【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】ཡུལ་ཤུལ་གསར་པ་ལོ་བཅུ་ལ་སོན་པ།

ཡུལ་ཤུལ་ནི་ཀྲུང་ཡོན་རིག་གནས་ཁྲོད་ཆེས་ཐོག་མར་ལྷ་ཡུལ་ཁམས་ཀྱི་ལྷ་སྡོང་ཞིག་ཡིན་ཞིང་། བོད་སྐད་ནང་ས་མིང་གི་ངོས་ནས་བརྗོད་ན“གནའ་ཤུལ”ཅིག་ཡིན་པ་དང་། དེའི་ཁྲོད་ནས་ཡུལ་ཤུལ་ནི་གནའ་སྔ་མོ་ནས་མིའི་རིགས་ཀྱི་ཤེས་དཔལ་ལྡན་པའི་ས་ཆ་ཞིག་ཡིན་པ་མཐོང་ཐུབ་པ་དང་ཆབས་ཅིག མིང་དེ་ཡུལ་ཤུལ་ས་ཡོམ་རྒྱག་སླ་བའི་ཁུལ་དུ་གནས་པ་དང་འབྲེལ་བ་ཡོད་པ་མཐོང་ཐུབ།

ལོ་བཅུའི་གོང་གི་ཟླ4པའི་ཚེས14ཉིན། ས་ཡོམ་ཆེན་པོ་བྱུང་་ནས་ཡུལ་ཤུལ་གྱི་ས་གཞི་ཆེ་མོར་ཁང་པ་ལྷབ་ལྷུབ་ཏུ་གཡོ་ཞིང་མི་རྣམས་ཀྱི་སྲོག་ཤོར་བ། རི་མཐོ་བའི་མགོ་སྒུར་ནས་གཙང་པོའི་མིག་ཆུ་ཤོར་བ། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག ཞིང་ཆེན་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མགྱོགས་མྱུར་རོགས་སྐྱོབ་བྱས་ཏེ། ཡོམ་འགོག་གེགས་སེལ་ནས་ཡོམ་རྗེས་བསྐྱར་སྐྲུན་བར་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཅན་གྱི་ཉམས་འགྱུར་ལྡན་པའི་ཡུལ་ཤུལ་གསར་པ་ཞིག་གཙང་ཆུའི་ཆུ་འགོ་ནས་ལངས་ཡོད། ལོ་བཅུའི་རིང་ཡུལ་ཤུལ་མི་དམངས་ཀྱིས་དྲིན་ཚོར་ཡར་བརྩོན་བྱས་པ་དང་། ས་གནས་དེ་གའི་ལས་དོན་ཁག་འཕེལ་རྒྱས་མྱུར་པོ་བྱུང་བ། མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཡུལ་ཤུལ་གསར་པ་ཞིག་གོམ་སྟབས་བརྟན་པོའི་ངང་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།

སྐྱེ་རྒུ་གྲོང་རྡལ་གྱི་ཡུལ་སྐོར་པའི་བསྡུ་འགྲེམ་ལྟེ་གནས།

རྫ་ཆུའི་ཆུ་འགྲམ།

སྐྱེ་རྒུ་གྲོང་རྡལ་ལ་བྱ་་ལྟ་བྱས་པའི་རྣམ་པ།

ཞོགས་པའི་ཉི་གཞོན་ཁྲོད་ཀྱི་ཡུལ་ཤུལ་གསར་པ།

དེང་རབས་ཅན་གྱི་སློབ་གྲྭ་གསར་པ།

རྟ་རྒྱུག་འགྲན་སྡུར་དགའ་སྤྲོ།

གཡང་སྐྱིད་ཀྱིས་བསྒྱུར།