【ལས་བྱེད་བརྒྱ་ཡིས་ཡུལ་ཤུལ་གསར་པའི་སྐོར་གླེང་བ།】ལྷ་མོ་མཚོས་ཡུལ་ཤུལ་གསར་པས་མི་དམངས་ལ་ཡིད་ཆེས་དང་རེ་བ་སྦྱིན་ཡོད།

གོ་སྐབས་ལ་ངོ་མཚར་ལྡན་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད། ཤི་བ་བསྐྱར་གསོན་གྱི་ཡུལ་ཤུལ་གསར་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིགིས་བསྟན་པའི“ཡུལ་ཤུལ་འཕེལ་རྒྱས་སྔར་ལས་ཇེ་ལེགས། མི་དམངས་འཚོ་བ་སྔར་ལས་ཇེ་ཡག”ཅེས་པའི་དམིགས་ཚད་དེ་ཡིད་ལ་བཟུང་ནས། རིམ་བཞིན་སྐྱེ་ཁམས་མཛེས་སྡུག་ལྡན་ཞིངསྤྱི་ཚོགས་ཞི་མཐུན་ལྡན་པ། དཔལ་འབྱོར་འཕེལ་རྒྱས། མི་དམངས་བདེ་སྐྱིད་ལྡན་པ། མཛེས་སྡུག་ལྡན་པའི་ཡུལ་ཤུལ་བཅས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

ཡོམ་འགོག་གེགས་སེལ་གྱི་ལོ་བཅུའི་རིང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ནི་དུས་རབས་གསར་པ་དང་ཡུལ་ཤུལ་གསར་པའི་འཚོ་བ་གསར་པ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པ་མ་ཟད། ཡུལ་ཤུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པའི་དཔང་པོ་ཡང་ང་རེད།

ཡུལ་ཤུལ་གྱིས་ཁྱབ་སྒྲོག་བྱས་པ་དང་ཡུལ་ཤུལ་གསར་འགྱུར་དྲ་བས་ཟླ་4ཚེས9ཉིན་ནས་བཟུང་སྟེ། 【ལས་བྱེད་བརྒྱ་ཡིས་ཡུལ་ཤུལ་གསར་པར་གླེང་བ】ུཞེས་པའི་ཆེད་བསྒྲིགས་ལེ་ཚན་བཟོས་ཏེ། ཡུལ་ཤུལ་ལས་བྱེད་པའི་མྱོང་ཚོར་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་ཀློག་པ་པོ་རྣམས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

ཡུལ་ཤུལ་གསར་པས་མི་དམངས་ལ་ཡིད་ཆེས་དང་རེ་བ་སྦྱིན་སོང་ཞེས་རྫ་སྟོད་རྫོང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའི་པུའུ་ཀྲང་ལྷ་མོ་མཚོས་བཤད་བྱུང་།


ལོ་བཅུ་པོ་དེ་ནི་སྤྱིར་བཏང་དང་མི་འདྲ་བའི་ལོ་བཅུ་དང་། འབད་འབུངས་ཡར་བརྩོན་གྱི་ལོ་བཅུ་། ཡུལ་ཤུལ་སླར་གསོན་གྱི་ལོ་བཅུ་དང་། འཕེལ་རྒྱས་མཆོང་སྐྱོད་ཀྱི་ལོ་བཅུ། སྙིང་སྟོབས་རྡུང་བཟོ་བྱས་པའི་ལོ་བཅུ་བཅས་རེད།

ལོ་བཅུའི་རིང་ང་ཚོས་སྡོད་ཁང་མཛེས་ཤོས་དང་། སྲ་བརྟན་ཤོས་ཀྱི་སློབ་གྲྭ སྤྱོད་གོ་ཆེ་བའི་ཐང་ཆེན། དེང་རབས་ཅན་གྱི་སྨན་ཁང་། མཚོན་རྟགས་རང་བཞིན་ཆེ་ཤོས་བཅས་ཀྱི་སྐྲུན་དངོས་བསྐྲུན་ཡོད། ང་ཚོའི་འབད་བརྩོན་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བློར་བབ་པ་བྱུང་ཡོད།

ས་ཡོམ་ལས་བྱུང་བའི་རྨས་སྐྱོན་ཕལ་ཆེརདྲག་སྐྱེད་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་དེས་ང་ཚོར་ལག་པ་གཡོབ། གསོན་ཉམས་ལྡན་པའི་ཡུལ་ཤུལ་གསར་པ་ཞིག་གིས་མཚོ་བོད་དབུས་སུ་གནས་པའི་ཡུལ་ཤུལ་མི་དམངས་ལ་ཡིད་ཆེས་དང་རེ་བ་སྦྱིན་ཡོད།

ཡུལ་ཤུལ་གསར་པ་དང་་འགོ་འཛུགས་ས་གསར་པས་རྒྱ་ཆེའི་ཡུལ་ཤུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་གཅེས་གཅེས་སེམས་ཁྱིམ་ཚང་ལ་སྤྲོ་སེམས་ཡོད་པ་དང་། དམིགས་ཡུལ་ལག་ལེན་བསྟར་བར་གཏིང་ཟབ་ཡོད་པ། བདེན་འཚོལ་དངོས་སྒྲུབ་ལ་གར་ཚད་ཡོད་པ། བྱས་རྗེས་འཇོག་པར་དྲོད་ཚད་ཡོད་པ། བདེན་མིན་གསལ་འབྱེད་བྱེད་པར་མཐོ་ཚད་ཡོད་པ། ལས་དོན་དོན་གཉེར་བྱེད་པར་ཤུགས་ཚད་ཡོད་པ། ངོ་མཚར་ཆེ་བའི་གཏམ་རྒྱུད་འབྲི་བར་ཤུགས་ཚད་ཡོད་པ་བཅས་ཀྱི་རེ་བ་བཏོན་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།