【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】

— མཚོ་བོད་ས་མཐོའི་སྡེ་དགུ་སྡེ་བའི་འཕོ་འགྱུར།

སྡེ་དགུ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་གནས་ཤིང་། ས་གནས་དེ་གར་སྐད་གྲགས་ཆོད་པའི་ཚན་རྩལ་དཔེ་སྟོན་གྲོང་ཚོ་ཞིག་རེད། 2010ལོར་ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས་ཀྱི་ལོ་ཕྱེད་ཙམ་རིང་། ཀྲུང་གོའི་རིམ་པ་ཁག་གི་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི5000བཏང་སྟེ། ཚན་རྩལ་དཔེ་སྟོན་གྲོང་ཚོ་དེའི་འཛུགས་སྐྲུན་ཐད་སྤྱད་པ་རེད། 2012ལོའི་ཟླ6པར་དགུང་ལོ89ལ་སླེབས་པའི་བསོད་ནམས་ཆོས་འཛིན་སྡེ་མི826མཉམ་དུ་སྡོད་ཁང་གསར་པར་སྤོས་པ་རེད། མོས་བཤད་རྒྱུར། སྡོད་ཁང་གསར་པའི་ནང་དུ་དྲོད་རླངས་ཡོད་པས། དགུན་ཁར་གྲང་མི་དགོས་ལ། རང་གི་ལུས་ཁམས་ཡང་ཧ་ཅང་བདེ་པོ་ཡོད་ཟེར།

སྡེ་དགུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དགེ་ལེགས་དར་རྒྱས་ཀྱིས་འཛུམ་དམུལ་དམུལ་ངང་བཤད་རྒྱུར། ལོ་ངོ་འདི་དག་གི་རིང་། ཚན་རྩལ་གྲུབ་འབྲས་མང་པོ་ཞིག་བོད་རིགས་ས་ཁུལ་དུ་རིམ་བཞིན་ཐོན་ཅིང་འཕེལ་རྒྱས་ཀྱི་མེ་ཏོག་བཞད། ལྷག་པར་དུ་སྡེ་དགེའི་གྲོང་མི་ཚོས་ཕ་ཡུལ་གྱི་འགྱུར་ལྡོག་ལ་སོ་སོའི་གཟི་བརྗིད་ཅིག་ཏུ་བརྩིས་ནས་ཡོད། “ཁྱིམ་དུ་དྲོད་རླངས་དང་ཆུ་གློག་སོགས་མཐུན་རྐྱེན་འཛོམས་ལ། འགྲིམ་འགྲུལ་ཡང་སྟབས་བདེ། སྔོ་ཚལ་དྲོད་ཁང་སོགས་ཀྱི་ཆ་རྐྱེན་ཡང་ལྡན་པས་འཚོ་བའི་ཚེགས་ཡང་ལ་ལ་གྲོང་ཁྱེར་ཆེན་པོ་དང་ཁྱད་པར་ཆེན་པོ་མེད”ཟེར།


ལོ34ཅན་གྱི་སྡེ་མི་དངོས་གྲུབ་གཡང་འཛོམས་ཀྱིས་བཤད་རྒྱུར། སྔོན་ཆད་སྡེ་དགེ་གྲོང་ཚོ་ནི་རོང་མ་འབྲོག་གི་གྲོང་ཚོ་ཞིག་རེད། “དེ་སྔ་ཁྱིམ་དུ་ཟོག་ལུག་འགའ་དང་རྨོ་ཞིང་མུའུ3ལས་མེད་པས། ནང་མིའི་ལྟོ་གོས་ལ་འདང་རྒྱག་ཆེན་པོ་ཡོད་ལ། སྡོད་ཁང་གསར་པར་སྤོས་རྗེས་རང་གི་བཟའ་ཟླས་སྐྱེལ་འདྲེན་རླངས་འཁོར་ལ་བརྟེན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི3ལྷག་བཙལ་ཐུབ། དེ་མིན། སྡེ་བའི་འཕེལ་རྒྱས་ཐུན་མོང་དཔལ་འབྱོར་ཐད་ནས། ང་ཚོར་ལོ་རེར་བགོ་བཤའ་རྒྱག་རྒྱུ་ཡོད་ལ། ལོ་མཇུག་ལ་ད་དུང་བཟའ་སྣུམ་དང་ཕྱེ། འབྲས་སོགས་བགོ་རྒྱུ་ཡོད་པས། འཚོ་བར་འགྱུར་ལྡོག་ཆེན་པོ་ཡོད་ཅེས་བཤད།

ཀླུ་མོས་བསྒྱུར།