ས་ཡོམ་ཁྲོད་ཚེ་སྲོག་གི་མྱུ་གུ་འབུས་པའི་བྱིས་པ་དེ་ནར་སོན་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དར་དམར་སློབ་ཆུང་གི་སློབ་མ་ཆུང་ཆུང་ལན་ཅོན་སེང་གེ་ཡི་སློབ་སྐབས་གསར་པའི་སློབ་འགོ་ཚུགས་བྱུང་། རིམས་ནད་གནས་ཚུལ་གྱི་ཤུགས་རྐྱེན་འོག སློབ་གྲྭས་རིམ་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག སློབ་གྲྭའི་སློབ་ཁྲིད་ཀྱི་བྱ་བ་རིམ་ལྡན་སྒོས་སྤེལ་ཏེ། ལན་ཅོན་སེང་གེ་དང་སློབ་གྲོགས་གཞན་དག་ཚང་མ་གྲལ་དག་པའི་སློབ་ཁང་དུ་ཡོང་ནས་སློབ་ཁྲིད་ལ་ཉན་ཐུབ་པ་བྱུང་།

2010ལོར་ཡུལ་ཤུལ་དུ་ས་ཡོམ་བྱུང་དུས། ལན་ཅོན་སེང་གེ་ཡི་ཨ་ཕ་དང་ཨ་མ། ཕུ་བོ་བཅས་ཁང་པའི་བརྡིབས་འོག་ཏུ་ཤོར་པས། ཆུ་ཚོད་གཉིས་ལྷག་སྤྱད་ནས་བསྐྱབས་པ་རེད། བྱིས་པ་སྐྱེས་རན་པའི་ཁོའི་ཨ་མ་དཀར་སྐྱིད་ཀྱི་གནས་ཚུལ་ཅུང་ཚབས་ཆེན་ཡིན་པས། ལན་ཀྲོའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་མི་སྣས་རོགས་རམ་འོག མོས་བྱིས་པ་གཉིས་པ་ཟླ4པའི་ཚེས26ཉིན་བདེ་བླག་ངང་སྐྱེས། བྱིས་པའི་མིང་ལ“兰军生格”ཟེར་དོན་ཡང་། ལན་ཀྲོའུ་དམག་ཁུལ་གྱི་སྨན་བཅོས་མི་སྣས་རོགས་རམ་འོག་སྐྱེས་པ་ཡིན་པས་དེ་ལྟར་དུ་བཏགས་ཤིང་། “兰军”ནི་ལན་ཀྲོའུ་དམག་ཁུལ་དང“生格”ནི་སེང་གེ་ཞེས་པའི་དོན་ཡིན།

རྒྱུས་ལོན་པ་ལྟར་ན། འདས་པའི་ལོ་ངོ་བཅུའི་རིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་བསྡོམས་མ་དངུལ་དུང་ཕྱུར20ལྷག་སློབ་གསོའི་ལས་གཞི་སྣ་ཚོགས་སྟེང་ལག་བསྟར་བྱས་ཤིང་། “ལོ15རིན་མེད་སློབ་གསོ”སྲིད་ཇུས་ལག་བསྟར་བྱས་ཏེ་སློབ་གསོའི་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་བ་རེད།

སློབ་ཁང་དུ་འགྲོ་བཞིན་པའི་ཚུལ།

གནོད་སེལ་རྒུད་སྐྱོབ་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་གྱི་གཏམ་བཤད་ལ་གྲ་སྒྲིག་བྱེད་བཞིན་པ།

ཕུ་བོས་ཟུར་ཁྲིད་བྱེད་བཞིན་པའི་ཚུལ།

ཕུ་བོ་དང་ཁ་བརྡ་བྱེད་པའི་ཚུལ།

ཁོས་ལས་བྱ་འབྲི་བཞིན་པའི་ཚུལ།

དགོང་ཟས་སྐབས་སུ་ཁྱིམ་མི་དང་ལྷན་དུ་གླེང་མོལ་བྱེད་བཞིན་པ།

མཉམ་པར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།