【དུས་རབས་གསར་པ། ཡུལ་ཤུལ་གསར་པ། ཁྱིམ་གཞིས་གསར་པ།】

— གཙང་སྟོད་སྣོད་བཅུད་ལྟ་ན་སྡུག གངས་ལྗོངས་གྲོང་གསར་དར་ཞིང་རྒྱས།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཡུལ་ཤུལ་གསར་པའི་སྐྱེ་དགུ་གྲོང་རྡལ་ནི་རི་ཚོགས་ཀྱི་དབུས་སུ་ཀྲོང་ངེར་འགྱིང་ཞིང་།འཁོར་རིགས་སྣ་ཚོགས་རྒྱུན་ཆད་མེད་ལ། སྣོད་བཅུད་ལེགས་པའི་ཞིང་ཁམས་དེ་རུ། སྲིད་འབྱོར་རིག་གནས་དར་ཞིང་རྒྱས་ཡོད།

2010ལོའི་ཟླ4པའི་ཚེས14ཉིན་གྱི་ཚད་རིམ7.1གི་སྐྱི་གཡའ་བའི་ས་ཡོམ་གྱི་འཇིག་ཉེན་ཆེན་པོའི་ཁྲོད། གཙང་གསུམ་འགོ་ཁུངས་ཡུལ་ཤུལ་ཡུལ་གྱི་མཛེས་པ་སྐད་ཅིག་ཉིད་ལ་རྨེག་མེད་དུ་བཏང་ཞིང་། ག་ས་གང་དུ་ངུ་འབོད་ཀྱིས་ཁེངས། ལོ་བཅུ་སོང་རྗེས་ཀྱི་དེ་རིང་། ཡུལ་ཤུལ་གྱི་གྲོང་གསར་ནི་འོད་མདངས་བཀྲ་བའི་མུ་ཏིག་དང་འདྲ་བར། མཚོ་བོད་ས་མཐོའི་དབུས་སུ་རབ་ཏུ་འཚེར་བ་དང་སྐྱེ་སྟོབས་དཔལ་དུ་འབར་བའི་རྣམ་པ་ཀུན་ནས་མངོན་ཡོད།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ལོ་ངོ10ནི་སྐད་ཅིག་ཙམ་རེད་མོད། ས་ཡོམ་དྲག་པོ་བརྒྱུད་མྱོང་བའི་ཡུལ་ཤུལ་གྱིས་ལོ10ཡི་དུས་ཚོད་སྤྱད་དེ་ལྗང་མདོག་དང་། བདེ་སྐྱིད། ཞི་མཐུན་བཅས་ཀྱི་ས་མཐོའི་དེང་རབས་ཅན་གྱི་གྲོང་གསར་ཞིག་བསྐྲུན་ཡོད།

འདས་པའི་ལོ་ངོ10རིང་གི་འཕེལ་རྒྱས་དང་དཀའ་སྤྱད་ལ་ཕྱིར་དྲན་ཞིག་བྱས་ཚེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་གཟི་བརྗིད་འོད་སྟོང་འབར་བ་ཞིག་རེད། དེང་སྐབས། ས་ཁོངས་ཀྱི་ཉམས་འགྱུར་མངོན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ། དུས་རབས་ཀྱི་ཉམས་འགྱུར་ལྡན་པ་བཅས་ཀྱི་ཡུལ་ཤུལ་གསར་པ་ཞིག་གཙང་གསུམ་མགོ་ཁུངས་སུ་ཀྲོང་ངེར་འགྱིང་ཏེ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པའི་སྐར་ཁུང་དང་། བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་མངོན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

ཀླུ་མོས་བསྒྱུར།