ཡུལ་ཤུལ་གྱི“4·14”ཡོམ་འགོག་རྒུད་སྐྱོབ་བྱས་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་ལྔ་པ།

འགྱིང་ངེར་ལངས་པའི་ཐོག་བརྩེགས་ཁང་ཆེན་གསར་པ་རེ་རེ་དང་། ཁོད་སྙོམས་པའི་འགྲོ་ལམ་རེ་རེ། ཞིང་ཁ་དང་སློབ་གྲྭ་སོགས་ག་ས་གང་དུ་གདོང་ལ་འཛུམ་གྱིས་ཁེངས་པའི་མི་རྣམས་མཐོང་དུ་ཡོད། ལོ་བཅུའི་འཕེལ་རྒྱས་དེ་ས་ཁོངས་ཀྱི་ཉམས་འགྱུར་མངོན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཉམས་འགྱུར་ལྡན་པ་བཅས་ཀྱི་ཡུལ་ཤུལ་གསར་པ་ཞིག་གཙང་ཆུའི་ཆུ་འགོར་འགྱིང་ངེར་གནས་ཡོད།

2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཡུལ་ཤུལ་གྱི“འཕེལ་རྒྱས་ཇེ་ལེགས་དང་འཚོ་བ་ཇེ་ཡག་ཏུ་འགྲོ་རྒྱུའི”སྐོར་བཀའ་མོལ་གནང་བ་རེད། 2018ལོའི་ཟླ9པའི་ཚེས12ནས་ཚེས13ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་ཡུལ་ཤུལ་དུ་རྟོག་ཞིབ་གནང་སྐབས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་ཤུལ་གྱི‘འཕེལ་རྒྱས་ཇེ་ལེགས་དང་འཚོ་བ་ཇེ་ཡག་ཏུ་གཏོང་རྒྱུའི’བཀའ་མངག་བློ་ལ་བརྟན་པོར་ངེས་ཏེ‘སྔོན་འགྲོ་གཅིག་དང་མཐོ་བ་གཉིས’ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏང་བའི་ཁྲོད་ཡུལ་ཤུལ་གྱི‘ལེགས་པོ་གཉིས’ཀྱི་རྣམ་པ་གསར་པ་བཏོད་ཡོད། འཕེལ་རྒྱས་ནི་ནམ་ཡང་རྫོགས་མཐའ་མེད། ཡུལ་ཤུལ་གྱིས་ཞིང་ཆེན་ཡོངས་དང་མཉམ་དུ“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་སྤྱི་འདོམས་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞིའི”སྣེ་ཁྲིད་ལ་ཤུགས་སྣོན་པ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རིམ་སྤོར་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྒྱུ་འགན་ལེན་བྱེད་དགོས་ཟེར།

མདུན་སྐྱོད་ནི་ཁ་ཕྱོགས་ཉག་གཅིག་ཡིན་པ་དང་། འཕེལ་རྒྱས་ནི་རྟག་བརྟན་གྱི་བརྗོད་བྱ་གཙོ་བོ་ཡིན། ལོ་བཅུའི་འཕེལ་རྒྱས་ལས་ཡུལ་ཤུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་གལ་ཆེན་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཞིང་། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་རེད། ཡུལ་ཤུལ་ལ་མཚོན་ན་འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་འགག་རྩ་ཡིན། ལས་དོན་རྗེས་མར་ཡུལ་ཤུལ་གྱིས་དམངས་ཚིས་དང་། སྣོད་བཅུད། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ། སྤྱི་ཚོགས་བྱ་གཞག་སོགས་འཕེལ་རྒྱས་ཀྱི་ཉམས་ཞན་ལས་རིམ་ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཡུལ་ཤུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལས་གཞི་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་དང་མཉམ་དུ་དབུལ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་ཁག་དང་བྱ་བ་དོན་འཁྱོལ་ལ་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ཚད་མཐོན་པོའི་སྒོ་ནས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་རེད།

སྐབས་འདིར་དམིགས་ཚད་གསར་པ་ང་ཚོའི་མདུན་ཕྱོགས་སུ་ཡོད་པས་ང་ཚོ་སླར་ཡང་རྒྱང་སྐྱོད་ཀྱི་ལམ་དུ་སྐྱོད་པ་དང་རླབས་ཆེན་གྱི་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་དེ། ཡུལ་ཤུལ་གྱི་འཕེལ་རྒྱས་སྔར་བས་ཇེ་ལེགས་དང་འཚོ་བ་སྔར་བས་ལེགས་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།