ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་འཁོར10ལོན་པ།

“ཀྲུང་གོའི་མྱུར་ཚད”ཀྱིས་ངོ་མཚར་ལྡན་པའི་ཡུལ་ཤུལ་བསྐྲུན། “ཀྲུང་གོའི་སྟོབས་ཤུགས”ཀྱིས་ཡུལ་ཤུལ་གསར་པ་བཞེངས། “དམངས་འཚོའི་དྲོད་ཚད”གསར་དུ་ཐོན་ནས་བདེ་སྐྱིད་ལྡན་པའི་ཡུལ་ཤུལ་གྱི“སྙིང་སྟོབས་ཀྱི་མཐོ་ཚད”བཏོད་དེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་དུ་པར་བླངས་པའི་ས་ཡོམ་བརྒྱབ་རྗེས་ཀྱི་བསྐྱར་སྐྲུན་བྱས་པའི་ནག་ཚང་གྲོང་ཚོའི་དགེ་སྲིབ་གྲོང་རྡལ་ཆུང་ངུ་ནས་ཐོན་པ་ཞིག་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མཐོ་སྒང་གི་མུའུ་སྟོང་གི་ནགས་ཤིང་སོན་བཟང་གསོ་སྤེལ་ཚོད་ལྟའི་རྟེན་གཞིར་ས་གནས་དེ་གའི་མང་ཚོགས་ཀྱིས་ཤིང་འཛུགས་ནགས་བཟོ་བྱས་ནས་སྡོང་འཛུགས་མྱུག་གསོ་བྱས་པ།

▲ ཡུལ་ཤུལ་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མས་སློབ་ཁྲིད་ལ་ཉན་པ།

2010ལོའི་ཟླ4པའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རུ་ས་ཡོམ་དྲག་པོ་རིམ་པ7.1གི་ཁྲོད་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།

●ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད72ནང་ཞིག་རོའི་འོག་ནས་མི7856ལ་མྱུར་སྐྱོབ་ཐུབ་ནས་མི6761བསྐྱབས་པ་དང་། མི་ཁྲི22.5གནས་སྤོ་བྱས་ནས་ཞིག་རོའི་འོག་གནོན་པའི་མང་ཚོགས2008བསྐྱབས་པ།

●ལོ་གསུམ་གྱི་གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར447.54བཏང་བ་དང་། བསྐྱར་སྐྲུན་ལས་གཞི1248ལེགས་གྲུབ་བྱུང་བས། གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་འཆར་འགོད་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་།

●གནོད་འཚེ་ཕོག་རྗེས་ཀྱི་ལོ10ཡི་ནང་ལོ་རེར་ནོར་སྲིད་ཀྱི་མ་དངུལ75%ཡན་དམངས་འཚོར་སྤྱད་དེ་འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་། སློབ་གྲྭར་འགྲོ་བ། འགྲིམ་འགྲུལ། སྨན་བཅོས། རྒན་གསོ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

● ལོ་བཅུའི་རིང་རིམ་རྩིས་བྱས་ན་ནགས་ཚལ་མུའུ་ཁྲི83.81བསྐྲུན་པ་དང་། ཐང་རྒོད་ཅན་དང་ས་ནག་གྲམ་ཐང་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི464.73ཟིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་384.88ནས་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར408.9བར་འཕར་ཡོད།

གཡང་སྐྱིད་ཀྱིས་བསྒྱུར།