཚིམས་པའི“གྲུབ་འབྲས”ཤིག་ ཐོབ་པ་རེད། ཁུངས་མེད་གྲུབ་མཐའི་ཟློས་གར 《ཀོ་ཏུའོ་ལ་སྒུག་པ》ཞེས་པའི་ནང་སྟོང་ ལྷང་ལྷང་དུ་གྱུར་བའི“རེ་སྒུག”གི་རྣམ་པ་ ཞིག་བྲིས་ཡོད། དོན་ལ་ཀོ་ཏུའོ་ནི་སུ་ཡིན་ པ་དང་། ཁོ་ལ་སྒུག་དགོས་དོན་ཅི་ཡིན་པ་ སུས་ཀྱང་གསལ་བོར་ཤེས་ཀྱིན་མེད། དུས་ རྒྱུན་གྱི་བྱ་བའི་ཁྲོད་དུ“ཀོ་ཏུའོ་སྒུག་ པའི་”སྣང་ཚུལ་མི་ཉུང་བ་ཞིག་ཡོད། མི་ ལ་ལས“མ་ལས་ན་མི་ནོར་བ་དང་། ཉུང་ ངུ་ལས་ན་ནོར་འཁྲུལ་ཉུང་ཙམ”དང་།


ལས་ཀའི་ཁྲོད་བརྩོན་སེམས་མི་ལྡན་པ། “ཞི་བའི་དཔོན་པོ”ཞིག་བྱེད་པར་མོས་ པ། ལས་ཀ་བྱེད་དུས“ནོར་འཁྲུལ་ མེད”པ་བྱས་རྗེས་སུ་བརྩི་བ། ག་དུས་ ཡིན་ཡང་གོང་རིམ་གྱིས་ཚད་གཞིའི་ལས་ རིམ་ཚང་མ་ཡོངས་བསྒྲགས་དང་། མི་ གཞན་གྱིས་ལས་མགོ་བརྩམས་རྗེས་ད་ གཟོད་ལད་ཟློས་བྱེད་ཀྱིན་ཡོད། ལྷག་ པར་དུ་འབྲེལ་ཡོད་ཁྱབ་ཁོངས་ཆེ་བ་དང་། འབྲེལ་ཡོད་མི་སྣ་མང་ཞིང་རྙོག་འཛིང་ཆེ་ བའི་ལས་དོན་ཁ་ཤས་ལ་ཐུག་དུས། སྔ་ བལྟས་ཕྱི་བསམ་དང་སོམ་ཉི་བྱས་ནས་ ཐག་མི་ཆོད་པ་དང་། ཐབས་ཇུས་འཐེན་ མི་འདོད་པ། ཐབས་ཇུས་འཐེན་མི་ཕོད་ པ་ཞིག་ཏུ་ཆགས་ཡོད། མི་ལ་ལས་ལས་ ཀར་སྐུལ་འདེད་གཏོང་སྐབས“འཁྲབ་ ཁྲིད་པ”ཁོ་ན་བྱེད་བསམ་པ་ལས།“མི་ སྣ་གཙོ་བོ”བྱེད་མི་འདོད་པར། དོན་ དག་ཆེ་མ་ཆུང་གསུམ་ཚང་མ་གཞི་རིམ་ གྱི་ལས་བྱེད་མི་སྣར་སྤྲད་དེ། གཞི་རིམ་གྱི་ ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་ཀ་ བསྒྲུབས་ཚར་རྗེས་ཉམས་མྱོང་ཕྱོགས་ སྡོམ་དང་གོང་རིམ་ལ་སྙན་སེང་ཞུ་ཐབས་ བྱེད་ཀྱིན་ཡོད། མི་ལ་ལས“གྲ་སྒྲིག”དང “སྐུལ་སློང”གིས་དུས་ཚོད་དམ་འཛིན་ བྱས་ནས་ཚོགས་འདུ་འཚོག་པ་དང་།

ཡིག་ཆ་བཀྲམ་ནས་དྲིལ་བསྒྲགས་བྱེད་པ་ སོགས་ཀྱི་རྣམ་པ་ཙམ་དུ་གྱུར་རྗེས་མཇུག་ འབྲས་མེད་པར་ལས་ཀའི་རྒྱུན་སྐྱོང་གིན་ ཡོད་པ་མ་ཟད། ཐ་མར་བཤད་པ་དག་ བསྒྲུབས་ཟིན་པར་བརྩི་བ་དང་། འཆར་ གཞི་འཐེན་ཟིན་པ་དག་གྲུབ་ཟིན་པར་ བརྩིས་ཏེ། སྙན་ཞུ་ཡི་གེ་གྲུབ་འབྲས་ཀྱི་ དོད་དུ་བརྩིས་ཏེ་བྱ་བ་སྒྲུབ་ཀྱིན་ཡོད། གནད་དོན་འདི་རིགས་ཀྱིས་ལས་བྱེད་ པའི་བསམ་བློར“སྒུག་པ་དང་། གཞན་ བརྟེན། སློང་བ་གསུམ”གྱི་ས་བོན་ཡོད་ པ་དང་། བྱ་སྤྱོད་ཀྱི་ཁྲོད་དུ“འདེད་པ། སྐོར་བ། འདྲུད་པ། ”སོགས་ཀྱི་བྱེད་ སྟངས་ཡོད་པ་མཚོན། གལ་ཏེ་མི་འདིའི་ རིགས་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་ ཕྱོགས་ནས་ཁེ་བཟང་རག་པར་བྱས་ཚེ། “དངུལ་ལོར་སྤུས་ཞན་གྱིས་དངུལ་ལོར་ བཟང་པོ་མཐར་སྐྲོད་གཏོང་བའི”སྲོལ་ ངན་སྐྱེ་འཕེལ་བྱེད་པ་དང་། དཔུང་ཁག་ སྟོང་ཕྲག་ལོག་ལམ་དུ་འཁྲིད་པ། ཏང་དང་རྒྱལ་ཁབ་ཀྱི་སྲོལ་བཟང་ལ་རྐྱེན་ངན་ ཐེབས་པ། ཆབ་སྲིད་ཀྱི་སྐྱེ་ཁམས་ཁོར་ཡུག་ ལ་གཏོར་བརླག་གཏོང་བ་མ་ཟད། ད་དུང་ ལས་ཁུངས་དེ་དང་ས་ཁུལ་དེ་གའི་ཁྱོན་ ཡོངས་ཀྱི་ལས་དོན་གོང་དུ་སྤེལ་བར་ཐད་ ཀར་ཤུགས་རྐྱེན་ཐེབས་སྲིད་པ་དང་། རྒྱལ་ ཁབ་ཀྱི་ཁེ་ཕན་དང་མི་དམངས་ལ་ཕན་ པའི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱེད་ པར་འགོར་འགྱངས་གཏོང་བ། བསྒྱུར་ བཅོས་དང་གོང་སྤེལ་གྱི་བྱ་གཞག་ཆེན་པོ་ ལྷོད་གཡེང་དུ་གཏོང་བ་བཅས་བྱེད་ཀྱིན་ ཡོད། མི་ཚེ་གཅིག་གི་རིང་ལ་ཉིན་གཅིག་ འཚོ་བར་གྱུར་ན་ཉིན་གཅིག་ཀྱང་དོན་ལྡན་ དུ་བྱ།“གྲུབ་འབྲས”མང་ཙམ་ལེན་པ་ དང།“གྲུབ་འབྲས”ངང་གིས་འཐོབ་པར་ མི་སྒུག་པ་དང་ཕྱིར་འགྱངས་ཉུང་དུ་གཏོང་ བ་ལས་སྤྲོ་སྣང་ཡར་བརྩོན་གྱི་དགེ་མཚན་ ལྡན་པའི་རྣམ་འགྱུར་དང་རང་སྟོབས་རང་ སྤེལ་གྱི་འབད་འཐབ་སྙིང་སྟོབས་མཚོན་པ་ དང་། གསར་གཏོད་ཕོད་པའི་ནུས་པ་དང་ དངོས་སྒྲུབ་དམངས་ཕན་གྱི་འགན་འཁྲི་ འཁུར་སེམས་མཚོན་གྱིན་ཡོད། གྲུབ་འབྲས་ ནི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་དང་ གསར་གཏོད་ཀྱི་རང་བཞིན་ལྡན་པའི་ངལ་ རྩོལ་བྱས་ནས་ཐོབ་པ་ཞིག་ཡིན་པ་ལས། ལག་པ་ཟུར་ནས་ལྟ་བ་དང་། བྱས་རྗེས་ དངོས་སུ་འཇོག་པ། བྱ་བ་རྫུན་མ་བསྒྲུབ་པ་ སོགས་ལས་བྱུང་བ་ཞིག་མིན།“ལྷམ་གོག་ གྱོན་ནས་ལམ་རྙིང་པར་འགྲོ་བ”ཡོད་མེད་ དང་། དམིགས་ཚད་རེ་རེ་བཞིན་འདོན་པ། གྲུབ་འབྲས་རེ་རེ་བཞིན་ཚགས་སུ་ཆུད་པར་ བྱེད་པ།“མཁས་པ”དང“ཨར་ལས་རུ་ ཁག་གི་རུ་དཔོན”ཡག་པོར་བྱེད་པ་དང་།

“སྣེ་ཁྲིད་ཀྱི་ནུས་པ་འདོན་པ”བཅས་ཧུར་ ཐག་བྱས་ཚེ་གཞི་ནས་གཅིག་གིས་བརྒྱ་འདུ་ བར་བྱེད་པ་དང་། ཐེངས་གཅིག་གིས་ལན་ བརྒྱའི་ནུས་པ་ཐོན་ཏེ། རྒྱ་ཆེའི་ཏང་ཡོན་ དང་མང་ཚོགས་ཚོས་སེམས་ཤུགས་གཅིག་ སྒྲིལ་ངང་འབད་འཐབ་བྱེད་པའི་སྤྲོ་ སེམས་ཤིག་འཕེལ་ཐུབ་པས། དེ་ནི་འཇོན་ ཐང་ཁྱད་དུ་འཕགས་པའི་དཔང་རྟགས་ ཤིག་ཡིན་པ་མ་ཟད། ལྷག་པར་ཡང་མི་ ཚེའི་གཅིག་ལ་ཐོབ་དཀའ་བའི་ཉམས་ ཤིག་ཡིན།

འབུམ་མཚོ་སྐྱིད་ཀྱིས་བསྒྱུར།