སྐྱེ་ཁམས་ཡུལ་ཤུལ་གྱི་མཛེས་ཉམས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་མཚོ་བོད་ས་མཐོའི་དབུས་ཁུལ་གྱི་གཙང་གསུམ་ཆུ་འགོར་གནས་པ་དང་། འདི་གར་ས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། སྐྱེ་དངོས་སྣ་མང་། ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་བཅས་ཡོད། རྒྱལ་ཡོངས་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་གནས་བབ་དམིགས་བསལ་དང་གལ་ཆེ་བ་ཞིག་ཡིན་ལ། དེར་གངས་རི་དང་། འཁྱགས་རོམ། གཙང་ཆུ། མཚེའུ། འདམ་ར་སོགས་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། མི་མང་པོ་ཞིག་ཡུལ་ཤུལ་དུ་སླེབས་པའི་ཚེ། ས་གནས་དེ་གའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་ཡིད་དབང་བཀུག་པ་དང་རྟ་རྒྱུག་དུས་ཆེན་དང་། སྐྱེ་ཁམས་རོལ་དབྱངས་དུས་ཆེན། བྱེས་བགྲོད་འཐེན་ཤུགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ལས་ཡུལ་ཤུལ་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ་དེ་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

འདི་ནི་ཡུལ་ཤུལ་མཁར་གྲོང་གི་རྣམ་པ་རེད།

འདི་ནི་རྟ་རྒྱུག་དུས་ཆེན་གྱི་ཟུར་ཞིག

འདི་ནི་རྒྱ་ཆེའི་མང་ཚོགས་ཀྱིས་གླུ་ལེན་གར་རྩེད་བྱེད་པའི་རྣམ་པ་རེད།

ཀླུ་མོས་བསྒྱུར།