མཐོན་མཐིང་གི་ཡུལ་ཤུལ། སྐྱེ་ཁམས་ཀྱི་དྲིན་གཟོ།

2010ལོའི་ཟླ4པའི་ཚེས14ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཚད་རིམ7.1གི་ས་ཡོམ་བྱུང་ནས་མཛེས་པའི་ཁྱིམ་གཞི་ཐོར་ཞིག་ཏུ་སོང་ནས་གཏོར་བརླག་ཚབས་ཆེན་ཐེབས། ལོ་ངོ་བཅུའི་རྗེས་ཀྱི་དེང་གི་དུས་འདིར། གནས་འདིར་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་ཡོན་བཞད་ནས་མཛེས་སྡུག་གི་ཁྱིམ་གཞི་ཆགས་ཡོད།

རང་བྱུང་ཁམས་ནི་ང་ཚོ་འཚོ་གནས་བྱེད་སའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན། ཡུལ་ཤུལ་ཁུལ་གྱི་སྣོད་བཅུད་གནས་བབ་དམིགས་བསལ་དང་གལ་ཆེན་ཡིན་པ་དང་། ས་ཁོངས་ཡོངས་གཙང་གསུམ་ཆུ་འགོ་དང་། ཨ་ཆེན་གངས་རྒྱབ། རོང་པོ་མཚོ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསུམ་དུ་འབྲེལ་ཞིང་། “ཀྲུང་ཧྭའི་ཆུ་མཛོད”ཅིག་ཡིན་པའི་ངོས་ནས་རང་རྒྱལ་གྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྔོན་ཐོན་ཁུལ་གལ་ཆེན་ཞིག་རེད། ས་ཡོམ་་རྗེས་ཀྱི་བསྐྱར་སྐྲུན་བྱེད་རིང་། ཡུལ་ཤུལ་གྱིས་ལྗང་མདོག་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། “ལྗང་མདོག་དྲིན་ཚོར། སྣོད་བཅུད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”འདུ་ཤེས་གཏིང་ཟབ་ཏུ་བཏང་ཞིང་། “རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ། གཙང་གསུམ་ཆུ་འགོའི་སྣོད་བཅུད་མིང་བྱང་བཏོད་པ”དེ། ཡུལ་ཤུལ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་ལྟ་བ་ཞིག་ཏུ་གྱུར་ཡོད།

གསོན་སྟོབས་སླར་འཚོབ་པའི་ཡུལ་ཤུལ་ལ་མཚོན་ན་འཕེལ་རྒྱས་སུ་གཏང་དགོས་པ་མ་ཟད། ད་དུང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡུལ་ཤུལ་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་། ཨ་ཆེན་གངས་རྒྱབ། འཛམ་གླིང་རང་བྱུང་ཤུལ་བཞག བོད་རིགས་རིག་གནས(ཡུལ་ཤུལ)སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་སོགས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་ཡོད། ཡུལ་ཤུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བཅས་བྱས། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དེ་ཆབ་སྲིད་ཀྱི་བརྟན་སྲུང་དང་འགན་འཁྲི་ཆེན་པོ། དམངས་ཚིས་འགན་ལེན་བཅས་སུ་བརྩིས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། རྒྱལ་ཁབ་སྤྱི་གླིང་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་དཔེ་སྟོན་ཁུལ་དང་། གཙང་གསུམ་ཆུ་འགོའི་མཉམ་སྐྲུན་མཉམ་སྤྱོད་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མཚོ་བོད་ས་མཐོའི་རང་བྱུང་ཁམས་སྲུང་སྐྱོང་འགྲེམས་སྟོན་དང་སྣོད་བཅུད་རིག་གནས་རྒྱུན་འཛིན་ཁུལ་བཅས་སུ་བསྐྲུན།

གཙང་གསུམ་ཆུ་འགོ དྭངས་གཙང་གི་ཡུལ་ཤུལ། གཙང་གསུམ་ཆུ་འགོ་དང་གངས་རིའི་འདབས་སུ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་བཞིན་པའི་སྐྱས་སྤོས་མི་རིགས་ལ་བབ་ཆགས་པའི་རང་བྱུང་གི་བློ་གྲོས་དང་སྤྲོ་སྐྱིད་ཀྱི་རང་བྱུང་གོམས་གཤིས་ལྡན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་དེ་ཁོ་ཚོའི་རིག་གནས་ཀྱི་གཞི་རྒྱུར་ཆགས་ཏེབསམ་པའི་གཏིང་རིམ་དུ་སིམ་ནས་ཡོད།

ཀླུ་མོས་བསྒྱུར།