དབྱིན་ཇི་རྒྱལ་ཁབ་ཀྱིས་བྱེད་ཐབས་གསར་པ་ཁྱབ་བསྒྲགས་བྱས་ནས་སློབ་མར་འཛམ་གླིང་རྩེར་སོན་གྱི་སློབ་གསོ་ཐོབ་པར་ཁག་ཐེག་ནན་མོ་བྱས་ཡོད།

ཀ་རིང་ཚེ་སྐྱོང་གིས་བསྒྱུར། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

དབྱིན་ཇིའི་སློབ་གསོ་བློན་ཆེན་ཏཱ་སྨིས་ཨན.ཧའེ་དབྱིན་སི་ལགས་ཀྱིས་ཚར་དུ་དངར་བའི་སློབ་གསོའི་བྱེད་ཐབས་གསར་པ་རབ་དང་རིམ་པ་ཞིག་ཁྱབ་བསྒྲགས་བྱས་ཏེ།དབྱིན་ཇིའི་སློབ་མས་འཚོ་བའི་དུས་རིམ་སོ་སོ་ཚང་མར་འཛམ་གླིང་གི་སློབ་གསོ་ཆེས་ལེགས་ཤོས་ཏེ་འཛམ་གླིང་རྩེར་སོན་གྱི་སློབ་གསོ་ཐོབ་ཐུབ་པར་ཁག་ཐེག་ནན་མོ་བྱས། དེའི་བྱེད་ཐབས ་ནི ་གཤམ ་གྱི ་ཕྱོགས ་འདི ་དག ་ནས ་མངོན་ཡོད་དེ།
      གཅིག་ནི་སློབ་གྲྭའི་ལུས་རྩལ་འགུལ་སྐྱོད་འཆར་གཞི་སྤེལ་བ། འཆར་གཞི་འདི་ནི2019ལོའི་དཔྱིད་ཀ་ནས་མགོ་བརྩམ་རྒྱུ་ཡིན་པ་དང་། དེའི་དགོངས་དོན་ནི་སློབ་མ་ཡོད་ཚད་ཀྱིས་སྤུས་ཚད་མཐོ་བ་དང་བདེ་འཇགས་ཀྱི་འགོག་སྲུང་ཡོད་པའི་ལུས་རྩལ་འགུལ་སྐྱོད་ཀྱི་སློབ་ཁྲིད་ཐོབ་ཐུབ་པར་མ་ཟད། སློབ་གྲྭ་ལ་འགྲོ་བའི་སྐབས་སུ་ལུས་རྩལ་སྦྱོང་བརྡར་བྱེད་པའི་གོ་སྐབས་ལྡན་པ་ཁག་ཐེག་པ་དེ་ཡིན།སློབ་གསོ་པུའུ་ལ་སོགས་པའི་སྡེ་ཁག་གིས་སྔར་ལས་བཟང་བའི་བྱེད་ཐབས་སྤྱད་ནས་སློབ་གྲྭ་ལ་རྒྱབ་སྐྱོར་གྱིས་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། སྤུས་ཚད་མཐོ་བའི་ལུས་རྩལ་སློབ་ཁྲིད་ཞབས་ཞུ་འདོན་སྤྲོད་བྱས་པ་ལ་བརྟེན་ནས། རྐང་རྩེད་སྤོ་ལོའི་མཐུན་ཚོགས་ལ་སོགས་པའི་ལུས་རྩལ་རྩ་འཛུགས་དང་རྒྱལ་ཁབ་དོ་དམ་ལས་ཁུངས་དང་མཉམ་སྒྲུབ་བྱེད་རྒྱུ་དང་། སློབ་གྲྭའི་ལུས་རྩལ་གྱི་སྟེགས་བུ་འདི་ལ་བརྟེན་ནས་སློབ་མ་ལ་དེ་ལས་བཟང་བའི་རྩལ་འགྲན་གྱི་གོ་སྐབས་འདོན་སྤྲོད་བྱེད་ཐུབ་པར་ཁག་ཐེག་ནན་མོ་བྱས་ཡོད།

གཉིས་ནི་གྲངས་རིག་སློབ་ཁྲིད་ཀྱི་ཁྱད་འཕགས་ལྟེ་གནས་བཙུགས་པ། དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ས་གནས་སོ་སོའི་ལོ་ན16རྗེས(post-16)ཀྱི་སློབ་གསོའི་སློབ་གླིང་སློབ་ཆེན་དག་ཏུ་གྲངས་རིག་སློབ་ཁྲིད་ཀྱི་ཁྱད་འཕགས་ལྟེ་གནས་གསར་བ21ཙམ་འཛུགས་རྒྱུ་ཡིན་ཞིང་དབྱིན་ཀི་ལན་གྱི་ས་ཁུལ ་རེ ་རེར ་ཉུང ་མཐའ ་ཡང ་གཅིག ་རེ ་འཛུགས་རྒྱུ་ཡིན་ལ། དེ་ལྟར་སློབ་ཁྲིད་ཀྱི་བྱེད་ཐབས ་གསར ་པ ་ལེགས ་བཅོས ་དང ་ཇུས ་འགོད་བྱས་པར་བརྟེན་ནས། སྤུས་ཚད་མཐོ་བའི ་སློབ་ཁྲིད་ཐོན་ཁུངས་གསར་སྤེལ་སྔོག་འདོན་བྱེད་པ་དང་། དགེ་རྒན་གྱི་ཆེད་ལས་རྩལ་ནུས་སྐྱེད་སྲིང་བྱས་ནས། གྲངས་རིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་། ཁྱད་པར་དུ་ལོ་ན16དང་དེའི་ཡན་ཆད་ཀྱི་སློབ་མའི་གྲངས་རིག་གི་རྨང་གཞི་ཤེས་བྱ་དང་རྩལ་ནུས་མཐོར་འདེགས་གཏོང་རྒྱུ་བྱས་ཡོད། དུས་མཚུངས་སུ། ལྟེ་གནས་འདིས་གྲངས་རིག་གི་དྲ་རྒྱ་སྤྱད་ནས་རྒྱལ་ཡོངས་སུ་ཆེས་བཟང་ཞིང་ལེགས་པའི་ལག་ལེན་གྱི་དཔེ་མཚོན་མཚན་གཞི་དཔེ་སྟོན་བྱེད་པ་དང་ཁྱབ་གདལ་དུ་སྤེལ་རྒྱུ་རེད།
       གསུམ ་ནི ་དབྱིན ་ཇིའི ་སྐད ་ཡིག ་ལྟེ ་གནས་བཙུགས་པ། དབྱིན་ཇི་སྲིད་གཞུང་གིས ་ཕྱི ་ཕྱོགས ་ལ ་ཕུལ ་དུ ་བྱུང ་བའི ་སྐད ་གདངས་སློབ་ཁྲིད་ཀྱི་ཉམས་མྱོང་ལྡན་པའི་ལྟེ་གནས་སློབ་གྲྭ32ཁྱབ་བསྒྲགས་བྱས་ཡོད་པ་དང་། ལྟེ་གནས་སློབ་གྲྭ32པོ་འདིས་ས་དེ་གའི ་སློབ ་ཆུང 170 དང ་མཉམ ་ལས ་ཀྱི ་སྒོ ་ནས། ས་ཁུལ་རེ་རེར་ཕུལ་དུ་བྱུང་བའི་སྐད་གདངས་སློབ་ཁྲིད་ཀྱི་དྲ་རྒྱ་གཅིག་རེ་འཛུགས་རྒྱུ ་ཡིན་པ་དང་། ཐོག་མའི་སྐད་ཆ་དང་ཀློག་འདོན ་སློབ ་ཁྲིད ་སྔར ་བས ་ལེགས ་བཅོས ་བཏང་ནས་སློབ་མའི་ཀློག་འདོན་གྱི་ནུས་པ་ཇེ ་མཐོར ་གཏོང ་བ ་སྟེ ། ལྷག ་པར ་དུ ་ནུས ་
སྟོབས་ཞན་པའི་སློབ་གྲྭའི་ཁྲོད་ཀྱི་སྟོབས་ཞན་སློབ་མའི་སློབ་སྦྱོང་གི ་གྲུབ ་འབྲས ་ལེགས ་བཅོས་གཏོང་རྒྱུ་ཡིན་པ་དང་། དུས་མཚུངས་སུ། སློབ་གྲྭ32པོ་འདིས་སྔར་ལས་ལྷག་པར་ཕྱི་ཕྱོགས་ལ་དེའི་ཆེས་ལེགས་པའི་ལག་ལེན་དང་སློབ་ཁྲིད་ཀྱི་བྱེད་ཐབས་གསར་བ་ཁྱབ་གདལ་དུ་སྤེལ་རྒྱུ་རེད། དེར་མ་ཟད་རང་རང་ས་ནས་ཆེད་ལས་ཀྱི་བྱང་ཚད་འཛོམས་པའི་དགེ་རྒན་བདམས་མངགས་བྱས་ཏེ་སློབ་སྔོན་འཛིན་གྲྭ་ནས་གནད་འགག་དུས་རིམ1གི་བར་གྱི་ཐོག་མའི་སྐད་ཆ་སློབ་ཁྲིད་ཀྱི་ཆེད་མཁས་པའི་འགན་འཁུར་དུ་འཇུག་པ་དང་།སྲིད་གཞུང་གིས་དབྱིན་སྒོར་ཁྲི་ཚོ2630ཡི་མ་དངུལ་མཁོ་འདོན་བྱས་ཏེ། དགེ་རྒན་དང་སློབ ་གྲྭའི ་ཞིབ ་འཇུག ་སྦྱོང ་བརྡར ་ལ ་སྐུལ ་འདེད་བྱེད་པ་དང་དེ་ལས་ཞིབ་ཚགས་ཡིན་པའི་སློབ་གྲྭའི་བར་གྱི་མཉམ་ལས་སྤེལ་བྱེད་ཀྱི་མ་དངུལ་འགན་སྲུང་བྱེད་པ་རེད།

བཞི་ནིT-LeveIཞེས་པའི་སློབ་ཚན་ལ་དབྱིན་སྒོར་ཁྲི་ཚོ3800ཡི་མ་དངུལ་མཁོ་འདོན་བྱས་པ། དབྱིན་ཇི་སྲིད་གཞུང་གིས་ཐོ ག ་ ད ང ་ པོ འི T - LeveI(Technicallevel)ཞེས་པའི་སློབ་ཚན་ལ་དབྱིན་སྒོར་ཁྲི་ཚོ3800ཡི་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཏེ། 2020ལོ་ནས་བཟུང་ལག་རྩལ་སློབ་སྦྱོང་གི་ཐོབ་ཐང་གསར་བ་རེག་ཡོད་པའི་སློབ་མས་ཉེར་མཁོའི་སྒྲིག་ཆས་དང་དགོས་པའི་སྒྲིག་བཀོད་དག་ཐོབ་ཐུབ་པར་ཁག་ཐེག་བྱས།T-LeveIནི་སློབ་མས་ལོ་ན16གི་རྗེས་སུ་ལག་རྩལ་དང་རིག་གཞུང་སློབ་གསོའི་བར་དུ་གདམ་གསེས་བྱ་ཐུབ་པར་གསར་དུ་བཙུགས་པའི་སློབ་ཚན་ཞིག་ཡིན། དེ་ནིA -LeveIདང་འདྲ་མཚུངས་ཡིན། དེའི་བཟོ་སྐྲུན་དང་གྲངས་ཀ་ཅན། སློབ་གསོ་དང་བྱིས་པ་སྲུང་སྐྱོང་གི་སློབ་ཚན་དེ་རྣམས2020ལོའི་ཟླ9པ་ནས་བཟུང་དཔེ་ཁྲིད་བྱེད་རྒྱུ་རེད། ཐོབ་ཐང་ཚད་གཞི་གསར་བ་དེ་ཉིད་སློབ་མ་ལ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་རང་སྟེང་ལ་ཉེ་བར་མཁོ་བའི་ཤེས་བྱ་དང་ནུས་རྩལ་ཐོབ་པར་ཁག་ཐེག་བྱེད་པ་ལ་ཕན་ཐོགས་ཡོད་པ་རེད།
      ལྔ་ནི་ལས་ཞུགས་ཀྱི་མཛུབ་སྟོན་མཁོ་སྤྲོད་བྱས་པ། དབྱིན་ཇི་སྲིད་གཞུང་གིས་རྒྱལ་ཡོངས་ས་གནས་སོ་སོའི་སློབ་གྲྭ་དང་སློབ་གླིང་གི་ལས་ཞུགས་ཞབས་ཞུ་དྲ་རྒྱའི་གཞི་ཁྱོན་རྒྱ་ཆེར་བསྐྱེད་ནས། སློབ་མ་ལ་དུས་ཐོག་ཏུ་ཉེར་མཁོའི་མཛུབ་སྟོན་དང་རྒྱབ་སྐྱོར་ཐོབ་ཆོག་པར་བྱ་རྒྱུ་རེད། དབྱིན་ཇི་རྒྱལ་ཁབ་ཀྱི་ལས་རིགས་དང་ཁེ་ལས་ཀུང་སིའི་རྒྱབ་སྐྱོར་འོག ་ཏུ ། དྲ ་རྒྱའི ་ཞབས ་ཞུ ་ས ་ཁོངས ་ཀྱི ་གྲངས་ཚད་དེ20ནས་འཕར་ཏེ40ལ་བསླེབ་པར་བྱ་རྒྱུ་དང་། གསོ་སྦྱོང་གི་དྲ་ཚིགས་དེ500ནས་འཕར་ཏེ1300ལ་བསླེབ་པར་བྱ་རྒྱུ ་རེད། དེ་ལྟར་རྒྱབ་སྐྱོར་བྱས་པ་ལ་བརྟེན་ནས་སློབ་གྲྭའི་ནང་གི་ལས་རིགས་གསར་བའི་མགོ་ཁྲིད་པ་སྐྱེད་སྲིང་བྱེད་ཐུབ་པ་ཡིན།
      དྲུག་ནི་སློབ་མའི་བྱ་སྤྱོད་མི་ལེགས་པ་སེལ་བའི་ཆེད་དུ་སློབ་གྲྭ་ལ་རྒྱབ་སྐྱོར་གང་མཁོ་བྱས་པ། དབྱིན་ཇི་སྲིད་གཞུང་གིས་གསལ་བོར་བསྟན་དོན། སློབ་མའི་བྱ་སྤྱོད་མི་ལེགས་པ་སེལ་བའི་ཆེད་དུ་སློབ་གྲྭ་ལ་ཉེ་བར་མཁོ་བའི་ཡོ་བྱད་དང་་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་རེད་དེ། དགེ་རྒན་གྱི་གསོ་སྦྱོང་རྣམ་གྲངས་ལེགས་པར་བཅོས་སྒྱུར་བཏང་ནས། དགེ་རྒན་རེ་རེར་སློབ་མའི་བྱ་སྤྱོད་ལ་གོ་ཆོད་ནུས་ལྡན་གྱི་སྒོ་ནས་དོ་དམ་བྱེད་པའི་ནུས་པ་འཛོམས་སུ་འཇུག་ཅིང་། དབྱིན་སྒོར་ཁྲི་ཚོ1000གི་མ་དངུལ་མཁོ་འདོན་བྱས་ཏེ། སློབ་གྲྭ་ལ་རྒྱབ་སྐྱོར་གང་མཁོ་བྱེད་པ་དང་། སློབ་མའི་བྱ་སྤྱོད་མི་ལེགས་པ་ལ་དོ་དམ་བྱེད་པའི་ལག་ལེན་ཉམས་མྱོང་དག་ཀུན་གྱི་བགོ་སྐལ་དུ་ལོངས་སྤྱོད་མཉམ་རོལ་བྱེད་པ་དང་ཕྱོགས་གང་སར་ཁྱབ་གདལ་དུ་སྤེལ་ཅིང་། ལག་ཁྱེར་ཁ་པར་བཀོལ་སྤྱོད་བཀག་འགོག་བྱེད་པའི་སློབ་གྲྭའི་གཏན་འཁེལ་སོགས་བཟོ་བ་ལ་རྒྱབ་སྐྱོར་གང་མཁོ་བྱ་རྒྱུ་རེད། བྱེད་ཐབས་འདི་དག་གང་ལ་གང་འཕྲོད་དུ་ལེགས་པར་སྤྱད་ན་སློབ་མའི་བྱ་སྤྱོད་མི་ལེགས་པ་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཀྱང་སྔར་དང་མི་མཚུངས་པར་ཇེ་མཐོར་གཏོང་ཐུབ་པ་ཡིན།།

(《འཛམ ་གླིང ་སློབ ་གསོའི ་ཆ ་ འཕྲིན》2018 ལོའི ་འདོན ་ཐེངས 22 པ ་ ལས་བདམས་ཏེ་བསྒྱུར་བ་ཡིན། )