མེས་རྒྱལ་ལགས། ང་ཁྱེད་ལ་དགའ།

མེས་རྒྱལ་ལགས། ང་ཁྱེད་ལ་དགའ།

དུས་དེབ་དཔྱད་བརྗོད་པས་སྤེལ།


སྟོན་ཟླ་བཅུ་བར། ང་ཚོས་ཀྲུང་གོ་གསར་བའི་ལོ་ངོ70ཡི་འཁྲུངས་སྐར་བསུས། བྱང་གི་རི་རྩེ་ནས་ལྷོ་རྒྱ་མཚོའི་བྲག་རྡོའི་བར། ནུབ་ཀྱི་མཐོ་སྒང་ནས་ཤར་གྱི་ཐང་ཆེན་བར། མི་རྣམས་ཀྱིས་སྐར་ལྔའི་དར་དམར་གཡུག་བཞིན་གླུ་སྐད་ཁྲོད་ནས་མེས་རྒྱལ་ལགས། ཁྱེད་ལ་དགའ་ཞེས་འབོད་ སྐད་སྒྲོག་གིན་གདའ།


མེས ་རྒྱལ ་ལ ་དགའ ་བ ་ནི ་འཇིག ་རྟེན ་འདིར་ཆེས་གཏིང་ཟབ་པ་དང་ཆེས་རྒྱུན་རིང་བའི་བརྩེ ་བ ་དེ ་ཡིན ། སྐུ ་ཞབས ་ལིའང ་ཧེང ་གིས ་བརྩམས་པའ《 མེས་རྒྱལ་ལ་དགའ་བའི་དོན》ཞེས་པར།“ང་ཚོ་ཅིའི་ཕྱིར་མེས་རྒྱལ་ལ་དུང་དགོས་སམ། དེ་ནི་རྒྱལ་ཁབ་ཀྱིས་ཁྱེད་རང་བསྐྱངས་པ་ལ་ཐུག ”ཅེས་གསལ། འདི་ལྟ་བུའི་ཕལ་བའི་སྐད་ཆ་གཅིག་གིས་ཡིད་ཀྱི་དགའ་སྐྱོ་རྨང་ནས་འཕྱོ་བར་བྱེད།

སྔོན་གྱི་དུས་ལ་ཧྥང་ཀྲི་རྨིན་གྱིས་རྒྱལ་ཁབ་དབུལ་ཕོངས་དང་། གཞན་གྱི་བརྙོས་བཅོས་ཁུར་བའི ་སྐབས ་སུ ། ཁོང ་གི《གཅེས ་པའི ་མེས ་རྒྱལ》ཞེས་པར་ཡུམ་ཆེན་ལག“ ངུས་ཏེ་སེམས་ཤིན་ཏུ་སྡུག་པར་སྣང་ཞིང་། མོས་ངའི་བྱིས་པ་ཁྲི་ཁྲི་འབུམ་འབུམ་འདི་ཚོ་བཙས་པ་རང་དུ་ཟད་དམ་ཞེས་སྡུག་དམོད་བྱེད་ཀྱིན་ཡོད་པ་འདྲ། ”ངོ་ཚ་དང་དཀའ་སྡུག་མྱངས་པའི་ལོ་ཟླ་ འདས་ཟིན། དེ་རིང་གི་དུས་ལ། ང་ཚོས་དཔའ་ གདངས་ཀྱི་མགོ་བོ་མཐོ་རུ་བཀྱགས་ཏེ་མེས་རྒྱལ་ ལ་བཅངས་པའི་བརྩེ་སེམས་བརྗོད་ཀྱིན་ཡོད།

མེས་རྒྱལ་ལགས། ང་རང་ཁྱེད་ལ་དགའ།ཁྱེད་ཀྱི་ཐང་ཤིང་ལྟ་བུའི་མཛེས་སྡུག་ལ་དགའ།དཔྱིད་མགོའི་མེ་ཏོག་ལྟ་བུའི་གཤིས་རྒྱུད་ལ་དགའ།

འོ ་ མ ས ་ ན ང ་ སེ མ ས ་བརླན་པར་བྱེད་པ་ལྟ་བུའི་ཕ ་ཡུལ ་གྱི་མངར་ཤིང་ལ་དགའ།

ད་དུང་།དཀའ་སྡུག་ཁྱད་གསོད་ཀྱི་འཚོལ་ཞིབ་ལམ་བུ་ནས། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྟོབས་འབྱོར་བགྲོད་ལམ་བར། དེ་ནས་བསྐྱར་དར་གྱི་ཕུགས་བསམ་མངོན་དུ་འགྱུར་བའི་བར་དུ་ཀྲུང་གོ་གསར་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་གནམ་ས་གོ་འབྱེད་ལྟ་བུའི་གསར་གཏོད་ཀྱི་ལོ་རྒྱུས་ཤིག་ཡིན་ཞིང་།ཆད་མེད་རྒྱུན་མཐུད་ཀྱི་འབད་བརྩོན་ལོ་རྒྱུས་ཤིག་ཀྱང་ཡིན།

དུས་རབས་གསར་པ་ནི་ཕུགས་འདུན་ཅན་དང་བརྩོན་སེམས་ལྡན་པ་རྣམས་ལ་དབང་བའི་དུས་རབས་ཤིག་ཡིན། ང་ཚོས་ཉིན་རེ་བཞིན་གཞི་རིམ་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་བརྩོན་པ་དང་། མཐའ་སྲུང་དམག་མིས་རྒྱལ་ཁབ་ཀྱི་ས་མཚམས་སྲུང་བ། ཁོར་སྲུང་མི་སྣས་སྐྱིད་སྡུག་གཉིས་མྱོང་གིས་གྲོང་ཁྱེར་སྲུང་བའི་ཚུལ་དག་མཐོང་ཐུབ།“ཀྲུང་གོའི་ཕུགས་འདུན་ནི་ཀྲུང་ཧྭ་

མི་རིགས་ཀྱི་ཕུགས་འདུན་ཡིན་ཞིང་། ཀྲུང་གོ་བ་སོ་སོའི་ཕུགས་བསམ་ཡང་ཡིན། ”བརྩོན་འགྲུས་ཀྱི་གོམ་ཁ་ལྷོད་པ་མེད་པའི་རྒྱབ་གཟུགས་བགྲང་གིས་མི་ལོངས་པ་འདི་དག་གིས་འབད་བརྩོན་ལྷོད་ མེད་ཀྱི་རྣམ་པ་ཞིག་གྲུབ་ཡོད་ལ། དེ་ནི་དེ་རིང་གི་ ཀྲུང་གོའི་རྣམ་པ་ཡིན།

རྟོག ་དཔྱོད ་ལས ་མཚོན ་པ ་ལྟར ་ན ། ཕྱི ་འགྲིམས་སློབ་མ་མང་ཆེ་བ་ཕྱིའི་རྒྱལ་ཁབ་ཏུ་ཐོན་རྗེས། མེས་རྒྱལ་ལ་བཅངས་པའི་བརྩེ་བ་སྔར་ལས་ཟབ་པར་གྱུར་ཡོད་དེ། དེ་ནི་ཆ་མེད་ཀྱི་ཡུལ་ལུང་ནས་ཀྲུང་གོ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་གར་སྟེགས་སྟེང་རང་གི་མཛེས་སྡུག་ཕྱིར་མངོན་སྐབས། ཀྲུང་གོ་དང་འབྲེལ་བའི་བརྗོད་གཞི་དང་། ཀྲུང་གོ་བར་དོ་སྣང་མང་དུ་ཐོབ་ཅིང་།“ཀྲུང་གོ”ཞེས་པའི་

ཡིག་འབྲུ་གཉིས་ཀྱིས་མཚོན་པའི་དོན་སྙིང་ཤེས་ཐུབ་པར་རག་ལས།

ས་ཕྱོགས་གང་དུ་གནས་པའམ། ལས་རྐང་ གང་དུ་ཡོད་ཀྱང་མེས་རྒྱལ་གྱི་རྐྱེན་གྱིས་དགའ་ སྐྱོའི་ཡོ་ལངས་རྒྱས་པར་བྱེད་ཅིང་། མདུན་བསྐྱོད་ ཀྱི་སྟོབས་ཤུགས་སྔར་ལས་རྒྱས་ཐུབ།
དེང་གི་དུས་འདིར་ང་ཚོ་དུས་གང་ལས་ཀྱང་མེས་རྒྱལ་ལ་དུངས། རྒྱུ་ མཚན་སྟོབས་ལྡན་གྱི་རྒྱལ་ཁབ་གླེང་གཞི་ནི་ཀྲུང་གོ་མི་དམངས་ཀྱིས་ལུས་བདེ་སེམས་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་རྨང་གཞི་ཡིན་ཞིང་། ང་ཚོས་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་དང་། རྒྱབ་རྟེན་དང་། ཁོངས་གཏོགས་བཅས་ཀྱི་ཚོར་བ་སྔར་ལས་ཟབ་པ་ཞིག་སྐྱེ་སྲིད་དེ།མེས་རྒྱལ་ལ་འཕེལ་རྒྱས་དང་ཡར་ཐོན་སྔ་ན་མེད་པ ་བྱུང་བས་ང་ཚོའི་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་བ་མངོན་དུ་གྱུར་བས་ཡིན།

ང་ཚོའི་རྐང་འོག་གི་ས་གཞི་འདི་ནི་མེས་རྒྱལ་ཡིན་ཞིང་། ང་ཚོ་ཅི་ལྟ་བུ་ཡིན་ན་མེས་རྒྱལ་ ཡང་དེ་ལྟར་ཡིན་ངེས། མེས་རྒྱལ་ལ་བཅངས་པའི་ དགའ་བ་དང་དུང་བ་ནི་ལོ ་ཟླའི་འགྲོས་དང་ བསྟུན་ནས་འགྱུར་མི་སྲིད། མེས་རྒྱལ་དང་སེམས་པ་གཅིག་ཏུ་འདྲེས་ཏེ། མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་གིས་མདུན་དུ་བསྐྱོད་ཅིང་། དུས་ རབས་རླབས་པོ་ཆེའི་རེ་བ་སྟོང་ཟད་དུ་མི་འགྲོ་ བའི་དོན་ལྡན་གྱི་ལོ་རྒྱུས་འབྲི་དགོས།

ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ལྔའི་དཔལ་ཡོན་ལྡན་ཞིང་། སྤྱི་མཐུན་རྒྱལ་ཁབ་ལ་ལོ་ངོ་བདུན་ཅུའི་ལོ་རྒྱུས་མངའ། ཡིན་ན་ཡང་མཐའ་ཡས་གོ་ལ་དང་། གཱང་གའི་ཀླུང་གི་བྱེ་མ་དང་འདྲ་བའི་དུས་དང་། བར་སྟོང་དང་བསྡུར་ན། ང་ཚོའི་མེས་རྒྱལ་ནི་ལང་ཚོ་དར་ལ་བབས་པའི་དུས་སུ་འཁེལ་ཡོད།

མི ་རིགས ་བསྐྱར ་དར ་གྱི ་ཕུགས ་བསམ ་མངོན་འགྱུར་དང་ཇེ་ཉེ་ནས་ཇེ་ཉེ། དུས་ཚོད་རེ་རེ་ནི་མགོ་རྩོམ་ས་གསར་པ་རེ་ཡིན། ལོ་ངོ་བདུན་ཅུའི་འཕོ ་འགྱུར ་ལ ་ཕྱིར ་རྟོག ་ཅིག ་བགྱིས ་ན །ཀྲུང་ཧྭ་མི་རིགས་ཀྱིས་འབད་བརྩོན་གྱི་གོམ་ཁ་ལྷོད ་མྱོང ་མེད ་ཅིང ་། དུས ་རབས ་གསར ་པར ་བདེ ་སྐྱིད ་ཀྱི ་འཚོ ་བར ་རོལ ་གྱིན ་པའི ་ང ་ཚོར ་མཚོན ་ན ་བློ ་སྤོབས ་དང ་བཅས ་སྔར ་གྱི ་གཟི ་བརྗིད ་ལྡན ་པའི ་ལོ ་རྒྱུས ་ཀྱི ་རྒྱུན ་བསྐྱངས ་ཏེ ་མདུན་དུ་བསྐྱོད་དགོས།

འབུམ་མཚོ་སྐྱིད་ཀྱིས་བསྒྱུར།