【ལས་བྱེད་སྡེ་བསྐྱོད】ཁྲི་འདུ་རྫོང་བརྙན་འཕྲིན་ཁང་རོགས་སྐྱོར་བྱ་ཡུལ་གྲོང་ཚོར་བསྐྱོད་དེ་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས་པ།

ཡུལ་ཤུལ་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས6ཉིན། ཁྲི་འདུ་རྫོང་བརྙན་འཕྲིན་ཁང་རོགས་སྐྱོར་བྱ་ཡུལསྡེ་བ་སྟེ་ཀ་སྟོད་ཡུལ་ཚོགྲོ་མོ་ཆེ་གྲོང་ཚོར་ཕྱིན་ཏེ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་། དེ་བཞིན་ཞིང་འབྲོག་མང་ཚོགས་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཡིག་ཆ་ཨང་དང་པོ་གཉིས”ཀྱི་དགོངས་དོན་གསལ་འགྲེལ་བྱས་ཏེ། “ངར་ཤུགས་བསྐྱེད་པ། དབུལ་སྒྲོལ་བརྟན་པོ། འབྱོར་འབྲིང་བསུ་བ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཡུལ་དངོས་ནས་མང་ཚོགས་ཀྱིས་བཏོན་པའི་སྲིད་ཇུས་ཀྱི་དྲི་བར་ལན་བཏང་སྟེ་ཞབས་འདེགས་ཧུར་ཐག་བྱས། ཞིང་དར་དམངས་ཕན་གྱི་སྲིད་ཇུས་ཅི་རིགས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་ཐུབ་པ་བྱས་ཡོད།


སྒྲོག་འགྲེལ་ཚོ་ཆུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཡིག་ཆ་ཨང་དང་པོ་གཉིས”ཀྱི་དགོངས་དོན་དང་། དེ་བཞིན2020ལོའི་ཁྲི་འདུ་རྫོང་སྲིད་གཞུང་གི་བྱ་བའི་སྙན་སྒྲོན་གྱི་ནང་དོན་གཙོ་བོར་དམ་པོར་དམིགས་ཏེ་གོ་བདེ་ཞིང་ཤེས་སླ་བའི་འགྲེལ་བཤད་བརྒྱབ་པ་རེད། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་གསབ་པ། ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་སྲུང་བྱེད་པ། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་་པ། གྲོང་གསེབ་ཀྱི་ཞན་ཆ་གསབ་པའི་འགན་སྲུང་བྱེད་ཐབས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་བྱེད་སྐབས། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་ཞིག་རེད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཡིག་ཆ་ཨང་དང་པོ་གཉིས”ཀྱིས་གྲོང་གསེབ་དར་རྒྱས་ཡོང་བར་གོང་མཐུད་འོག་འདྲེན་གྱི་ནུས་པ་ཐོན་པ་དང་། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་། དོན་བཟང་སྒྲུབ་པ། མཛུབ་ཁྲིད་བྱེད་པ། ལམ་བུ་འདིང་བ་བཅས་ཏན་ཏན་ཏིག་ཏིག་གི་ཡིག་ཆ་ཡག་པོ་དང་། ཐབས་ཇུས་ཡག་པོ། སྙིང་སྟོབས་ཡག་པོ་བཅས་ཡིན་པས། གྲོ་མོ་ཆིའི་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་། “ངར་ཤུགས་འཕེལ་བ། དབུལ་ཐར་བརྟན་པོ། འབྱོར་འབྲིང་བསུ་བ”བཅས་ཀྱི་བྱེད་སྒོ་སྤེལ་བ་དང་ཟུང་འབྲེལ་གྱིས་བྱ་བ་ཧུར་ཐག་སྒྲུབ་པ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་འཁུར་སེམས་མཐོར་འདེགས། སྟོབས་ཤུགས་དངོས་མཐོར་འདེགས། “ངར་ཤུགས་འཕེལ་བ་དང་། དབུལ་ཐར་བརྟན་པོ། འབྱོར་འབྲིང་ལ་བསུ་བ་བཅས་བྱེད་པ”དེ་གྲོ་མོ་ཆེ་གྲོང་ཚོའི་ཕྱོགས་གང་སར་དོན་འཁྱོལ་བྱེད་པ་དང་། ད་ཡོད་ཀྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་དགོས་ཞེས་བསྟན།


ཚོགས་འདུ་གྲོལ་རྗེས། སྒྲོག་འགྲེལ་ཚོ་ཆུང་དང་བཅས་པས་ད་དུང་ཏང་ཡོན་རྒན་གྲས་དང་དབུལ་པོ་ཁྱིམ་ཚང་ཁག་གཅིག་ལ་འཚམས་འདྲི་བྱས་ནས་ཁོང་ཚོ་མི་རེར་འཚམས་འདྲིའི་དངུལ་སྒོར500སྤྲད་པ་རེད། དེ་རྗེས་སྐལ་བཟང་སློབ་ཆུང་གཉིས་པར་བསྐྱོད་དེ་ཡུལ་དངོས་སུ་སློབ་གྲྭ་དེའི་སློབ་གཉེར་ཐོན་ཁུངས་དང་སློབ་མའི་སློབ་ཁྲིད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་རེད། ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད་དེ་མང་ཚོགས་ཀྱིས་ཞིང་དར་དམངས་ཕན་གྱི་སྲིད་ཇུས་དེ་བས་མང་བ་རྒྱུས་ཐོན་ཐུབ་པ་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཧུར་སེམས་སྐོང་འཐེན་ནུས་ལྡན་ཐུབ་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ལ་རྒྱལ་ཁ་ལེན་པའི་་ཡིད་ཆེས་དང་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།