དབུལ་ཐར་གྱི་རྨི་ལམ་རྒྱང་ལ་བསྲིང་བ།

ཀྲོ་ཡེ་ལིན་གྱིས་བརྩམས།

ས ་མཐོའི ་སྟོན ་ཁའི ་དུས ་སུ ། ། རི ་གྲོང ་ཕྱོགས་བཞི་མཚམས་བརྒྱད། ། གསེར་གྱི་འོད་མདངས་ཆེམ་ཆེམ། ། འཕྲོས་ཤིང་རྨད་དུ་བྱུང་ཡོད། ། ས་སྲོད་དུས། བྱ་རའི་ནང་གི་བུ་མོ་དར་མ་ཞིག་གིས་ཚལ་གྱི་ལོ་མ་གཏུབ་ནས་གཟེབ་ནང་དུ་བཅུག བྱ་ནག་ཅིག་གིས་སྐེ་བསྲིངས་ནས་གཤོག་པ་རྡེབ་བཞིན་མགྱོགས་པོར་ཕར་ལ་རྒྱུགས། ཐར་ཐོར་དུ་གསོས་པའི་ས་ནག་བྱ་ཤ་འདི་དག་གི་དང་ཁ་ཤིན་ཏུ་བཟང་། རི་ལྡེབས་སུ་འབུ་སྲིན་དང་སྔོ་ཚོད ་ཟས ་ཀྱང ་ནམ ་རྒྱུན ་ལྟོ ་བ ་རྒྱགས ་ཀྱིན ་མི ་འདུག་པས། ཉིན་རྒྱུན་ཁྱིམ་དུ་ལོག་སྐབས་ད་དུང་ཁོ་ཚོར་སྔོ་ཚོད་དང་འབྲུ་རིགས་ཁ་གསབ་བྱེད་དགོས། དེ་ལྟར་མ་བྱས་ན་ཁོ་ཚོས་སྐད་ཅོར་བརྒྱག་སྲིད། བྱ་ཤ་ནག་པོ་དེ་དག་གི་ཅོད་པན་དམར་རྐྱང་ཡིན་པ་དང་། སྤུ་མདོག་ནག་ཅིང་འོད་དམར་པོས་ཁེངས་ནས་གོས་བཟང་རེ་རེ་བཞིན་གྱོན་པ་དང་འདྲ་བོ་འདུག     ཁོང་གིས་གསོ་ཚགས་བྱས་པའི་ས་ནག་བྱ་དེའི་སྐོར་གླེང་སྐབས་དབྱང་ཞའོ་ལིང་གིས་འཛུམ་དམུལ་དམུལ་ངང་བཤད་རྒྱུར།བྱ་དེའི་གསོ་ཚགས་པ་དེའི་མིང་ལ་དབྱང་ཞའོ་ལིང་ཟེར། 1966ལོར་ཧྲའན་ཤིས་ལན་ཐེན་དུ་སྐྱེས། 1997ལོར་མཚོ་སྔོན་ཕིང་ཨན་གཟན་ཆག་ཀུང་སིར་ལས་ཀ་བྱེད་པར་མངགས། 1999ལོར་ཀུང་སིའི་ཕན་འབྲས་ཡག་པོ་མ་བྱུང་བའི་རྐྱེ ན་གྱིས་ལས་གནས་ལས་བབས་པ་དང2002ལོར་པེ་ཅིང་གི་སྒེར་གཉེར་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་པར་ཡོང་། 2006ལོར་ནུ་མའི་འབྲས་སྐྲན་རྩད་ཆོད་པ་རེད། སྐབས་དེ་དུས་སྨན་པས་ཁོང་ལ་གང་མགྱོགས་ཀྱིས་གཤག་བཅོས་བྱེད་དགོས་པའི་རེ་བ་བཏོན་ཡང་དངུལ་མེད་པར་བརྟེན་གཤགས་བཅོས་བྱེད་མཐུབ། གཅིག་རྗེས་གཉིས་མཐུད་ཀྱི་རྡུང་རྡེག་གིས་མོ་ཧ་ཅང་ཡིད་ཆད་དུ་བཅུག་ཅིང་།སྲ་ཞིང་བརྟན་པའི་ཀྱག་ཀྱོག་གི་ལས་དབང་ཁོ་མོས་ཤེས་སོང་། གྲོགས་པོས་འོས་སྦྱོར་བྱས་པ་བརྒྱུད། ཁོང་ཧོ་ནན་ལུའོ་དབྱང་གི534སྨན་ཁང་དུ་འཚོ་བཅུད་སྙོམ་སྒྲིག་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། ཟླ་བ་གསུམ་རིང་སློབ་སྦྱོང་བྱས་པ་བརྒྱུད་འཚོ་བཅུད་པའི་ཐོབ་ཐང་ལག་ཁྱེར་ཐོབ་པ་མ་ཟད། བསླབས་པའི་འཚོ་བཅུད་ཤེས་བྱ་རང་ཉིད་ལ་སྤྱོད་ཀྱིན་ཡོད། སྟབས་ལེགས་པ་ཞིག་ལ་ལོ་གསུམ་གྱི་རིང་ལ་སྙོམ་སྒྲིག་བྱས་པ་བརྒྱུད་ནས་ནད་གཞི་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ཡོད་པ་མ་ཟད། ༢༠༠༩ལོར་བསམ་ཡུལ་ལས་འདས་པ་ཞིག་ནི་མོར་མངལ་ཆགས་ནས་སྙིང་རྗེ་བའི་བུ་མོ་ཞིག་སྐྱེས།

རང་ཉིད་ཀྱི་གཟུགས་པོ་གསོ་རྒྱུ་དང་ཕྲུ་གུར་བདེ་འཇགས་ཀྱི་འཚར་ལོངས་ཁོར་ཡུག་ཅིག་བསྐྲུན་ཆེད། 2013ལོར་དབྱང་ཞའོ་ལིང་གིས་ཕྲུ་གུ་ཁྲིད་དེ་ཐེམ་ཐོ་ཡོད་སའི་མཚོ་ཤར་གྲོང་ཁྱེར་དུས་བདེ་ཁུལ་དུ་ལོག་ནས་མི་གཞན་གྱིས་ས་རྒོད་དུ་བསྐྱུར་བའི་ས་ཞིང་མུའུ་ཁ་ཤས་བཏབ་པ་རེད།

ཞིང་ཆུ་འདྲེན་མི་བདེ་བའི་རྐྱེན་གྱིས་ལོ་གཉིས་ཀར་ཐོན་འབབ་ཡག་པོ་བྱུང་མེད། 2015ལོར་དགོན་ལུང་རྫོང་ཧུང་ཡ་ཙེ་ཤང་ཏན་ཧོ་ཆུ་ལམ་གྲོང་ཚོའི་གྲོང་མི་ཞིག་གིས་མོའི་འཚོ་བའི་དཀའ་ཚེགས་མཐོང་སྐབས་ས་རྒྱུ་གཤིན་པའི་ས་ཞིང་རིན་མི་དགོས་པར་མོར་འདེབས་འཛུགས་བྱ་རྒྱུར་སྤྲད་པ་དང་། ལོ་དེའི་དབྱར་ཁར་པད་ཁ་རྒྱ་མ་བརྒྱ་ཕྲག་ཁ་ཤས་བླངས། 2017ལོར་ཁོང་གིས་སླར་ཡང་ཏན་ཧོ་གྲོང་ཚོར་ས་ཞིང་མུའུ་ལྔ་དྲུག་ཙམ་གྱི་ཐོག་ཏུ་གྲོ་དང་ཞོག་ཁོག པད་ཁ་སོགས་ཞིང་ལས་སྐྱེ ་ དངོས ་བཏབ ་ཅིང ་ ། དཀའ ་སྤྱད ་འབད ་འབུངས་བྱས་པ་བརྒྱུད་ལོ་ལྟར་ཡོང་འབབ་གང་ལེགས་ཐོན་ཏེ། རང་ཁྱིམ་གྱི་བཟའ་རྒྱུར་འགན་ལེན་བྱེད་པ་ཕུད་དེ་བྱིངས་ཀྱི་ཡོང་འབབ་ཁག་གཅིག་ཕྱིར་ཚོང་བྱེད་ཀྱིན་ཡོད། ཁོ་མོས་བཏབ་པའི་སྔོ་ཚལ་དང་ལོ་ཏོག་ལ་ཞིང་ཁྱིམ་ལུད་རྒྱག་རྒྱུ་དང་རྫས་ལུད་མི་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་མི་ཐབས་ལ་བརྟེན་ནས་རྩྭ་རྔ་མི་གཏོར་བ་དང་། རྩྭ་ལྡུམ་མི་གཏོར་བ། ཞིང་སྨན་མི་གཏོར་བ་བཅས་མཐའ་འཁྱོངས་བྱས་པས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་། སྦགས་བཙོག་མེད་པ། སྤྱི་གནོད་མེད་པ་བཅས་ཀྱི་འགན་ལེན་ཐུབ་ནས་འཛད་སྤྱོད་པས་དགའ་བསུ་ཆེས་ཆེར་ཐོབ་ཡོད།ཆག་སྒོ་གཅིག་ཐོག་གཉིས་བརྩེགས། རྒྱུ་མཚན་སྣ་ཚོགས་ཀྱི་རྐྱེན་གྱིས་མོ་རང་མོའི་བཟའ་ཟླ་དང་གཉེན་འཐོར་བྱས། བཟའ་ཟླ་དང་ཁ་བྲལ་རྗེས་སླར་སྐྲན་ནད་ཕོག་པ་དང་གཏན་འཇགས་ཀྱི་ཡོང་འབབ་མེད་པར་བུ་མོ་ཁྲིད་དེ་དཀའ་ཚེགས་ཆེན་པོས་འཚོ་བ་བསྐྱལ། མིད་ལྟ་བུ་མོ་ལོ10ལ་སླེབས་པ་དང་སློབ་ཆུང་ལོ་རིམ་གསུམ་པར་སླེབས་ཡོད་ཅིང་།བུ་མོའི་དགའ་ཕྱོགས་རྒྱ་ཆེ་ཞིང་། བརྒྱངས་དཀྲོལ་ལ་དགའ། རི་མོ་འབྲི་རྒྱུར་དགའ། སློབ་གྲོགས་ཚོས་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་ཆོས་སྒྲོག་པའམ་རི་མོ་འབྲི་བར་སློབ་སྦྱོང་བྱས།དབྱང་ཞའོ་ལིན་གྱིས་བུ་མོའི་བསམ་ཚུལ་ལ་རྒྱུས་ལོན་བྱས་ཏེམ་འོངས་པར་བྱིས་པ་འཇོན་ཐང་ཅན་དུ་བསྒྱུར་ཐུབ་པར་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་འདིས་ཀྱང་འགྲོ་སོང་ཆེན་པོ་ཞིག་གཏོང་བཞིན་ཡོད་པས། མ་གཞི་དབུལ་ཕོངས་ཀྱི་ཁྱིམ་ཚང་གིས་འགྲོ་གྲོན་འདི་འདྲ་མང་པོ་ཞིག་འཁུར་མི་ཐུབ་མོད།སྟབས་ལེགས་པ་ཞིག་ལ་ཁོ་མོའི་དཀའ་གནད་དེ་དག་ཆུ་ལམ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གླེང་བར་བརྟེན་མཚོ་ཤར་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཕིང་ཨན་ཆུས་སྤྱི་ཁྱབ་བཟོ་ཚོགས། དགོན་ལུང་རྫོང་དམངས་སྲིད་ཅུས། ཧུང་ཡ་ཙི་ཤང་མི་དམངས་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་ཐོབ་ནས་མོ་ལ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཕྱོགས་ཁག་སོ་སོའི་རོགས་རམ་ཐོབ་ནས་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན།2018 ལོར ་གྲོང ་ཚོའི ་ཏང ་ཀྲི ་པུའི ་ཧྲུའུ ་ཅིས་ངོ་སྤྲོད་བྱས་པ་བརྒྱུད། དབྱང་ཞའོ་ལིང་གིས་ད་ཆའི་བཟའ་ཟླ་བགྲེས་སོང་འདི་ཉིད་ངོ་ཤེས་ཤིང་། ཁོང་ཡང་ལོ་ན་རྒས་ཀྱང་ཁོ་མོ་དང་འདྲ་བར་ལས་དབང་ནི་ཀྱག་ཀྱོག་ལྡན་པ་ཞིག་རེད།

1974ལོར་དགུང་ལོ་བགྲེས་པའི་ཨ་ཕ་ཆུ་མཛོད་བཟོ་སྐབས་རི་ཉིལ་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། ཨ་མས་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་བྱས་པ་དང་། དེའི་ཁར་རྨོ་བོ་ཡང་ཚེ་ལས་འདས་སོང་བས། ཁོ་རང་སྤོ་བོ་ལགས་ཀྱིས་གཉོར་སྐྱོང་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་ལ་སོན་དུས། ཁོ་ཕྱི་ཚོར་ལས་ཀ་གཉེར་དུ་སོང་། རྒྱུ་མཚན་ནི་རིག་གནས་ཡོན་ཚད་མེད་པས། དཀའ་སྡུག་ལ་བརྟེན་ནས་འཚོ་བ་རོལ་རྒྱུ་ལས་ཐབས་གཞན་མེད་པར་གྱུར་ཏེ། དུས་ཡུན་རིང་བོར་ཨར་ལས་རྡོ་འདམ་སོགས་ཀྱིས་ལས་ཀ་གཉེར་བས་ཁོ་ལ་རྡུལ་གྲིབ་གློ་ནད་ཕོག དེ་ལྟར་ནད་གཅིག་གིས་ཕན་ཚུན་སྙིང་རྗེ་བ་བྱས་ནས་ཆག་སྒོ་མང་པོ་བྱུང་བའི་མི་གཉིས་མཉམ་དུ་སླེབས་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གསུམ་བཙུགས། ཁོང་ཚོ་གཉེན་སྒྲིག་བྱས་རྗེས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ནས་ཉེན་ཡོད་ཁང་པའི་ཁ་གསབ་དང་།ནད་པར་རོགས་སྐྱོབ། མ་མཐའི་འཚོ་བའི་འགན་ལེན་བཅས་བྱས། དབྱང་ཞའོ་ལིང་གི“ ལམ་འགྲམ་གྱི་སྔོ་ཚོད་དང་ཀྲུང་ལུགས་སྨན་རྫས་ལོ་ལྟར་ཆུད་ཟོས་སུ་ཕྱིན་པ་མཐོང་སྐབས་ངའི་བྱ་ག སོ འི ་ ད བུ ལ ་ སྒྲོ ལ ་ གྱི ་ ཕུ ག ས ་ འ དུ ན ་ གྲུ བ ་སོང”ཞེས་བཤད།

2019ལོའི་ཟླ་གསུམ་པར་ཁོང་གིས་རང་ཁྱིམ་གྱི་ནགས་རའི་ནང་སྟབས་བདེའི་བྱ་ཁང་ཞིག་བསྐྲུན་ནས་དབུལ་སྐྱོར་གསོ་ཚགས་ཀྱི་དངུལ་བུན་སྒོར་ཁྲི5གཡར་ཏེ་གྲོང་ཚོའི་ནང་གི་གྲོགས་པོ་ཞིག་ཅང་སུའུ་ཞིང་ཆེན་སི་ཧུང་རྫོང་བྱ་དེ་དང་ངང་ པའི་སྒོ་ང་རུམ་ཡུལ་དུ་ཡོང་ནས་བྱ་ཕྲུག5000 ཉོས་ཏེ་ཕུགས་བསམ་བཅངས་ནས་རེ་སྒུག་བྱེད་ བཞིན་མཚོ་སྔོན་དུ་ལོག་པ་རེད།
དབྱང་ཞའོ་ལིན་གྱི་བསམ་ཡུལ་ལས་འདས་ པ་ཞིག་ལ་ཟླ་བ་གཅིག་ཀྱང་མ་འགོར་བར་བྱ་ཕྲུག 5000ཚང་མ་ཤི་སོང་བས། བྱ་ཕྲུག་ཉོ་སྐབས། སྒོ་ ང་རུམ་སར་ཟླ་གཅིག་གི་ནང་ཚུན་དུ་ཤི་བའི་བྱ་ ཕྲུག་ཚང་མར་སྐྱིན་ཚབ་འཇལ་རྒྱུ་ཁས་བླངས་ ཡོད། འོན་ཀྱང་སྐབས་དེ་དུས་ཁོང་ལ་མཉམ་ལས་ ཀྱི་བརྒྱུད་རིམ་ལས་གན་རྒྱ་བཞག་མེད།ཁོ་མོས་ཐེངས་མང་པོར་སྒོང་སྙོལ་ར་བ་ བཙལ་ནས་འདྲི་རྩད་བྱས་ཀྱང་སྐྱིན་ཚབ་འཇལ་ བའི་དོན་དག་ད་བར་དུ་མཇུག་འབྲས་མ་ཐོབ།

དབྱང་ཞའོ་ལིང་གི“ ལས་གཏོད་ལ་རྡུང་རྡེག་ཆེན་པོ་གཏོང་ཁག་པོ་ཡོད། འོན་ཀྱང་སྔོན་བསམ་རྗེས་བསམ་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་པ་བརྒྱུད་ངའི་དབུལ་སྒྲོལ་གྱི་ཕུགས་འདུན་འགྲུབ་མི་ཐུབ་ལ་སྲིད་གཞུང་ལ་བརྟེན་ནས་ཀྱང་འཚོ་བ་ཡུན་རིང་སྐྱེལ་མི་ཐུབ་པས། ངས་སླར་བྱ་གསོའི་ཐོག་ནས་དངུལ་བུན་གཡར་དགོས་ཤིང་།ངས་བྱ་གསོའི་ཐོག་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་འགྲུབ་དགོས”ཞེས་བཤད། དེ་ལྟར་སྡུག་བསྔལ་གྱིས་མནར་བས་ཁོ་མོས་ད་དུང་བྱ་ཕྲུག་ཉོ་རྒྱུ་བྱས། དེ་ནི་མ་དངུལ་མི་འདང་བ་དང་།ངལ་རྩོལ་ནུས་ཤུགས་མེད་པ། ལག་རྩལ་མེད་པ་བཅས་ཀྱི་ཁྱིམ་ཚང་དབུལ་པོའི་ངོས་ནས་བརྗོད་ན་དཀའ་ངལ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་སྐྲན་ནད་ཕོག་མཁན་ཞིག་གིས་ཐག་གཅོད་དེ་འདྲ་བྱེད་པར ་བློ ་སྟོབས ་དང ་ ། སྙིང ་རུས ། ཆོད ་སེམས ་བཅས ་ཇི ་འདྲ ་ཞིག ་དགོས ་པ ་སྨུས ་མ ་དགོས །2019ལོའི་ཟླ་བཞི་པར་ཁོ་མོས་ས་གནས་དེ་གར་རྩི་མའི་མྱུ་གུ200ཉོས་ནས་ཤང་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ལག་རྩལ་མི་སྣའི་ངང་རྒྱུད་རིང་པོས་མཛུབ་ཁྲིད་བྱས་པར་བརྟེན། གསོ་ཚགས་བྱེད་སྟངས་སྦྱོང་ཞོར་བསླབ་བྱ་བླངས་པ་དང་ཉམས་མྱོང་བསགས་ནས་གསོན་ཚད90%ཟིན་ཡོད་པ་རེད། དེ་ནི་ཤིང་ནག་གིས་ཁམ་སེར་གྱི་ལོ་མ་ཟ་རྒྱུར་དགའ་བ་དང་། བྱ་ཁང་གི་འགྲམ་གྱི་ཤིང་གི་ཁམ་སེར་དང་། རི་ལྡེབས་ཀྱི་སྔོ་ཚོད་དང་ཀྲུང་སྨན་སོགས་ཀྱིས་སྙིང་རྗེ་བའི་གདོན་འདྲེ་ཆུང་ཆུང་དེ་དག་ལ་ཟ་རྒྱུ་ཡོད་པ་རེད།

ཁོ་མོས་ཉེ་འགྲམ་གྱི་གྲོང་སྡེའི་རི་ལྡེབས་སུ་དེ་དག་འཚོལ་བསྡུ་བྱེད་པར་འགྲོ་སྐབས་སྔོ་ཚལ་དང་། ཧོང་ཆིན། བུད་ཤིང་སོགས་ཚང་མ་སྐམ་ནས་ཉར་ཚགས་བྱེད་ཀྱིན་ཡོད་པས། ཁོ་མོས་ད་དུང་ས་དོང་གསུམ་བརྐོས་ནས་སྲན་མ་དང་ལ་སེར། མངར་ཚལ་རྩ་བ་བཅས་ཉར་ནས་དགུན་ཁར་བྱ་དེ་གསོ་བར་གྲ་སྒྲིག་བྱས། ཁོ་མོ་ཁྱིམ་བྱ་ཐར་ཐོར་དུ་གསོ་ཚགས་བྱེད་པ་དང་སྤུ་མདོག་ནག་པོ་ཆགས་པ། གང་སར་བསྐྱོད་རྒྱུར་མཁས་ ཤིང་། འབུ་དང་། རྩྭ། འབྲུ་རིགས། ཁམ་བུ། སྔོ་ ཚལ ། ཞོག ་ཁོག ལ ་སེར ། མངར ་ཚལ ་གྱི ་རྩ ་ བ ། ཀྲུང ་ལུགས ་སྨན ་རྒྱུ ་སོགས ་འཐུ ་བར ་ཡང ་ མཁས ། སྤུན ་མཆེད ་དང ་གྲོགས ་པོ ་ཚོས ་བྲོ ་བ ་ མྱངས་རྗེས ། བྱ་ཤ་བསྲེགས་མ་དང་། བྱ ་ཤའི་བྲོ་ བ་ཞིམ་པོ། ཙོང་དང་སྒོ་ང་བརྔོས་མ་བཅས་ཧ་ ཅང་སོས་པ་རེད་ཅེས་བཤད་ཀྱིན་ཡོད།སྤྱིར་ན་རི་གྲོང་ཆུང་ཆུང་ཞིག་ཏུ་ཡོད་ཀྱང་མི་མང་པོ་ཞིག་ཁོ་མོའི་སྒོ་ཁར་ཡོང་ནས་བྱ་དེ་དག་ཉོ་གིན་ཡོད་པ་མ་ཟད། མིག་སྔར་སྒོར་བརྒྱ་ཡན་གྱི་རིན་གོང་ཐོག་ནས་བྱ་ཁག་གཅིག་བཙོངས་པ་རེད། དེ་ལྟར་དབྱང་ཞའོ་ལིན་གྱིས་དགའ་སྤྲོའི་ངང་ལས་གཏོད་ལམ་བུའི་ཐོག་གི་གསེར་ཟོམ་དང་པོ་བརྐོས་ཤིང་། ཆུ་སྒྲོལ་ནས་རླབས་གཤགས་པ་དང་།ཆར་པ་ཆད་ནས་གནམ་དྭངས་པའི་སྐབས་སུ་མོར་ཉི་འོད་རབ་ཏུ་འཚེར་ཞིང་འཇའ་ཚོན་ལྷག་པར་བཀྲ་བའི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།མི ་ནི ་དོན ་བཟང ་ལ ་འཕྲད ་དུས ་སྙིང ་སྟོབས་སྐྱིད། བྱ་གསོས་པར་རྒྱལ་ཁ་ཆུང་ངུ་ཐོབ་པས། དབྱང་ཞའོ་ལིན་གྱི་སེམས་ཀྱི་གནོན་ཤུགས་ཀྱང ་ཆུང ་དུ ་ཕྱིན ་པས ། སེམས ་ཁམས ་སྤྲོ ་བས ་ཁེངས་ནས་ལྟོ་ཆས་ཀྱང་མང་དུ་ཕྱིན་ཡོད། སྨན་ཁང་གིས་བསྐྱར་བཤེར་བྱས་པ་བརྒྱུད་ཁོ་མོའི་ནད་ཀྱི་གནས་ཚུལ་ཇེ་ལེགས་བྱུང་ཡོད་པས། ཁོ་མོས་འབྱུང་འགྱུར་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཁོ་མོས་གསོས་པའི་བྱ་དེ་ནག་པོར་སྐད་གྲགས་ཆོད་རྗེས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཁྲོམ་རར་ལྗང་མདོག་བཟའ་བཅའ་དང་འཚོ་བཅུད་ལྡན་པའི་བཟའ་བཅའ་དེ་བས་མང་བ་མཁོ་འདོན་བྱས་ཏེ་མི་དེ་བས་མང་པོས་ཁོང་གིས་གསོ་ཚགས་བྱས་པའི་བྱ་ཤ་དང་སྒོ་ང་མྱོང ་དུ ་འཇུག ་རྩིས ་ཡོད ་ཅེས ་བཤད ་པ ་རེད །འགྱུར་མེད་སྟོབས་ལྡན་གྱི་གཅེན་མོ་འདིས་སྔ་ཙམ་ནས ་ཁོང ་གི ་དབུལ ་སྒྲོལ ་ཕུགས ་འདུན ་མངོན ་འགྱུར་ཐུབ་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྩོམ་སྒྲིག་འགན་ཁུར་བ། ཚའེ་ཡ་ལི། སངས་རྒྱས་དོན་གྲུབ་ཀྱིས་བསྒྱུར།