མི་རིགས་སོ་སོས་མཐུན་སྒྲིལ་ངང་ཡུལ་ཤུལ་གསར་པ་འཛུགས་སྐྲུན་བྱས་པ།

ཡང་བསྐྱར་གསར་སྐྲུན་གྱིས་གྱེན་དུ་འགྲེང་བའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་འབུམ4ལྷག་གིས་སེམས་སུ་བརྩེ་བའི་བཀའ་དྲིན་ཉར་ཡོད་ལ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་བ་དེ་ནི་དྲིན་གྱི་བུ་ལོན་དུ་བྱས་ཏེ། གོང་འོག་བར་གསུམ་ཚང་མས་ཡུལ་ཤུལ་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་དང་དུ་བླངས་ཡོད།

ང་ཚོས་ཡུལ་ཤུལ་གྱི་རིམ་པ་སོ་སོའི་ལས་ཁུངས་དང་ཞིང་སྡེའི་བར་དུ་ཕན་གྲོགས་ཆ་སྡེབ་མི་འདྲ་བ300ལྷག་གྲུབ་ཡོད་ལ། དམག་སའི་བར་དུ་ཕན་གྲོགས་ཆ་སྡེབ21 ཁེ་ལས་དང་སྡེ་བ་གཞིས་ཁུལ་བར་དུ་ཕན་གྲོགས་ཆ་སྡེབ60ལྷག་བཅས་ཡོད། ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་མི་སྣ33གྱིས་དགོན་པ33གྱི་སྤྲུལ་སྐུ་དང་མཁན་པོ33ལ་འབྲེལ་གཏུག་བྱས་ཏེ། ཕྱོགས་གཅིག་ནས་རྨང་གཞིའི་འཛུགས་སྐྲུན་དངོས་ལག་བསྟར་བྱེད་པའི་ནུས་ཤུགས་མུ་མཐུད་དུ་ཆེས་ཆེར་བཏང་ནས། ཁུལ་དང་རྫོང་དག་ལ་རིམ་པ་གཉིས་པའི་སྣུམ་ལམ་གྱིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ་ལ་བགྲོད་ལམ་ཤར་གཏོང་ཐུབ་པའི་ཚད་གཞི93%ལ་སླེབས་པ་དང་བརྡ་འཕྲིན་གྱིས་ཁེབས་ཚད80%ཡི་ཡན་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་ཁེབས་ཚད95%ཡི་ཡན་བཅས་ལ་སླེབས། ཕྱོགས་གཞན་ཞིག་ནས330KVགློག་དྲ་ཆེན་པོ་དང110KVགློག་དྲ་དག་གྲོང་ཁྱེར་དང་རྫོང་དྲུག་གི་མཉམ་འབྲེལ་དྲ་བའི་བཟོ་སྐྲུན་ལ་མཐུད་ནས། ཡུལ་ཤུལ་གྱི་གློག་དྲ་མེད་པའི་ལོ་རྒྱུས་དེ་མཇུག་རྫོགས་པ་མ་ཟད། མང་ཚོགས་ཁྲི29ལྷག་གི་གློག་སྤྱོད་པའི་གནད་དོན་དེ་ཐག་གཅོད་བྱས་པ་རེད། དེ་ལས་གཞན་ཡུལ་ཤུལ་གྲོང་ཁྱེར་སྲོག་ཤིང་དུ་བཟུང་སྟེ་འཕྲུལ་ཤེས་གྲོང་ཁྱེར་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་བླངས། ཡུལ་ཤུལ་གྲོང་ཁྱེར་དེ་མཚོ་སྔོན་བོད་ཁུལ་གྱི་འཕྲུལ་ཤེས་གྲོང་ཁྱེར་དང་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་ལ་གྱུར་དུ་བཅུག། དེ་དང་ཆབས་ཅིག རིགས་མི་འདྲ་བའི་དམངས་ཕན་སྲིད་ཇུས་མང་པོ་ཞིག་མངོན་འགྱུར་བྱུང་དུ་བཅུག་ཡོད།

འཚོ་བ་གསར་པར་དམ་དུ་འཁྱུད་པའི་ཡུལ་ཤུལ་མི་རྣམས་ཀྱིས་མི་རིགས་སོ་སོའི་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་ཁྲོད་དཔེར་མཚོན་དཔྱད་འདེམས་ཀྱིས་མིག་དཔེ་བརྩོན་ལེན་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པ་དེ་ཡུལ་ཤུལ་གྱི་སྔོན་ཐོན་དཔེར་མཚོན་གྱི་དགོས་ངེས་ཆ་རྐྱེན་དུ་བཟུང་ནས། རིགས་སོ་སོའི་གསར་སྐྲུན་དཔྱད་འཇོག་བྱེད་སྒོའི་ཁྲོད་མཉམ་བསྲེས་བྱས་ཤིང་། དཔེར་མཚོན་སྣེ་ཁྲིད་ཀྱི་འདོན་སྤེལ་ནུས་ལྡན་དང་འགྱེད་འཕྲོའི་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་པར་བྱས་ཡོད།

མི་རིགས་མཐུན་སྒྲིལ་གྱི་ཐད་མཐོང་མཚོན་ཚུལ་ཐད་གཞི་རིམ་ལས་བྱེད་མི་སྣ་པ་སངས་ཚེ་རིང་ལ་སྐད་ཆ་བཤད་པའི་དབང་ཆ་ཡོད་པ་རེད། ཁོ་ནི་ཡུལ་ཤུལ་གྲོང་ཁྱེར་གྲོང་གསར་སྲང་ལམ་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཡིན་ལ། ཁོའི་ཉིན་རྒྱུན་གྱི་བྱ་བ་ནི་སྲང་ལམ་གྱི་མགོ་མཇུག་བར་གསུམ་མྱུལ་རྒྱུ་དེ་ཡིན། ཁོས་བཤད་རྒྱུར། གང་ལྟར་ཁྱིམ་མཚེས་ཀྱི་བར་དང་གྲོགས་པོའི་བར་གང་ཞིག་ཡིན་རུང་། གལ་ཏེ་སུ་ཚང་ལ་དཀའ་ཁག་ཡོད་ན། མི་རིགས་ལ་དབྱེ་བ་མེད་པར་ཚང་མ་སོང་ནས་རོགས་རམ་བྱས་ཏེ། སྲང་ལམ་དོན་གཅོད་ཁང་གི་རིགས་སོ་སོའི་མང་ཚོགས་བར་ལ་འདྲིས་ཤིང་ལོབས་པར་གྱུར་ཡོད་ཟེར། རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་མོ་ཟུག་ཡོད་ལ། འདི་དག་ཚང་མ་ཡུལ་ཤུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་བའི་བསྡུས་གཟུགས་ཡང་ཡིན་ངེས།

སྤྱིའི་མི་གྲངས་ལས་བོད་རིགས་ཀྱིས98%ཟིན་ཡོད་ལ། དེར་མ་ཟད་རྒྱ་དང་ཧའེ་རིགས། ཧོར། སོག་པོ། ས་ལར་སོགས་མི་རིགས་ཀྱིས་གྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་ཤིག་སྟེ། ཡུལ་ཤུལ་ཁུལ་གྱི་མི་རིགས་མཐུན་སྒྲིལ་བྱ་བ་ནི་བྱ་བ་ཡོད་ཚད་ཀྱི་ཚེ་སྲོག་ལྟ་བུ་ཡིན། རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་གསར་གཏོད་བྱ་བ་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཇུག་འབྲས་ཁྲོད་བཞག་སྟེ། ཚན་རིག་འཕེལ་རྒྱས་དང་ཡུན་གཏན་ཡུན་འཇགས་ཀྱི་གཅིག་གྱུར་བཀོད་སྒྲིག་བྱ་བར་སྐུལ་འདེད་བྱས། ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་འགན་འཁྲི་སྲ་བརྟན་ཅན་ཏུ་བཏང་སྟེ། གསར་སྐྲུན་གཞུང་སྒྲུབ་ཁང་གི་སྣེ་ཁྲིད་འོག ས་ཁུལ་སོ་སོའི་སྡེ་ཁག་དག་ལ་མཉམ་འབྲེལ་སྒོས་སྤྱི་ཚོགས་ལས་རིགས་སོ་སོ་འགོ་ཁྲིད་སྒྲིག་གཞི་དང་བྱ་བའི་སྒྲིག་གཞིའི་ཁྲོད་ཞུགས།

ཡུལ་ཤུལ་གྲོང་ཁྱེར་དུ“ཧྲུའུ་ཅིའི་ཤར་གཏོང་རླངས་འཁོར།” དང“རྨང་གཞི་གཉིས་དང་གཞིས་ཁུལ་གཉིས། དཀྱིལ་སྙིང་གཉིས”ཀྱི་ཏང་རྩ་འཛུགས་དཔེར་མཚོན་ལ་ཐུན་མིན་ཁྱད་ཆོས་ལྡན། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་ཞིང་གྲོང་ཧྲུའུ་ཅིའི་བར་ལ་ཐད་ཀར་དུ་འབྲེལ་གཏུག་བྱེད་བཞིན་ཡོད་པས། གཞི་རིམ་ཞབས་ཞུ་ལ་འབྲེལ་གཏུག་བྱེད་པའི་ནུས་པ་དེ་སྔར་ལས་མཐོར་འདེགས་སུ་བཏང་ཡོད། ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཁྲིན་ཡོན་གྱིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་སྔོན་སྔོན་ཐོན་ས་ཁུལ་དེ་བཟོ་སྐྲུན་གཙོ་བོར་བཞག་སྟེ་དམ་འཛིན་སྒོས་རྩེར་སོན་ཇུས་འགོད་དང་ས་གནས་འཚོལ་ཞིབ་ཀྱི་སྐྱེ་ལྡན་ལ་ཟུང་འབྲེལ་སྒོས་འཚོལ་ཞིབ་ལ་ཧུར་ཐག་སྒོས་ཞུགས་ནས་ཏང་ཨུའི་འགོ་ཁྲིད་དང་ཏང་སྲིད་མཉམ་གཉེར་གྱིས་སྤྱི་ཚོགས་ཧྲིལ་བོར་ཐུན་མོང་སྐུལ་འདེད་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་དག་སྡེ་ཁག་སོ་སོའི་ཁྲོད་ཟབ་ཞུགས་བྱེད་པར་ཧུར་བརྩོན་སྒོས། ཡུལ་ཚོ་དང་གྲོང་རྡལ་དངོས་ལག་བསྟར། སྡེ་བ་དང་གཞིས་ཁུལ་མཉམ་བསྲེས་སྒོས་གསར་སྐྲུན་བྱ་བའི་འགན་འཁྲིའི་མ་ལག་གིས་གསར་སྐྲུན་བྱ་བར་སྐུལ་འདེད་གཏིང་ཟབ་སྒོས་རྩ་འཛུགས་ལ་འགན་སྲུང་དམ་པོ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།