【དུས་རབས་གསར་པ།ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】

— ཡུལ་ཤུལ་གྱི་གནས་སྤོས་ཡུལ་མིའི་གཞིས་ཁུལ་གྱི་བདེ་སྐྱིད་འཚོ་བ།

ཁྱིམ་ཚང600དང་ཁྱིམ་མི2360ཡོད།

སྔོན་ཆད་ཁོ་ཚོ་རི་མཐོ་གཡང་གཟར་གྱི་ལུང་པ་ནས་ཕྱི་རོལ་དུ་འགྲོ་སའི་ལམ་ཁ་ཚང་མ་རི་བྲག་གིས་བཅད་ཡོད་པས།

ཁོང་ཚོས་རི་བོ་འདིའི་ཕ་རོལ་ན་ཁྱིམ་ཚང་ཞིག་ཡོད་པར་རེ་བ་བྱེད་ཀྱིན་ཡོད།

2018ལོའི་ཟླ10པར། ཡུལ་ཤུལ་གྲོང་འདབས་ཀྱི་ཤར་ངོས་སུ་སྤྱི་ལེ་གཅིག་གི་སར་གྲལ་བསྟར་འགྲིག་ལ་མཛེས་རྒྱན་སྤྲས་པའི་ཐོག་ཁང་དག་འགྱིང་ངེར་གནས་ཤིང་། དེ་ནི་ཡུལ་ཤུལ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཡིན་པ་དང་།དེ་རུ་འགྲིམ་འགྲུལ་སོགས་ཧ་ཅང་སྟབས་བདེ་ཡིན།ལོ་དེའི་ལོ་མཇུག་ཏུ་ཁྱིམ་ཚང600ཡི་མི2360ནང་སྡོད་འཆར་གཞི་མངོན་འགྱུར་བྱུང་བ་རེད།

དཔྱིད་ཟླ་བཞི་པར་གནས་སྤོས་ཡུལ་མི་གཞིས་ཁུལ་དེར་བསྐྱོད་སྐབས།གང་སར་རོང་འབྲོག་པའི་དགོད་སྒྲས་ཁེངས་བཞིན་མི2360ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

རོང་འབྲོག་པ2360སྦྲ་གུར་ནས་ཁང་པའི་ནང་སྤོས་པ།

ཁྱིམ་བདག་མ་པད་མ་ཆོས་སྐྱིད་ཀྱིས་དེ་རིང་ཉི་ཡག་སྐར་བཟང་རེད། བསམ་དོན་ཐམས་ཅད་ལྷུན་གྱིས་འགྲུབ་ཅེས་པའི་གླུ་སྐད་སྙན་མོ་ཡིས་ཁང་པའི་བར་ཁྱམས་ནང་ཁྱབ་འདུག

“སྦྲ་ནག་ནས་ཁང་བརྩེགས་བར་དང་། ལུང་པ་ནས་གྲོང་ཁྱེར་བར་ནི་འཚོ་བའི་སྤུས་ཚད་ཀྱི་མཆོངས་བསྐྱོད་ཅིག་ཡིན་པ་དང་། དེ་ནི་འཚོ་བ་སྐྱེལ་སྟངས་ཐད་ཀྱི་འཕོ་འགྱུར་ཞིག་རེད། ཁང་པ་གསར་པའི་ནང་སྤོས་པའི་མྱོང་ཚོར་སྐོར་གླེང་སྐབས་པད་མ་ཆོས་སྐྱིད་ཀྱིས“ཐབ་ཚང་གི་ཚལ་འཁྲུད་ས་དང་གསང་སྤྱོད་ཀྱི་ཆུ་ཚ་པོ་བཟོ་ཆས་ཚང་མ། ཏང་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་ཤ་སྟག་ཡིན་ལ་གྱང་ལ་རྩི་བྱུགས་ཀྱང་ཡག་པོ་བརྒྱབ་ཡོད། ང་ཚོས་སྒོར་བརྒྱ་ཕྲག་ཁ་ཤས་སྤྱད་དེ་པང་གཅལ་བཏིངས་པ་དང་ནོར་ལུག་ཁ་ཤས་བཙོངས་ནས་སྟབས་བདེའི་ཁྱིམ་ཆས་ཉོས་རྗེས། གཞི་ནས་དྲོ་སྐྱིད་ལྡན་པའི་ཁང་པ་འདི་འདྲ་ཞིག་ནང་སྤོས་པ་དེ་ནི་ངའི་རྨི་ལམ་དུའང་རྨིས་མ་མྱོང་བའི་འཚོ་བ་ཞིག་རེད་ཟེར།

ཡུལ་ཤུལ་གྲོང་ཁྱེར་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུན་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན།ཡུལ་གཞན་དུ་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ནི“ཡུལ་ཤུལ་གྲོང་ཁྱེར་གྱི་དབུལ་སྐྱོར་གནས་སྤོའི”ལས་གཞིའི་ཁོངས་སུ་གཏོགས་པ་དང་།2017ལོར་ལས་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི21920.16བཏང་ནས། ཁྱོན་ཁང་བརྩེགས12བསྐྲུན་པ་དང་། ཁང་བརྩེགས་རེར་ཐོག་བརྩེགས6ཡོད་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་སྨི་ངོས་གྲུ་བཞི་མ80ཡོད་པ་དེ་དག་ཡུལ་ཤུལ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་ཚོ་དང་གྲོང་རྡལ8དང་། ཡུལ་ཚོ47གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་སྡོད་ཁང་སྤྱིལ་བུའི་ཁུལ་སྒྱུར་བཀོད་བཀོད་སྒྲིག་དུད་ཚང་ལ་སྤྱོད་རྒྱུ་ཡིན་པ་རེད། ལས་གཞི་དེ2018ལོའི་ཟླ10པར་ལེགས་གྲུབ་ཟིན་པ་དང་། ལོ་མཇུག་ཏུ་དུད་ཚང600ཡི་མི2360སྡོད་རྒྱུའི་འཆར་གཞི་མངོན་འགྱུར་བྱུང་ཡོད།

“གཅིག་སྡུད་བཀོད་སྒྲིག་བྱས་པའི་ཡུལ་གཞན་དུ་གནས་སྤོས་དུད་ཚང600ཡི་ངོས་ནས་བརྗོད་ན། ཡུལ་གཞན་དུ་གནས་སྤོའི་དབུལ་སྒྲོལ་སྲིད་ཇུས་ལག་བསྟར་མི་བྱེད་ཐབས་མེད་རེད། ཁོང་ཚོས་རི་མཐོ་གཡང་གཟར་གྱི་ལུང་པའི་ནང་འཚོ་བ་སྐྱེལ་བཞིན་ཡོད་པས། རང་བྱུང་ཆ་རྐྱེན་ཞན་པ་དང་། ས་རྒྱུ་ཞན་པ། གནོད་འཚེ་ཡང་ཡང་ཐོན་པ། ཆ་འཕྲིན་བཀོལ་སྤྱོད་མི་ཐུབ་པ།  མི་མང་ཆེ་བས་སྔར་བཞིན་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་སྤྱོད་པ་དང་། ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ། ཡོང་འབབ་བརྟན་པོ་མེད་པ། ད་ཡོད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གྱིས་མི་རྣམས་ཀྱི་དངོས་པོ་དང་བསམ་པའི་དགོས་མཁོ་བསྐང་མི་ཐུབ་པ་བཅས་ཀྱི་གནད་དོན་ལ་གཞིགས་ནས། ཡུལ་ཤུལ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས‘སྲིད་གཞུང་གིས་གཙོ་ཁྲིད་དང་། མང་ཚོགས་རང་མོས། ཧུར་བརྩོན་བརྟན་པོ། རིགས་དབྱེ་ལག་བསྟར’བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཡུལ་གཞན་དུ་གནས་སྤོའི་ཐབས་ཇུས་ལག་བསྟར་བྱས་པ་རེད་ཅེས་བཤད།

གནས་སྤོའི་ཁྱིམ་ཚང600ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ།

མི་སྡོད་ཁང་གསར་པར་སྤོས་རྗེས་གནས་སྤོས་བྱས་པའི་ཞིང་འབྲོག་པ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་ཡུལ་ཤུལ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་དོ་ཁུར་བྱེད་པའི་གཙོ་གནད་དུ་གྱུར་ཡོད།

“ངས་སྡེ་ལས་ཀུང་སིར་གཙང་སྦྲའི་ལས་ཀ་བྱེད་ཀྱི་ཡོད། ཟླ་རེར་གཏན་འཇགས་ཡོང་འབབ་སྒོར1500ཡོད། ཁྱོ་ག་ཡང་ཚོང་རྒྱག་རྒྱུར་བྲེལ་ཞིང་། དུས་དང་རྣམ་པ་ཀུན་ཏུ་འཚོ་བའི་འགྲོ་གྲོན་ཕྲན་བུ་རག་གི་ཡོད། ད་ཆར་ང་ཚོའི་ཁྱིམ་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ད་ལྟའི་འཚོ་བའི་སྐོར་གླེང་སྐབས། པད་མ་ཆོས་སྐྱིད་ཀྱི་གདོང་ལ་འཛུམ་ཀྱིས་ཁེངས་བཞིན། “ད་ལྟ་ཁྱིམ་ནས་སྒོ་ཁ་བུད་མ་ཐག་བུ་བཅོལ་ཁང་ཡིན། ད་ལོའི་དཔྱིད་དུས་སུ་བུ་བཅོལ་ཁང་བཙུགས་རྗེས་ངའི་ཕྲུ་གུ་གསུམ་པོ་བུ་བཅོལ་ཁང་དུ་བསྐྱལ་ཆོག་འདུག་ཟེར།

“བཟོ་ལས་འཚམ་སར་བཟོ་ལས་དང་། ཞིང་ལས་འཚམ་སར་ཞིང་ལས། ཚོང་ལས་འཚམ་སར་ཚོང་། ཡུལ་སྐོར་འཚམ་སར་ཡུལ་སྐོར་བྱེད’བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཡུལ་གཞན་དུ་གནས་སྤོས་དུད་ཚང་ལ་ས་གནས་དེ་གའི་ལེགས་ལྡན་ཐོན་ལས་གསར་སྤེལ་གཉེར་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། ཡུལ་གཞན་དུ་གནས་སྤོས་ཁྱིམ་ཚང་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏང་བ་དང་། སྲིད་གཞུང་གི་སྲིད་ཇུས་རང་བཞིན་གྱི་ཁྲག་དེ་གནས་སྤོས་དུད་ཚང་ལ་གོང་ཁོ་ནའི་རོགས་སྐྱོར་ལ་རེ་བ་དང་རང་ཁ་རང་གསོ་རུ་འགྱུར་ལྡོག་བཏང་སྟེ། གནས་སྤོས་དུད་ཚང་ཡུན་རིང་བརྟན་ལྷིང་གི་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་དེ། ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་རེད།” ཅེས་གསར་འགོད་པར་བཤད། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གནས་སྤོས་མང་ཚོགས་ཀྱི་དང་ལེན་ཧུར་ཐག་འོག་ད་ཆར་མི340བརྟན་པོའི་ངང་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། དེ་བྱིངས་མི260སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གྱུར་ཡོད།

ལོ་ཙཱ་བ།རྟ་མགྲིན་དཔལ།