【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】ཀྲི་པུའུ་རེ་ནི་དར་ཆ་རེ། ཏང་ཡོན་རེ་ནི་སྒྲོན་མེ་རེ།

མི་རིགས་མཐུན་སྒྲིལ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ཁྱབ་ཡོད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་ཀྱི་རྗེས་ཤུལ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་གནས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གཏོད་རྒྱུ་དེ་འགག་གནད་སྒྲོལ་སར་བརྩིས་ཏེ། ཡུལ་ཤུལ་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་ཀྱི་གཙོ་གནད་དམ་འཛིན་གྱིས་སྤུས་ཚད་དེ་བས་མཐོ་བ་དང་། དྲང་གཞག་དེ་བས་འདྲ་མཉམ། རྒྱུན་མཐུད་བཅས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་ལག་ལེན་དུ་བཏབ་ཡོད་པ་རེད།

ཡུལ་ཤུལ་གྲོང་ཁྱེར་གྱི་ངོས་ནས་བརྗོད་ན། “ཏང་ཨུས་འགོ་ཁྲིད་བྱེད་པ་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐུལ་འདེད”བཅས་ཀྱི་གསར་གཏོད་བྱ་བའི་འགན་འཁྲིའི་མ་ལག་བཙུགས་པ་ནས་བཟུང་སྟེ། ལོ་ལྟར་གྲོང་ཁྱེར་སྲིད་གཞུང་གིས་གསར་འཛུགས་ཀྱི་ཆེད་དོན་གྲོན་དངུལ་གཏོང་སྤྲོད་བྱས་པ་དང་། ས་ཁུལ་ཁག་དང་ཚན་པ་ཁག་གིས་སྤྱི་སྤྱོད་གྲོན་དངུལ་གྱི10%ཚད་གཞིར་བྱས་ཏེ། གསར་འཛུགས་གྲོན་དངུལ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་འབྲེལ་ནོར་སྲིད་སྔོན་རྩིས་ནང་བཅུག་ཡོད། ད་ལྟའི་བར་ཡུལ་ཤུལ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གཏོད་པའི་བྱེད་སྒོ་སྤྱིར་ན་ཁྱོན་ཡོངས་ལ་ཁྱབ་ཡོད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་དམངས་ཚིས་སྐུལ་འདེད། དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུ་དོན་ཐོག་ཏུ་ཕབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། དུས་མཚུངས་མི་སེམས་བརྟན་པོ་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་གསོན་ཤུགས་བསྣན་ནས་ཡུལ་ཤུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཡུན་རིང་རྫོགས་མཐའ་མེད་པའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མཁོ་འདོན་བྱེད་ཐུབ།

ཏང་ཀྲི་པུའུ་རེ་ནི་དར་ཆ་རེ་དང་། ཏང་ཡོན་རེ་ནི་སྒྲོན་མེ་ཡིན་པས། ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐུན་སྒྲིལ་མཉམ་སྐྲུན་ལ་སྐུལ་འདེད་དང་། དམངས་ཚིས་་ལེགས་གཏོང་ལ་བརྟེན་ནས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད། ཡུལ་ཤུལ་གྱིས་ཏང་ཡོན་རེ་རེ་ནས་ཏང་ཀྲི་པུའི་བར་དང་། དེ་ནས་རིམ་པ་རེ་རེ་བཞིན་གྱི་ཏང་ཨུའི་བར་ཏང་གི་གསུང་སྒྲ་དེ་རྒྱང་ཐག་ཇི་ཙམ་རིང་ན་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་འགུལ་སྤེལ་བར་འཕེལ་རྒྱས་ཀྱི་དུས་མ་གཏོགས་མཇུག་རྫོགས་པའི་དུས་མེད་པ་དོན་དངོས་ཀྱིས་བདེན་དཔང་བྱས་ཡོད། ཆེས་རྩ་བའི་ཕན་འབྲས་ཐོན་པ་ནི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མང་ཚོགས་ལ་དྲིལ་སྒྲོག་དང་། མང་ཚོགས་སྐུལ་སློང་། འབྲོག་པར་ཁྲིད་སྟོན་བཅས་བྱེད་པ་དང་། འབྲོག་པ་མང་ཚོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་བྱེད་པ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དང་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཚེ་གཞི་ནས་སྤྱི་ཚོགས་ལས་དོན་་ཁག་གི་རྐྱོང་ཤུགས་ཟམ་མི་ཆད་པར་མཐོར་འདེགས་བྱ་རྒྱུར་སྐུལ་འདེད་གཏང་ཐུབ་པ་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་སྣ་ཚོགས་སྔར་ལྟརརྒྱུན་ཆད་མེད་པར་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏང་ཐུབ་རྒྱུ་རེད།

དེ་དང་ཆབས་ཅིག ནུས་མེད་སྒྱིད་ལུག་གི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུར་སྣང་ཆེན་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། འབྲེལ་ལམ་ཆགས་པ། མཉམ་འདྲེས་བཅས་གཏིང་ཟབ་མི་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དེ་བཞིན་མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྗེས་སུ་ལུས་པ་སོགས་ཀྱི་སྣང་ཚུལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟབ་གཏོང་དང་་ཇེ་ལེགས་སུ་གཏོང་བའི་གཙོ་གནད་དུ་བརྩི་བ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མང་ཚོགས་ལ་ཕན་པ་ཐོབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོར་སྔར་བས་སྐུལ་འདེད་ཐུབ་པ་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།