དྲིན་གཟོའི་མདུན་སྐྱོད། ལོ་བཅུའི་བརྩོན་འགྲུས།

— གཙང་གསུམ་ཆུ་མགོའི་སྤོ་སྒུལ་འཕྲིན་གཏོང་གི་འཕེལ་རྒྱས།

རང་རེའི་དྲ་བའི་འཕྲིན་ལྟར་ན། 2020ལོའི་ཟླ4པའི་ཚེས14ཉིན་ནི། མཚོ་སྔོན་ཡུལ་ཤུལ་གྱི་གནོད་སེལ་རྒུད་སྐྱོབ་བྱས་ནས་ལོ་ངོ10འཁོར་བའི་ལོ་རེད་ལ། ཡུལ་ཤུལ་གྲོང་ཁྱེར་ནི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་པར་གསལ་བའི་ས་མཐོའི་གྲོང་གསར་ཞིག་རེད། ས་ཡོམ་བྱུང་་རྗེས་ཀྱི་བསྐྱར་སྐྲུན་དང་ལོ་ངོ་བཅུའི་འཕེལ་འགྱུར་ཁྲོད། ཡུལ་ཤུལ་གྱི་འཕྲིན་གཏོང་ཐད་ནས་ཀྱང་བར་བརྒལ་འགན་སྲུང་དང་། གོད་ཆགས་རྗེས་ཀྱི་བསྐྱར་སྐྲུན། ཐོད་རྒལ་འཕེལ་རྒྱས་དུས་རིམ་བརྒྱུད་དེ། དཀའ་ཁག་ཚད་མེད་ཁྱད་གསོད་བྱས་པའི་ལོ་ངོ་བཅུའི་རིང་ཆ་འཕྲིན་ཅན་གྱི་ཡུལ་ཤུལ་གསར་པ་བསྐྲུན།

རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འཕེལ་རྒྱས།

4.14ས་ཡོམ་རྗེས་སུ། ཡུལ་ཤུལ་སྤོ་འགུལ་ཐད་གཏོར་བརླག་ཚབས་ཆེན་ཐེབས། ཁྲོམ་རའི་འགྲན་རྩོད་ལ་དཔའ་ངར་ལྡན་ན་རྒྱལ་ཁ་ཐོབ་པ་ལྟར། ཡུལ་ཤུལ་སྤོ་འགུལ་བསྐྱར་སྐྲུན་ལ་གཏན་འཁེལ་བྱས་པའི་དྲ་རྒྱའི་ལས་སྒོའི་ཞབས་ཞུའི་ལེགས་ཆ་ལྡན་པའི་རྨང་གཞིའི་ཐོག ཀྲུང་གོ་སྤོ་འགུལ་དང་མཚོ་སྔོན་སྤོ་འགུལ་ཀུང་སིའི་འགོ་ཁྲིད། རིམ་པ་ཁག་གི་སྲིད་གཞུང་་། སྤྱི་ཚོགས་ལས་རིགས་ཁག རྒྱ་ཆེའི་ཚོང་ཤག་བཅས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་འོག སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་བསྟུན་ནས་འབད་འབུངས་ཡར་བརྩོན། མཐའ་ཚད་འགྲན་སློང་། རྩེར་སོན་གཏོད་ཕོད་པ་བཅས་བྱས་ཏེ། ཡུལ་ཤུལ་གསར་པའི་སྤོ་འགུལ་འཕྲིན་གཏོང་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་།

ལོ་ངོ་བཅུའི་འཕེལ་རྒྱས།

2010ལོའི་ཟླ4པའི་ཚེས14ཉིན་གྱི་ས་ཡོམ་མ་བྱུང་བའི་ཡར་སྔོན་ལ། ཡུལ་ཤུལ་སྤོ་འགུལ་ཐད2Gདྲ་རྒྱ་གཙོར་ཡིན་ཞིང་། སྦྲེལ་ཚུགས90ལྷག་ཙམ་དངTDཚོད་ལྟའི་ས་ཚིགས2ཡོད་པ་རེད། ཁུལ་ཡོངས་སུ་སྤོ་འགུལ་སྤྱོད་མཁན་ཁྲི8ཡོད་པ་རེད། 2019ལོའི་ལོ་མཇུག་བར་ཡུལ་ཤུལ་གྱི་སྤོ་འགུལ་དྲ་རྒྱ2Gདང་། 3G 4Gབཅས་མཉམ་དུ་གནས་ཤིང་། སྦྲེལ་ཚུགས་བསྡོམས་འབོར1200ལྷག་ཙམ་ཟིན་པ་དང་། 2/4Gདྲ་རྒྱ་ཁོངས་གཏོགས་ཀྱི་ཡུལ་ཚོ་དང་གྲོང་རྡལ45ལ་ཁྱབ་ཅིང་། སྲིད་འཛིན་གྲོང་ཚོར་བརྡ་རྟགས་ཁྱབ་ཚད72.27%ཟིན་ཡོད་པ་རེད། ཁུལ་ཡོངས་ཀྱི་སྤོ་འགུལ་སྤྱོད་མཁན་ཁྲི17ལྷག་ཙམ་ཟིན་པ་དེས་ཡུལ་ཤུལ་གྱི་སྤྱིའི་འཕྲིན་གཏོང་ཁྲོམ་རའི་ཕྱེད་ཀ་ཙམ་བཟུང་ཡོད། སྐུད་ཡོད་དྲ་ཆེན་རིམ་རྩིས་བྱས་ན་སྤྱོད་མཁན20000ལྷག་ཙམ་འཕེལ་རྒྱས་བཏང་སྟེ།རབས་གསར་པའི5Gདྲ་རྒྱ་ཡུལ་ཤུལ་ཁུལ་སྲིད་གཞུང་གནས་ཡུལ་དུ་ཐོ་འགོད་བྱས་ནས་གཙང་གསུམ་ཆུ་འགོའི་འཕྲིན་གཏོང་ཐད5Gདུས་རབས་གསར་པ་བསུས།

ཀླུ་མོས་བསྒྱུར།