ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་གྱུར་པའི་འཕེལ་རིམ།

པེ་ཅིན་དགེ་འོས་སློབ་ཆེན་རྒྱལ་སྤྱི་དང་གཤིབ་བསྡུར་སློབ་གསོ་ཞིབ་འཇུག་གླིང་།

ཀྲང་ཞོ་ཆིན། ཡིང་མིན་ཆོན། སྟག་ལས་བསྒྱུར།

འཛམ་གླིང་ཅན་དུ་འགྱུར་བའི་གོམ་འགྲོས་ཇེ་མགྱོགས་སུ་འགྲོ་བའི་གནས་ཚུལ་འོག་ཏུ། རྒྱལ་ཁབ་སོ་སོའི་སློབ་གསོ་རྒྱལ་སྤྱི་ཅན་དུ་འགྱུར་བའི་རེ་བ་མངོན་གསལ་དུ་ཇེ་ཆེར་གྱུར། མཐོ་རིམ་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་ཐད་ཨ་མེ་རི་ཁས་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཞིང་། ལོ་མང་པོའི་རིང་ལ་འཛམ་གླིང་གི་མདུན་གྲས་སུ་ཚུད་ཡོད། ཡིན་ན་ཡང་རྨང་གཞི་སློབ་གསོའི་ཁྱབ་ཁོངས་སུ། ཨ་མེ་རི་ཁའི་སློབ་གསོ་རྒྱལ་སྤྱི་ཅན་དུ་གྱུར་པའི་མཛད་རྗེས་མཐོང་བ་ཉུང་ཞིང་། ཉེ་བའི་ལོ་འགའི་རིང་ད་གཟོད་བྱ་བའི་ཁ་ཕྱོགས་གསལ་པོར་གཏན་འབེབས་བྱས་པ་རེད། ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་གྱུར་པའི་འཕེལ་རིམ་ལ་ཕྱིར་རྟོག་བྱས་ཚེ། ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བར་ཨ་རིའི་ཆབ་སྲིད་ལམ་ལུགས་ཀྱིས་འཆིང་རྒྱ་ཐེབས་པ་དང་མཉམ་དུ་འཛམ་གླིང་དཔལ་འབྱོར་ཚན་རྩལ་འགྲན་རྩོད་ཀྱིས་ཀྱང་འཆིང་རྒྱ་ཐེབས་པ་དང་། དེའི་སྲིད་ཇུས་གཏན་འབེབས་ལ་འཛམ་གླིང་ཅན་དུ་འགྱུར་བའི་ཁྱད་ཆོས་འབུར་དུ་ཐོན་པར་མ་ཟད། ཨ་མེ་རི་ཁའི་ཁྱད་ཆོས་ཀྱང་མངོན་པར་གསལ་བ་རྟོགས་ཐུབ།

ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་གྱུར་པའི་རྒྱུ་རྐྱེན་དང་འཕེལ་རྒྱས།

1. དུས་རབས20པའི་ལོ་རབས90པའི་ སྔོན་དུ། དྲང་སྙོམས་དང་ཕན་ཁེ་བརྩོན་ལེན་བྱེད་ ལ། རྒྱལ་སྤྱི་ཅན་དུ་འགྱུར་བ་ནི་མགོ་ཚུགས་པའི་དུས་སུ་གནས་ཡོད།

དུས་རབས20པའི་དུས་སྟོད་དུ། ཨ་མེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རྒྱས་མགྱོགས་ཤིང་འབྱོར ་འབྲིང ་གྲལ ་རིམ ་དར ་བས ། ན ་གཞོན ་རྣམས་ལ་ཅུང་བཟང་བའི་འབྲིང་རིམ་སློབ་གསོ་ཐོབ་པ་དང་། ལས་རིགས་ཀྱི་ནུས་པ་ཅུང་ལེགས་2019/6 ୱཕྱི་ རྒྱལ།པོ་ཞིག་ལྡན་པར་བྱ་རྒྱུ་ནི། སྐབས་དེའི་ཨ་རིའི་རྨང་གཞི་སློབ་གསོ་བཅོས་སྒྱུར་གྱི་གནད་འགག་ཡིན ། དུས ་སྐབས ་དེར ་ཨ ་མེ ་རི ་ཁའི ་གཞུང ་བཙུགས་སློབ་འབྲིང་མང་དུ་འཕར་ཞིང་། སློབ་གསོ་དང་འཚོ་བའི་འབྲེལ་བ་ཇེ་དམ་དུ་གྱུར། དུས་རབས20པའི་ལོ་རབས50པའི་རྗེས། ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་བཅོས་སྒྱུར་གྱི་གཙོ་གནད་ནི་གྲངས་ཚད་ནས་སྤུས་ཚད་ལ་སྙེག་པའི་ཕྱོགས་སུ་བསྒྱུར་ཞིང་། སྐྱེས་ཐོབ་ཤེས་རབ་ཅན་གྱི་བྱིས་པའི་སློབ་གསོ་སྤེལ་གང་ཐུབ་བྱས་པར་མ་ཟད།བྱིས་པ་དཀྱུས་མའི་སློབ་གསོ་ཡང་ཁྱབ་སྤེལ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྤུས་ཚད་ལེགས་པོ་ཡོང་བར་ཁག་ཐེག་བྱས། 1958ལོར་སུའུ ་ལེན ་གྱིས ་མིས ་བཟོས ་འཁོར ་སྐར ་མཁའ ་དབྱིངས་སུ་བཏང་བའི་གནོན་ཤུགས་ལ་བརྟེན་ནས། ཨ་རིའི་རྒྱལ་ཚོགས་ཀྱིས《རྒྱལ་སྲུང་སློབ་གསོ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ཏེ། རྨང་གཞི་ཚན་རིག་ཤེས་བྱའི་སློབ་གསོ་དེ་སློབ་གྲྭའི་སློབ ་གསོའི ་དམིགས ་ཚད ་དུ ་འཛིན ་པ ་གཏན་འབེབས་གསལ་བོ་བྱས་ཤིང་། ཚན་རྩལ་མི་སྣ་ཕུལ་བྱུང་ཅན་སྐྱེད་སྲིང་བྱེད་དགོས་པ་ནན་བཤད་བྱས། དེ་ལས་སྐབས་དེའི་རྒྱལ་སྤྱིའི་གནས་བབ་ཀྱིས་ཨ་མེ་རི་ཁའི་རྨང་གཞི་སློབ་གསོའི་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་པ་མངོན་གསལ་ཡིན་པ་དང་།ཨ་མེ་རི་ཁས་ཚན་རྩལ་ནུས་པ་ལྡན་པའི་ཕུལ་བྱུང་୲ 2019/6ཤེས་ལྡན་པ་སྐྱེད་སྲིང་བྱེད་པའི་དགོངས་དོན་ཤེས་ཐུབ། 1996ལོར་ཨ་མེ་རི་ཁའ《རྒྱལ་སྤྱིའི་སློབ་ གསོ་བཅའ་ཁྲིམས》དངོས་སུ་འགྲེམ་སྤེལ་བྱས། དེས་ཨ་མེ་རི་ཁས་ཁྲིམས་ལ་བརྟེན་ནས་རྒྱལ་སྤྱིའི་ སློབ་གསོ་བརྗེ་རེས་དང་མཉམ་སྒྲུབ་བྱེད་པའི་མགོ་ ཚུགས་པ་མཚོན་ལ། མཐར་ཐུག་མཐོ་རིམ་སློབ་ གསོའི་ཁྱབ་ཁོངས་སུ་དེ་དོན་ཐོག་ཏུ་འཁྱོལ་བར་ བྱས་མོད། འོན་ཀྱང་སློབ་གསོ་རྒྱལ་སྤྱི་ཅན་དུ་ བསྒྱུར ་བ ་དེ ་རྒྱལ ་ཁབ ་འདུ ་ཤེས ་ཀྱི ་རིམ ་པར ་ འཕར་བའི་མགོ་ཚུགས་པ་མཚོན་ནོ། །

དུས་རབས20པའི་ལོ་རབས60པའི་རྗེས་སུ། ཨ་མེ་རི་ཁའི་རྨང་གཞི་སློབ་གསོའི་སྲིད་ཇུས་ཀྱི་ཁ་ཕྱོགས་ན“ སྟོབས་ཞན་ཚོགས་སྤྱི”ལ་གཏད་ཅིང་། གྲངས་ཉུང་མི་རིགས་ཀྱི་བྱིས་པ་དང་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པར་རོགས་སྐྱོར་སློབ་གསོ་མཁོ་སྤྲོད་བྱས་ཏེ། རྨང་གཞི་སློབ་གསོའི་ཆུ་ཚད་ཕྱོགས ་ཡོངས ་ནས ་སྙོམས ་སྒྲིག ་དང ་མཐོར ་འདེགས་སུ་གཏོང་དགོས་པའི་འདོད་ཚུལ་བཏོན།

དུས་རབས20པའི་ལོ་རབས70པའི་དུས་དཀྱིལ་དུ། ཨ་མེ་རི་ཁ“ རྨང་གཞི་རིག་ཚན་ཕྱིར་ལོག་ལས ་འགུལ ”ཞེས ་པ ་ཁྱབ ་སྤེལ ་བྱས ་ཏེ ། ཡང ་བསྐྱར་བྱིས་པ་དཀྱུས་མ་ནི་རྨང་གཞི་སློབ་གསོ་བཅོས་སྒྱུར་གྱི་ལྟེ་བར་བཞག གོང་ནས་འོག་ཏུ་བཅོས་སྒྱུར་བྱས་པ་ལ་བརྟེན་ནས་སློབ་གསོའི་གོ་སྐབས་ཆ་སྙོམས་དང་སློབ་གསོའི་སྤུས་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་བྱས་ལ། དེ་ནི་ལོ་རབས70པའི་སྲིད་ཇུས་བཅོས་སྒྱུར་གྱི་རྩ་བའི་ཁ་ཕྱོགས་ཡིན། དུས་རབས20པའི་ལོ་རབས80པར་སླེབས་པ་ནས་བཟུང་། ཨ་མེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་དམའ་གནས་དུས་སྐབས་སུ་སླེབས།རང་མོས་རིང་ལུགས་ཀྱི་དཔལ་འབྱོར་བསམ་བློས་ཤུགས་རྐྱེན་ཐེབས་པའི་དབང་གིས། ཨ་མེ་རི་ཁའི་སྲིད་གཞུང་གིས་སློབ་གསོ་བཅོས་སྒྱུར་ལ་རྩ་བའི་ཆ་ནས་སྲིད་ཇུས་ཀྱིས་ཐེ་གཏོགས་མི་བྱེད་པ་དང་།རྨང་གཞི་སློབ་གསོ་བཅོས་སྒྱུར་ནི་གཙོ་བོ་དམངས་ཁྲོད་སློབ་གསོ་ཚོགས་པ་དང་རྩ་འཛུགས་ཀྱིས་སྤེལ་བ་ཡིན། 1983ལོར། ཨ་མེ་རི་ཁས《རྒྱལ་ཁབ་ཉེན་ཁའི་ཁྲོད་དུ་གནས་ཀྱང་སློབ་གསོ་བཅོས་སྒྱུར་ངེས་པར་དུ་སྤེལ་དགོས》ཞེས་པའི་སྙན་ཞུ་སྤེལ་ཞིང་། འདྲ་མཉམ་དང་སྤུས་ཚད་ནི་སློབ་གྲྭའི་སློབ་གསོའི་དམིགས་ཚད་དུ་འཛིན་པ་ཁག་ཐེག་བྱེད་དགོས ་པ ་གཏན ་འབེབས ་གསལ ་པོ ་བྱས ། ན ་གཞོན་རྣམས་ལ་རང་གི་ཕུགས་བསམ་དང་ནུས་པར་བརྟེན་ནས་སློབ་སྦྱོང་བྱེད་པ་དང་འཚོ་བ་རོལ་བའི་གོ་སྐབས་སྟེར་བར་གཞོལ་བ་དང་། གང་ཐུབ་ཀྱི“ ཕལ་བའི་སློབ་གསོ”ལས་བརྒལ་གང་ཐུབ་བྱས། དེ་ལས་སྐབས་དེའི་སློབ་གསོ་བཅོས་སྒྱུར་གྱི་ཁ་ཕྱོགས་གཙོ་བོ་ནི། སློབ་གསོ་འདྲ་མཉམ་ཡོང་བ་ཁག་ཐེག་བྱས་པའི་རྨང་གཞིའི་སྟེང་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བར་བརྩོན་ལེན་བྱ་རྒྱུ་དེ་ཡིན་པ་ཤེས་ཐུབ།དུས་རབས20པའི་མགོ་དང་དུས་རབས20པའི་ལོ་རབས80པའི་ཨ་མེ་རི་ཁའི་རྨང་གཞི་སློབ་གསོའི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན། ང་ཚོས་སྤྱི་ཡོངས་ནས་སྐབས་དེའི་ཨ་མེ་རི་ཁའི་རྨང་གཞི་སློབ་གསོའི་སྲིད་ཇུས་བཅོས་སྒྱུར་ནི་ཚད་ངེས་ཅན་ཞིག་ནས་རྒྱལ་སྤྱིའི་གནས་བབ་ལ་གཞིགས་པ་ཡིན་མོད། འོན་ཀྱང་རྒྱལ་སྤྱི་ཅན་གྱི་འཕེལ་ཕྱོགས་དེ་འདྲའི་མངོན་གསལ་ལྡན་པ་ཞིག་མིན་པ་རྟོགས་སླ་བ་ཡིན།
2. དུས་རབས20པའི་ལོ་རབས90པའི་ རྗེས་སུ། རྒྱལ་སྤྱིའི་གནས་བབ་དང་འབྲེལ་ཞིང་ རྒྱལ་སྤྱི་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་ཕྱིན།

དུས ་རབས 20 པའི ་ལོ ་རབས 90 པར །འཛམ་གླིང་དཔལ་འབྱོར་གཞི་གཅིག་ཅན་མྱུར་དུ་འཕེལ་རྒྱས་བྱུང་ཞིང་། རྨང་གཞི་སློབ་གསོ་བཅོས་སྒྱུར་ལ་རེ་བ་གསར་བ་བཏོན་པ་སྟེ། རྒྱལ་སྤྱིའི་མཐོང་རྒྱ་ལྡན་པའི་གསར་གཏོད་རང་བཞིན་གྱི་མི་སྣ་སྐྱེད་སྲིང་བྱེད་དགོས་པས། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཧུར་བརྩོན་གྱིས་སློབ་གསོ་བཅོས་སྒྱུར་བྱེད་མགོ་བརྩམས།

1989ལོའི་ལོ་མཇུག་ཏུ། ཨ་མེ་རི་ཁས《ཨ་མེ་རི་ཁ་རྒྱལ་ཁབ་ཡོངས་ཀྱི་སློབ་གསོའི་དམིགས་ཚད་སྙན་ཞུ》ཞེས་པར། མ་འོངས་པའི་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་སློབ་གྲྭའི་དམིགས་ཚད་ཆེན་པོ་དྲུག་བཏོན་པ་དང་། དེ་ལས་དམིགས་ཚད་ཆེན་པོ་གཅིག་ནི།“མི་དར་མ་སོ་སོར་རིག་གནས་ཤེས་བྱ་ལྡན་པ་དང་རྒྱལ་སྤྱིའི་དཔལ་འབྱོར་བྱེད་སྒོའི་ཁྲོད་འགྲན་རྩོད ་ཀྱི ་ནུས ་ཤུགས ་ལྡན ་དགོས ་པ ”དེ ་ཡིན །1991ལོར་ཨ་མེ་རི་ཁའི་སྲིད་འཛིན་པུའུ་ཧྲིས་མིང་བཀོད་པའི《 2000ལོའི་ཨ་མེ་རི་ཁའི་སློབ་གསོའི་འཐབ་ཇུས》ཞེས་པར་དམིགས་ཚད་ཆེན་པོ་དྲུག་བསྐྱར་སྒྲོག་བྱས་པ་དང་ཆབས་ཅིག་ཏུ།དེར་མཐུན་གྱི་འཐབ་ཇུས་བཞི་བཏོན་པ་དང་། ལོ་དགུའི་ཕྱོགས་བསྡུས་སློབ་གསོ་བཅོས་སྒྱུར་འཆར་གཞི་ཁྱབ་སྤེལ་བྱས། དེ་ལས་འཐབ་ཇུས་གཙོ་བོ་ཞིག ་ནི །“མ ་འོངས ་པའི ་དུས ་རབས 21 པའི ་དགོས་མཁོ་བསྐང་ནུས་པའི་ཨ་མེ་རི་ཁའི་སློབ་གྲྭ་གསར་བ་གསར་འཛུགས་བྱ་རྒྱུ་དེ་ཡིན”པ་དང་།ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར ་བ ་གྲོས ་བསྡུར ་བྱ ་བའི ་ལས ་རིམ ་དུ ་ཞུ ་འབུལ་བྱས།
       2000ལོར། ཨ་མེ་རི་ཁའི་རྒྱལ་སྤྱི་སློབ་གསོ་ལག་བསྟར་བརྗེད་ཐོ་ཐོག་མ་དེར་མིང་རྟགས་བཀོད་དེ་གྲོས་འཆམ་བྱུང་། ལོ་དེར《ཨ་མེ་རི་ཁ་རྒྱལ་སྤྱིའི་སློབ་གསོར་བསྐྱོད་པའི་སྲིད་ཇུས》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་དང་། བྱིས་པའི་ཕྱི་སྐད་སློབ་གསོ་ནི་བྱིས་པ་ནས་དམའ་འབྲིང་དུས་རིམ་གྱི་སློབ་གསོའི་གྲུབ་ཆ་གཙོ་བོ་ཡིན་པ་གཏན་འཁེལ་གསལ་པོ་བྱས་ཏེ། སློབ་མར་ངེས་པ་དོན་གྱི་རྒྱལ་སྤྱིའི་མཐོང་རྒྱ་ལྡན་པ་དང་རྒྱལ་སྤྱིའི་མཉམ་ལས་བྱེད་ཤེས་པར་བྱས། 9﹒ 11དོན་རྐྱེན་གྱི་རྗེས་སུ། རྒྱལ་སྤྱིའི་སློབ་གསོར་དོ་ཁུར་བྱེད་ཚད་སྔར་ལས་ཇེ་ཆེར་གྱུར།
       2001ལོར་ཨ་མེ་རི་ཁའི་གྲོས་ཁང་གོང་མས་རྒྱལ་སྤྱིའི་སློབ་གསོ་དང་འབྲེལ་བའི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བ་དང་། དེས་ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་སྤྱིའི་ སློབ་གསོ་སྲིད་ཇུས་ལག་བསྟར་བྱེད་པར་བཀག་རྐྱེན ་མེད ་པར ་བྱས །
       2002ལོར《9﹒11ལས་བརྒལ་བ། རྒྱལ་སྤྱི་སློབ་གསོའི་ཕྱོགས་བསྡུས་རྒྱལ་ཁབ་སྲིད་ཇུས》ཞེས་པ་འགྲེམ་སྤེལ་བྱས་པ་དང་། ཨ་མེ་རི་ཁའི་སློབ་གྲྭར་མཐུན་རྐྱེན་ལེགས་པོ་སྦྱོར་དགོས་པ་ནན་བཤད་བྱས་པ་སྟེ། ཨ་མེ་རི་ཁའི་སློབ་གྲྭ“ ཕྱི་འགྲིམ་སློབ་མ”མང་པོ་བསྡུ་རུ་བཅུག ལོ་དེའི་ཟླ9པར། ཨ་མེ་རི་ཁ་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་སུ་ཞུགས། དེ་ནི་ཨ་མེ་རི་ཁའི་རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་གོ་སྐབས་གལ་ཆེན་ཞིག་ཡིན།
       2003ལོར་འགྲེམ་སྤེལ་བྱས་པའ《 ཨ་མེ་རི་ཁའི་ཁེ་ཕན་དང ་འཚམ ་པ ། རྒྱལ ་སྤྱི ་སློབ ་མར ་དགའ ་བསུ ་ཞུ》ཞེས་པ་དང་། 2004ལོར་འགྲེམ་སྤེལ་བྱས་པའ《 འཛམ་གླིང་ཅན་དུ་འགྱུར་བའི་དུས་རབས་ཀྱི་རྒྱལ་དམངས་བྱང་ཚད་སྟ་གོན》སོགས་ཀྱི་ཡིག་ཆ་རུ། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁ་ཕྱོགས་སྔར་བས་གཏན་འབེབ་གསལ་པོ་བྱས། དེས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱིས་གང་ལེགས་ཀྱིས་རྒྱལ་སྤྱིའི་སློབ་གསོ་བྱ་འགུལ་སྤེལ་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཁ་མིན་དོན་གྱི་འཛམ་གླིང་དཔལ་འབྱོར་འདུ་ཤེས་ཆགས་པ་དང་རྒྱལ་སྤྱིའི་མཐོང་རྒྱ་ལྡན་པར་བྱས།
      2005ལོར་ཨ་མེ་རི་ཁའི་སློབ་ཆེན་མཉམ་འབྲེལ་ལྷན་ཚོགས་དང་། ཨ་མེ་རི་ཁའི་སློབ་གསོ་ལས་འཛིན་ལྷན་ཚོགས་སོགས་ལས་ཁུངས་ཀྱིས《ཨ་མེ་རི་ཁའི་ཚན་རིག་དང་དཔལ་འབྱོར་འགྲན་རྩོད་ནུས་ཤུགས། རྒྱལ་ཁབ་བདེ་འཇགས་ཁེ་ཕན་བཅས་ཇེ་ལེགས་སུ་གཏོང་ཆེད་ཨ་མེ་རི་ཁའི་འཐུས་མཆན་འགོད་པའི་ལམ་ལུགས་ལེགས་སྒྱུར་བྱ་བའི་གྲོས་གཞི་ཡི་གེ》ཞེས་པ་ཞུ་འབུལ་བྱས་པ་དང་། རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བར་སྲིད་ཇུས་རང་བཞིན་གྱི་བཅོས་སྒྱུར་བསམ་འཆར་བཏོན།
      2006ལོའི་ཟླ10པར།ཨ་མེ་རི་ཁའི་རྒྱལ་ཁབ་རྨང་གཞི་སློབ་གསོ་བློ་འདྲི་ཨུ་ཡོན་ལྷན་ཚོགས་ཀྱིས《ངལ་རྩོལ་ནུས་ཤུགས་ཀྱི་སྐྱེ ད ་སྲི ང ་ད ང ་སློ བ ་ག སོ ། ཚ ན ་རི ག ་ཞི བ ་འཇུག》ཅེས ་པའི ་སྙན ་ཞུ ་སྤེལ ་ཞིང ་ ། དེའི ་དགོངས་དོན་གཙོ་བོ་ནི་རྒྱལ་སྤྱིའི་དཔལ་འབྱོར་འགྲན་རྩོད་ཀྱི་ཁོར་ཡུག་ཆེན་པོ་ནས་མགོ་བརྩམས་ཏེ་ཨ་མེ་རི་ཁའི་རྨང་གཞི་སློབ་གསོའི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་དེ་ཡིན་ལ། གཞན་ཡ་གླིང་ལ་སློབ་སྦྱོང་བྱེད་པའི་རེ་བ་དངོས་སུ་བཏོན་པ་དང་། ལྷག་པར་དུ་ཚན་རིག་དང་གྲངས་རིག་པའི་སློབ་གསོའི་ཁྱབ་ཁོངས་ལ་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན།
      2008ལོར《རྒྱལ་སྤྱི་སྒོ་འབྱེད་ཀྱི་ཚད་ཇེ་མཐོར་བཏང་སྟེ་ཨ་མེ་རི་ཁའི་རྒྱལ་ཁབ་འགྲན ་རྩོད ་ནུས ་ཤུགས ་ཇེ ་མཐོར ་གཏོང ་བའི ་ཁྲིམས་དོན་གྲོས་གཞི》ཞེས་པར་དངོས་སུ་གྲོས་འཆམ་བྱུང་བ་དང་། ཁྲིམས་དོན་གྲོས་གཞི་དེར་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ། ཨ་མེ་རི་ཁས་གོམ་གང་མདུན་སྤོས་ཀྱིས་རྒྱལ་སྤྱི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།མཐུན་རྐྱེན་གང་ལེགས་སྦྱར་ཏེ་ཕྱི་འགྲིམ་སློབ་མ་དང་དགེ་རྒན་ཕུལ་བྱུང་ཅན་འགུག་པར་སྔར་ལས་ལྷག་པར་ཤུགས་སྣོན་དགོས་པ་བསྟན།2008ལོའི་འཛམ་གླིང་དངུལ་རྩ་ཉམས་ཉེན་གྱི་རྗེས་སུ། ཨོ་པ་མ་སྲིད་གཞུང་གིས་་སློབ་གསོ་ཁྱབ་ཁོངས་ཀྱི་རྒྱལ་སྤྱི་བརྗེ་རེས་སྤེལ་གང་ཐུབ་བྱས།
      2009ལོའི་ཟླ6པར། ཨོ་བ་མས་ཨ་མེ་རི་ཁས་སྔར་ལས་ལྷག་པར་རྒྱལ་སྤྱི་བརྗེ་རེས་ལས་གཞི ་སྤེལ ་བ ་དང ་ ། རྒྱལ ་སྤྱི ་བརྗེ ་རེས ་ཀྱི ་ལས ་གཞིའི་གྲངས་ཚད་ཇེ་མང་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཕྱི་འགྲིམ་སློབ་མའི་འགུག་ནུས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཕྱི་འགྲིམ་སློབ་མ་མང་པོ་ཨ་མེ་རི་ཁར་ཕེབས་ནས་སློབ་སྦྱོང་བརྗེ་རེས ་བྱེད ་དུ ་འཇུག ་དགོས ་པའི ་བསམ ་ཚུལ ་བཏོན། ལོ་དེའི་ཟླ11པར། སྲིད་འཛིན་ཨོ་བ ་མ་ཀྲུང་གོར་འཚམས་འདྲིར་བས་དུས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཀྲུང་གོའི་ཕྱི་འགྲིམ་མི་སྣར་འཐུས་མཆན་འགོད་པའི་སྲིད་ཇུས་ལེགས་པོ་མཁོ་འདོན་བྱ་རྒྱུའི་འདོད་ཚུལ་བཏོན་ཏེ། ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཕུལ་བྱུང་ཅན་ཨ་མེ་རི་ཁར་ཕེབས་ནས་སློབ་སྦྱོང་བྱེད་པར་སྐུལ་མ་གནང་།
      2010ལོའི་ཟླ5པར། ཨ་མེ་རི་ཁ་དང་ཀྲུང་གོས་གྲོས་ཆིངས་བཞག་སྟེ། རྒྱལ་ཁབ་གཉིས་ཀྱི་སློབ་གསོ་བརྗེ་རེས་དང་མཉམ་སྒྲུབ་ལ་ཤུགས་སྣོན་བྱས།གྲོས་ཆིངས་ལྟར་ཨ་མེ་རི་ཁས2014ལོའི་བར་བསྡོམས ་པས ་ཨ ་མེ ་རི ་ཁའི ་ཕྱི ་འགྲིམ ་སློབ ་མ ་འབུམ་གཅིག་ཀྲུང་གོར་མངགས་ནས་སློབ་སྦྱོང་བརྗེ་རེས་བྱས་པ་དང་། གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་པོའི་ཁྲོད་མཉམ་ལས་བྱས། དེ་ནི་ཨོ་བ་མ་སྲིད་གཞུང་གི“སློབ ་གསོ ་བརྗེ ་རེས ་ཀྱི ་འཆར ་གཞི ་འབུམ ་གཅིག”ཅེས་པ་དེ་ཡིན་ལ། དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་སློབ་མ་ཀྲུང་གོ་རུ་སློབ་སྦྱོང་དུ་ཕེབས་པར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན།
     གོང་གི་ཕྱིར་རྟོག་ལས། ང་ཚོས་དུས་རབས20པའི་ལོ་རབས90པའི་རྗེས་སུ། ཨ་མེ་རི་ཁའི་སློབ་གསོ་རྒྱལ་སྤྱི་ཅན་དུ་གྱུར་པའི་འཕེལ་རྒྱས་ཤིན་ཏུ་མགྱོགས་ཤིང་། སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་སྐུལ་འདེད་སྲིད་ཇུས་དང་ཁྲིམས་དོན་གྲོས་གཞི་རབ་དང་རིམ་པ་བསྟུད་མུར་བཏོན་པ་དང་། རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བ་ནི་དེའི་གྲུབ་ཆ་གཙོ་བོ་ཡིན་པས་བལྟོས་བཅས་ཀྱིས་མཐོང་ཆེན་དང་འཕེལ་རྒྱས་བྱུང་བ་ཤེས་ཐུབ། ཁྱད་དུ་བརྗོད་དགོས་པ་ཞིག་ནི། ཨ་མེ་རི་ཁའི་ཏང་ཁག་གཉིས་ཀྱིས་རེས་མོས་སྒོས་བདམ་ཐོན་འགྲན་རྩོད་ལ་བརྟེན་ནས་སྲིད་དབང་སྐྱོང་བ་དེས་ཨ་མེ་རི་ཁའི་སྲིད་ཇུས་ཁ་ཤས་ལ་ཤུགས་རྐྱེན་ཐེབས་སྲིད་པས། རྨང་གཞི་སློབ་གསོ་རྒྱལ་སྤྱི་ཅན་དུ་འགྱུར་བར་གཡོ་འགུལ་བཏང་། དཔེར་ན། ཨོ་བ ་མ་སྲིད་གཞུང་གིས་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བར་སྐུལ་འདེད་གང་ཐུབ་བྱས་པ་དང་།2011ལོའི་ཟླ8པ་ནས་བཟུང་། རྙོག་འཛིང་མེད་པ་དང་སྟབས་བདེ་བའི་འཐུས་མཆན་འགོད་པའི་སྲིད་ཇུས་གསར་པ་ལག་བསྟར་བྱེད་མགོ་བརྩམས་མོད། འོན་ཀྱང་། 2017ལོའི་ཟླ6པར་ཐེ་རོན་ཕུ་སྲིད་གཞུང་གིས་འཐུས་མཆན་འགོད་པའི་ཞིབ་བཤེར་ཇེ་དམ་དུ་བཏང་ནས་སྲིད་ཇུས་དེ་རྩིས་མེད་དུ་བཏང་བ་ལྟ་བུ། ཨ་མེ་རི་ཁའི་སྲིད་ཇུས་དེ་འདྲའི་གཏན་འཇགས་མིན་པ་དང་རྒྱུན་མཐུད་མིན་པ་དེས་ཀྱང་སློབ་གསོ་རྒྱལ་སྤྱི་ཅན་དུ་བསྒྱུར་བར་ཤུགས་རྐྱེན་ངན་པ་ཐེབས་སོ། །

ཁ་ཤོག་པར་རིས་ཀྱི་འདྲ་པར་ཚང་མ་པད་མ་ཚེ་རིང་གིས་པར་བླངས།