【དུས་རབས་གསར་པ།·ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】ནམ་ཡང་བརྗེད་དུ་མེད་པའི་ཡུལ་ཤུལ་གྱི་དྲན་འཛིན།

རང་རེའི་དྲ་བའི་འཕྲིན། ལོ་ངོ་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་དགོས་མཁོ་ཆེས་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བཙུགས་ཏེ། གནོད་སེལ་བསྐྱར་སྐྲུན་གྱི་ལས་གཞི་ལ་བརྟེན། དབུལ་ཐར་འགག་སྒྲོལ་གཙོར་དམིགས་ཏེ། དམངས་ཚིས“ཞན་ཆ”གསབ་རྒྱུར་དོ་སྣང་ཆེན་པོ་བྱས་ཤིང་། ལོ་རེར་ནོར་སྲིད་མ་དངུལ75%དམངསཚིས་ལས་གཞིའི་སྟེང་སྤྱད་དེ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་སློབ་གྲྭ།འགྲིམ་འགྲུལ།སྨན་བཅོས་དང་རྒན་གསོ་ཐད་ཀྱི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་ནུས་ལྡན་བྱས་ཏེ། ཡུལ་ཤུལ་གྱི་འཕེལ་རྒྱས་སྔར་ལས་ཇེ་ལེགས་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གྱུར་པ་རེད།

2010ལོའི་ཟླ4པའི་ཚེས14ཉིན། ཡུལ་ཤུལ་ལ་ས་ཡོམ་དྲག་པོ་བྱུང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་སོགས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་དང་དོ་ཁུར་བྱ་ཡུལ་ཡུལ་ཤུལ་དུ་འབྱོར། ལོ་བཅུའི་རིང་། ཡོམ་འགོག་གེགས་སེལ་ནས་གེགས་རྗེས་བསྐྱར་སྐྲུན་བར། མི་རིགས་ཀྱི་ཁྱད་ཆོས་ཀྱི་ཀུན་ནས་ཕྱུག་པ་དང་དེང་རབས་ཅན་གྱི་ཉམས་འགྱུར་ལྡན་པའི་ཡུལ་ཤུལ་གསར་པ་ཞིག་གཙང་ཆུའི་ཆུ་འགོ་ནས་དར་ཞིང་རྒྱས་ཡོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཡུལ་ཤུལ་ལ་བཅངས་བའི་བརྩེ་སེམས་ཟབ་མོ་དེ་ཡུལ་ཤུལ་མི་དམངས་ཀྱིས་ནམ་ཡང་བརྗེད་དུ་མེད། གེགས་རྗེས་བསྐྱར་སྐྲུན་གྱི་ལོ་ཟླ་རིང་མོའི་ནང་། སྤྱི་ཚོགས་རིགས་ཁག་གི་རོགས་སྐྲུན་པས་རྔུལ་ཆུ་དང་མིག་ཆུ། ཐ་ན་ཁྲག་དྲོན་ལས་བསྐྲུན་པའི་ཡུལ་ཤུལ། ལོ་བཅུ་འཁོར་བའི་དེ་རིང་། ས་གནས་ཀྱི་ལས་དོན་ཁག་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཡུལ་ཤུལ་གསར་པ་ཞིག་གོམ་སྟབས་བརྟན་པོའི་ངང་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་བཅས། ཏང་དང་རྒྱལ་ཁབ་དང་སྲིད་གཞུང་གི་བཀའ་དྲིན་དང་འབྲལ་ཐབས་མེད་པ་ཡུལ་ཤུལ་མི་དམངས་ཀྱི་སེམས་སུ་བཅངས་ནས་ཡོད།

ཡུལ་ཤུལ་གསར་པ་དེ་མི་ཚང་མའི་ངོས་ནས་བརྗོད་ན་གྲོང་ཁྱེར་ཙམ་མ་ཡིན་པར། དེ་ནི་ཕུགས་འདུན་དང་རེ་སྙེག བདེ་སྐྱིད་བཅས་ཀྱིས་ཁེངས་པའི་ཁྱིམ་གཞིས་ཤིག་ཀྱང་རེད། “གྲོང་བཞི་མཉམ་གཏོད”ཀྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་ནས། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། དེ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དུ་བདེ་བླག་ངང་བདམས་ཐོན་བྱུང་བ་ལ། སྒྲིག་ཆས་ཚང་མ་འཐུས་ཚང་དུ་འཛུགས་སྐྲུན་བྱས་པ་ཙམ་མིན་པར། གྲོང་ཁྱེར་དང་ཡུལ་ཚོའི་རྣམ་པ་གསར་སྐྲུན་བྱས།

ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་སློབ་མ་ཆོས་དབྱང་འཛོམས་དགའ་ཡིས་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ།

བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་ཁྲོད་ཞུགས་ཚད་ཡུལ་ཚོ་དང་སྡེ་བ། སྡོད་ཁུལ། སློབ་གྲྭ་དང་ཁེ་ལས་སོགས་སུ་རྒྱ་བསྐྱེད་དེ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བར་བརྟེན་ནས་མི་སེར་ཁྲི་སྟོང་མང་པོའི་འཚོ་བ་ཇེ་བཟང་དང་། རོང་འབྲོག་མང་ཚོགས་ཀྱི་དཔལ་ཡོན་འདུ་ཤེས་འཛུགས་པ་དང་དཔལ་ཡོན་གྱི་སྤྱི་དམངས་བརྩོན་ལེན་བྱེད་པ། དཔལ་ཡོན་གྱི་སྣང་བརྙན་མངོན་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ། བསམ་པའི་དཔལ་ཡོན་གྱི་ས་བོན་དེ་མང་ཚོགས་ཀྱི་སེམས་སུ་རྩ་བ་ཚུགས་ནས། སྤྱི་ཚོགས་ཡོངས་སུ་རྩེ་མོ་རྒྱས་པའི་འབྲས་རྟགས་སུ་སྨིན་ཡོད་པ་རེད།

དཔལ་ཡོན་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཆེན་པོར་དྲིན་ལན་འཇལ་བྱེད་ཀྱི་ལས་འགུལ་ཅིག་ཏུ་བརྩིས་ནས། ཡུལ་ཤུལ་གྱི་དམངས་ཡོངས་རང་འགུལ་ངང་དེའི་ནང་ཞུགས་པ་དང་། གོང་འོག་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དུས་རིམ་སོ་སོའི་གསར་སྐྲུན་བྱ་འགུལ་ཁྲོད་སྣེ་ཁྲིད་དེ་ཞུགས་ནས། “ཡུལ་ཤུལ་ཀྱི་འཕེལ་རྒྱས་སྔར་ལས་ཇེ་ལེགས་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བའི”ཕུགས་འདུན་བཟང་པོ་བཅངས་པའི་ཡུལ་ཤུལ་གསར་པ་སྔར་ལས་དོན་དངོས་དང་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་ཀྱི་ཁེངས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།