ཡུལ་ཤུལ་ཁུལ་གྱིས་རིམས་འགོག་ལྷོད་གཡེང་མི་བྱེད་ཁར་ཞིང་ལས་འཐུས་ཤོར་མི་འགྲོ་བར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།ད་ལྟ་དཔྱིད་རྨོད་གྲ་སྒྲོག་གི་དུས་ཚིགས་ཡག་པོ་ཞིག་རེད། སྤྱི་ཟླ2པའི་ཚེས25ཉིན་གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཞིང་འབྲོག་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྣང་ཆེན་བྱེད་པ་དང་དུས་མཚུངས་སྔ་མོ་ནས་སྐུལ་སློང་དང་། སྔ་མོ་ནས་ལག་ལེན་དུ་བཏབ་སྟེ། སྔ་མོ་ནས་བཀོད་སྒྲིག་རྒྱག་པ་བཅས་བྱས་ནས་དཔྱིད་རྨོད་དུས་འགོའི་གྲ་སྒྲིག་བྱ་བ་ཧུར་ཐག་སྒོས་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོད་རྨོད་འདེབས་ཀྱི་ཐོན་སྐྱེད་ལ་འཐུས་ཤོར་མི་འགྲོ་བར་འགན་ལེན་བྱས་པ་རེད།

བྱ་བ་སྤེལ་རིང་ཡུལ་ཤུལ་ཁུལ་གྱིས་ལུད་རྫས་དང་ཞིང་སྨན་ཉུང་གཏོང།ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ཚོད་ལྟའི་ལས་འགན་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་སྐྱེ་ལྡན་ལུད་ཁྱོན་ཡོངས་སུ་ཁྱབ་པར་འགན་ལེན་བྱས་པ་རེད། 2020ལོར་ཁུལ་ཡོངས་ཀྱི་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ཚོད་ལྟའི་ལས་གཞི་ལག་བསྟར་ལས་འགན་སྤྱི་ཆིང11533.3ཟིན་པ་དང་སྐྱེ་ལྡན་ལུད་ཏུན་ཁྲི6.92ཉོ་རྒྱུ་ཡིན་པ་རེད། ད་ལྟ་ལྷུ་ལག་ཚང་བའི་མ་དངུལ་མཐུན་སྦྱོར་དོན་འཁྱོལ་བྱས་ནས་སྒྲིག་ཁོངས་ཇུས་གཞི་དང་ཚད་ལྡན་གྱི་དུས་འགོའི་གྲ་སྒྲིག་བྱ་བ་སྤེལ་བཞིན་ཡོད་པ་རེད།

དེ་དང་ཆབས་ཅིག འབྲུ་རིགས་དང་སྔོ་ཚལ་གཟན་ཆག་སོགས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་དང་། དྲོད་ཁང་སྤྱོད་ཚད། ཞིང་སྤྱོད་དངོས་རྫས་ཀྱི་དགོས་མཁོ། ཉོ་ཚོང་སོགས་མཐིལ་རྟོགས་བརྟག་དཔྱད་ཀྱི་དུས་འགོའི་གྲ་སྒྲིག་བྱ་བ་ཧུར་ཐག་སྒོས་སྤེལ་ཡོད་པ་རེད། སྐྱེ་ལྡན་ལུད་དང་སྐྱེ་དངོས་ཀྱི་སོན་བཟང་སྣ་ཚོགས་སོགས་དངོས་ཟོག་ཉོ་སྒྲུབ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྤུས་ཚད་ལ་འཐེན་བཤེར་བྱེད་པ། མཁོ་སྤྲོད་གྲབས་གསོག་སོགས་ཀྱི་གནས་ཚུལ་གྱི་དུས་འགོའི་གྲ་སྒྲིག་བྱ་བ་གཙོ་གནད་ཐོག་སྤེལ་བ་དང་། ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཁྲིམས་འཛིན་བྱེད་སྒོ་དུས་ཐོག་ཏུ་སྤེལ་བ་དང་། ཞིང་སྤྱོད་དངོས་རྫས་ཁྲོམ་ར་གཙང་མ་བཟོ་བ། ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པ། ཞིང་པ་མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱེད་པ།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོད་རྨོད་འདེབས་ཀྱི“ཕྱོགས་གཉིས་ཀ་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཡུལ་ཤུལ་ཁུལ་གྱིས་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང12246.6ཟིན་པའི་ནང་ནས་སྤྱི་ཆིང་7800དང་། ཞོག་ཁོག་སྤྱི་ཆིང་713.3ལོག་དཀར་སྤྱི་ཆིང133.3སྔོ་ཚལ་སྤྱི་ཆིང་400ཡུག་པོ་སྤྱི་ཆིང་2660ཝུའུ་ཀེན་སྤྱི་ཆིང་540བཅས་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།