མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ། “རླབས་འཇགས་མཚོ་མོ་རྒྱ་རུ་འབྱམས། ཡང་བསྐྱར་འགྲུལ་བཞུད་ལམ་དུ་ཞུགས།”

ལོ་བཅུའི་གོང་དུ་ས་ཡོམ་རིམ་པ7.1བྱུང་ནས་ཡུལ་ཤུལ་གྱི་ས་གཞི་ཆེན་པོར་གཏོར་སྐྱོན་ཐེབས། དེ་རིང་བརྩེ་བའི་མིག་གིས་ཕྱི་མིག་བལྟས་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཡོམ་བྱུང་བའི་དུས་དེ་ནས་བཟུང་ཡིད་ཆེས་བརྟན་པོ་དང་དུས་ཚོད་རྒྱུག་འགྲན་བྱས་ཏེ།“ལོ་ངོ་གསུམ་ལ་དཀའ་བ་སྤྱད་དེ་ང་ལོ་ངོ་ཉི་ཤུ་ཐོལ་གྱིས་བརྒལ་བའི”ཆོད་སེམས་དང་དད་སེམས་བཅངས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དམག་དཔུང་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་དེ་བཞིན་པེ་ཅིང་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཀྲུང་གོའི་འཛུགས་སྐྲུན། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོགས་རོགས་སྐྱོར་ས་ཁུལ་དང་། ཀྲུང་དབྱང་ཁེ་ལས། རྒྱལ་ཡོངས་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཡུལ་ཤུལ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་བཞིན་ཡོད་ཅིང་། ཡོམ་འགོག་གནོད་སེལ་དང་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་། མིའི་རིགས་ཀྱི་གནོད་འགོག་ལོ་རྒྱུས་ཐོག་གི་ཆ་རྐྱེན་སྡུག་ཤོས་དང་། དཀའ་ངལ་མང་ཤོས། གནས་ཚུལ་རྙོག་འཛིང་ཆེ་ཤོས་བཅས་ཡིན་པའི་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་བྱ་བ་ལེགས་འགྲུབ་བྱས་པ། ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་སྒོས། ་ལོ་བཅུའི་རིང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་དུས་རབས་གསར་པ་དང་། ཡུལ་ཤུལ་གསར་པ། འཚོ་བ་གསར་པ་བཅས་ཀྱི་སྒོ་མོ་ཕྱེ་ཡོད།

2016ལོའི་ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། བརྙན་ལམ་བརྒྱུད་ནས་གཙང་གསུམ་ཆུ་འབྱུང་ཡུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་འོག་ཚང་མས་ཕྱར་བ་གྲུ་འདེགས་ངང་མཚེའུ་དང་། རྩྭ་ཐང་། ཆུ་བོ། རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་བདག་སྐྱོང་ཡག་པོ་བྱས་ནས་ཐོན་སྐྱེད་དང་འཚོ་བ་སྔར་བས་ཇེ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཟེར།

2018ལོའི་ཟླ9པའི་ཚེས12ནས་ཚེས13ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གིས་ཡུལ་ཤུལ་དུ་རྟོག་ཞིབ་བྱེད་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་ཤུལ་གྱི“འཕེལ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་འཚོ་བ་ཇེ་ཡག་ཏུ་འགྲོ་བའི”མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏང་བའི་ཁྲོད། ཡུལ་ཤུལ་གྱི“སྔར་བས་ཡག་པ་གཉིས”ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་པ་རེད།

ལོ་བཅུའི་ནང་ཡུལ་ཤུལ་གྱི་འཕེལ་རྒྱས་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ལྗང་མདོག་གིས་དྲིན་གཟོ་བྱས་ཏེ། སྐྱེ་ཁམས་ཀྱིས་བྱས་རྗེས་འཇོག་པའི”འདུ་ཤེས་ལག་ལེན་བསྟར་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་ཚ་ཚ་འུར་འུར་ངང་སྤེལ་བ། ཨ་ཆེན་གངས་རྒྱབ།རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་གཞུང་ནང་བདེ་བླག་ངང་བཅུག་པ། ཡུལ་ཤུལ་གྱིས་མཚོ་སྔོན་གྱི་མཛེས་སྡུག་མངོན་པ་བཅས་བྱས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་བྱས་ནས་ཁེ་ལས་ཀྱིས་སྐུལ་ཁྲིད་དང་མཉམ་ལས་གཉེར་སྐྱོང་བྱེད་པའི་སྐྱེ་ཁམས་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་གསུམ་པ་དེ་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ནུས་པ་ཆ་ཚང་བ་དང་། སྒྲིག་བཀོད་འཐུས་སྒོ་ཚང་བ། སྔོན་ཐོན་གྱི་ཁྱིམ་གཞིས་གསར་པ་ལས་ཡུལ་ཤུལ་གྱི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་མངོན་ཡོད།

ལོ་བཅུའི་རིང་། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད་ལ། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཡུལ་ཤུལ་གྱི“དབུལ་སྐྱོར་ཆེན་པོའི”རྣམ་པས་ཁྱིམ་ཚང་དབུལ་པོ་ཚང་མར་བདེ་སྐྱིད་བསྐྲུན་པ་དང་པེ་ཅིང་གི་ཁ་གཏད་རོགས་སྐྱོར་གྱི་རོགས་སྐྱོར་ཤུགས་ཆེན་འོག“རང་བརྟེན”དང“རིག་སྐྱོར”མཐའ་འཁྱོངས་ཀྱིས་དབུལ་པོ་དབུལ་རྐྱང་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་དང་། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད། གཞི་རྩའི་སྨན་རྫས་ལམ་ལུགས་དང་ནད་ཆེན་སྨན་བཅོས་འགན་སྲུང་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་ཐུམ་འབུའི་ནད་འགོག་བཅོས་ཚོད་ལྟའི་ས་ཁུལ་དུ་གྱུར་པ། སློབ་གསོ་ནི་དབུལ་ཕོངས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བཀག་འགོག་བྱེད་པའི་རྩ་བའི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས། ཐོག་མར་སློབ་རིམ་འཕར་ཚད32%ནས་98%བར་མཐོ་རུ་ཕྱིན་པ་དང་། སློབ་གྲྭར་མ་ཞུགས་གོང་བུ་བཅོལ་ཁང་དུ་ཞུགས་ཚད3.5%ནས་68%བར་མཐོ་རུ་ཕྱིན་པ། ལས་དབང་ལ་འགྱུར་ལྡོག་མཐར་ཕྱིན་པ་གཏོང་བའི“ཡུལ་གཞན་དུ་འཛིན་གྲྭ་གཉེར་བའི”བྱེད་སྟངས་ཀྱིས་སློབ་མ་དབུལ་པོ་སྟོང་ཕྲག་ཁ་ཤས་ལ་ཕན་པ་ཐོབ་པ། ཡུལ་ཤུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་མུ་མཐུད་ཆེ་རུ་ཕྱིན་ནས་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད།

ཡུལ་ཤུལ་འཕེལ་རྒྱས་སྔར་བས་ཇེ་བཟང་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་ཇེ་ལེགས་སུ་ཕྱིན་པས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཁ་འབྲལ་ཐབས་མེད་པ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད་ལ། ཡུལ་ཤུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཕུགས་འདུན་དོན་གཉེར་བྱེད་པ་དང་ཁ་འབྲལ་ཐབས་མེད། རླབས་འཇགས་མཚོ་མོ་རྒྱ་རུ་འབྱམས། ཡང་བསྐྱར་འགྲུལ་བཞུད་ལམ་དུ་ཞུགས། ཡུལ་ཤུལ་གྱིས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་ཐར་འགག་སྒྲོལ་ཐག་གཅོད་བྱེད་པའི“ལོ་བརྒྱའི་དམིགས་ཚད་དང་པོའི”ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་ཐུན་མོང་ཐོག་རྩོམ་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།