དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།

—  ཡུལ་ཤུལ་གྱིས་ཐོན་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཕྱུགས་ལས་ལ་སྐུལ་འདེད་བཏང་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་ཕྱུགས་ལས་ཀྱི་རྩ་བའི་ཐབས་ལམ། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བའི་རེ་བ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་མི་མངོན་པའི་སྟོབས་ཤུགསབཅས་་རེད།

གཞོགས་འདེགས་ལྟ་བུའི་ཞིང་ཕྱུགས་ལས་ཐོན་ལས་སྟོབས་ཆེར་གཏོང་བར་ཐོག་མར་འཕེལ་རྒྱས་ཀྱི་ངེས་གནས་གནད་ལ་འཁེལ་པོས་འཚོལ་ཐུབ་པ་བྱས་ཏེ། མིག་རྒྱང་རིང་བའི་སྒོ་ནས་ཐོན་ལས་བཀོད་སྒྲིག་དང་། ཐོན་རྫས་ཀྱི་རིན་ཐང་མཐོ་རུ་གཏོང་རྒྱུ། ས་མཐོའི་ལེགས་ཆ་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་འཆར་འགོད་སྒོས། ཁྱད་ལྡན་ལེགས་ཆའི་ཞིང་ཕྱུགས་ཐོན་རྫས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ། དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཉམ་ལས་ཁང་གིས་རོང་འབྲོག་མང་ཚོགས་ལ་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཏོན་པ་བརྒྱུད། རོང་འབྲོག་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་བཏང་ཡོད་པ་རེད།

ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དྲན་ཆེན་གྲོང་རྡལ་གྲོང་ཚོ་བཅུ་གཅིག་པ་ནི་ཕྱུགས་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་ཞིང་། 2016ལོར་གྲོང་ཚོ་བཅུ་གཅིག་གིས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོའི་དུད་ཚང72ཀྱི་མི291མ་རྐང་ནང་ཞུགས་ལ། ཕྱུགས་རིགས་དང་རྩྭ་ར་བསྡུ་སྒྲིལ་བྱས་ནས་སྣོད་བཅུད་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད། རྩྭ་ས་བསྡུ་སྒྲིལ་བྱས་ནས་དུས་བཞིའི་མཚེར་ས་བཀར་ཏེ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བྱེད་སྟངས་ལྟར་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པ་དང་རྩྭ་རར་ས་ཁོངས་དབྱེ་ནས་ཕྱུགས་འཚོ་རེས་བྱས། མཉམ་ལས་ཁང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཕྱུགས་ཟོག་གྲུབ་ཆ་ལེགས་སྒྲིག ཚན་རིག་དང་མཐུན་པའི་གསོ་སྤེལ། སོན་བཟང་ཁ་གསབ། མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན། སྣ་མང་གཉེར་སྐྱོང་བཅས་ལ་འཆར་འགོད་ཞིབ་ཕྲ་བྱས་ནས་ཇུས་གཞི་བཟོས།

སྡེ་བའི་ཀྲུའུ་རེན་འཇིགས་མེད་དོན་གྲུབ་ཀྱིས་བཤད་རྒྱུར། “2019ལོར་ང་ཚོས་སྡེ་བའི་མཉམ་ལས་ཁང་བདུན་ཟླ་སྒྲིལ་བཏང་ནས་རྒྱ་ཐང་སྣོད་བཅུད་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། གཅིག་གྱུར་ཉོ་སྒྲུབ་དང་བྲིན་ཚོང་། གཅིག་གྱུར་ཁེ་སྤོགས་བགོ་བ་བཅས་བྱས་པས་ལས་ཕྱོད་དང་ཡོང་འབབ་ཧ་ཅང་ཆེ་རུ་ཕྱིན་ཡོད། སྣོད་བཅུད་ཕྱུགས་ལས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཚེ། གཞི་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཐུབ་ནས་འབྲོག་པ་ཚོར་ཕན་པ་ཐོབ་པ་བྱེད་ཐུབ། མཉམ་ལས་ཁང་གི་དགེ་མཚན་ཆེ་ཤོས་ནི་ཕྱུགས་ཟོག་ལ་འགན་སྲུང་ཡོད་པ་དེ་ཡིན། ནོར་ལུག་མཉམ་ལས་ཁང་དུ་མ་རྐང་དུ་བཞག་ན། གཟན་རྩྭ་འདང་ངེས་ཡོད་ཅིང་། ཐོན་རྫས་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཁེ་ལས་ལ་བཙོང་ཐུབ་པ་དང་། བྱ་བ་མང་པོ་ཞིག་གོ་བདེར་བཟོས་ནས་སྒོར་མོ་མང་པོ་གསོག་ཐུབ་ཟེར།”

ཀླུ་མོས་བསྒྱུར།