【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ། 】ཤེས་བྱ་འཚོལ་བའི་མིག

དེ་ནི་ཡུལ་ཤུལ་ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་བྱེད་པའི་ནུས་པ་ཀུན་འཛོམས་དང་སྒྲིག་བཀོད་འཐུས་སྒོ་ཚང་བའི སློབ་གྲྭ་གསར་པ16ལས་སློབ་འགོ་ཚུགས་མ་ཐག་གནས་སྡོད་བྱེད་པའི་ཡུལ་ཤུལ་གྱི་སློབ་མ་ཚོའི་སློབ་ཁང་དང་། འཕྲུལ་འཁོར་ཁང་། དཔེ་མཛོད་ཁང་བཅས་སུ་ཤེས་བྱ་སྦྱོང་འདོད་པའི་མིག་ཟུང་རེ་རེ་མངོན་ཡོད།

ཡུལ་ཤུལ་དུ་ལོ་བཅུའི་རིང་སློབ་གསོ་འཕེལ་རྒྱས་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། ལོ10ཡི་རིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20བཏང་ནས་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་། འོས་འགན་སློབ་གསོ་འཛུགས་སྐྲུན། སློབ་ཞུགས་གོང་གི་སློབ་གསོ། སློབ་གསོ་དེང་རབས་ཅན་གྱི་་ལས་གཞི་བཅས་ལག་བསྟར་བྱས་ཏེ་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་དང་སློབ་ཞུགས་གོང་གི་སློབ་གསོའི་ཞན་ཆ་གསབ་གང་ཐུབ་བྱས་ཡོད། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། དམའ་རིམ་དང་མཐོ་རིམ་སློབ་འབྲིང7གསར་དུ་བསྐྲུན་པ་དང་མཚོ་ཤར་གྲོང་ཁྱེར་དུ་མཐོ་རིམ་སློབ་འབྲིང1གཞན་དུ་གསར་སྐྲུན་བྱས་པས་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ཐོན་ཁུངས་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་ཐོན་ཡོད། ཐོག་མའི་སློབ་རིམ་འཕར་ཚད32%ནས98%བར་ཇེ་མང་དུ་སོང་ཡོད། བུ་བཅོལ་ཁང151བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་བུ་བཅོལ་ཁང་དུ་ཞུགས་ཚད3.5%ནས་68%བར་ཇེ་མང་དུ་སོང་བ། འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད90.2%ནས་96.1%བར་ཇེ་མང་དུ་སོང་ཡོད།

གཡང་སྐྱིད་ཀྱིས་བསྒྱུར།