ཡུལ་ཤུལ་གསར་པའི་མཚན་ལྗོངས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གནོད་སེལ་བསྐྱར་སྐྲུན་བྱས་པ་ནས་བཟུང་། ཡུལ་ཤུལ་གྱིས་བྲེལ་བརྩོན་ཆེན་པོས་ལས་གཞི་འཛུགས་སྐྲུན་བྱས་ཏེ། གཙོ་གནད་ལས་གྲྭ་ཁག་གཅིག་གིས་གྲོང་ཁྱེར་གྱི་སྒྲོམ་གཞི་བཙུགས་པ་དང་གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་བས། གྲོང་སྲིད་གསར་བརྗེ་དང་གྲོང་སྲིད་བགྲོད་ལམ་གསར་སྐྲུན་བཅས་བཟོ་སྐྲུན་ཆེ་གྲས་བཅུ་སོགས་ལས་གྲྭ་ལག་བསྟར་དང་བེད་སྤྱོད་བྱས་པས་མང་ཚོགས་ཀྱི་ལས་དོན་དང་འཚོ་བ་དེ་བས་ཀྱང་སྟབས་བདེ་རུ་ཕྱིན་ཡོད། “གཙང་པོ་གཉིས་ཀྱི་མཛེས་ལྗོངས”སོགས་བརྗོད་དོན་གཙོ་བོ་བཅུའི་ལས་གཞི་རབ་དང་རིམ་པ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དེར་དགའ་འོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་གྱིས་བྱུང་། ཉིན་མེའི་མཚན་མོར་ཐོན་ལ་ཉེ་སྐབས། རྫ་ཆུ་གཙང་པོའི་ངོགས་གཉིས་ཀྱི་མཚན་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཏེ། དེའི་མཐའ་སྐོར་དུ་རྐང་ཐང་ངམ་ལུས་ཕུང་སྦྱོང་བརྡར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་གྲོང་ཁྱེར་གསར་པའི་བདེ་སྐྱིད་འཚོ་བ་རོལ་བཞིན་མཆིས།