མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེར་མཚོན་སྐོར་དང་སྐོར་བྱས་ཏེ་ཡུལ་ཤུལ་གསར་པ་རུ་མངོན་བྱུང་།

ཡུལ་ཤུལ་གྲོང་ཁྱེར་ལྷ་ཤུག་གོང་མ་ཡུལ་ཚོའི་ཡུལ་དཔོན་གུར་དྲག་གིས་ལོ་ངོ་ཉི་ཤུའི་རིང་གི་ཉིན་གཅིག་ལ་ཡང་མཚམས་མ་བཞག་པརརང་གི་ཡོད་ཚད་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་བསྟིམས་ནས་མང་ཚོགས་ཀྱི་ཆེད་ལ་དོན་དངོས་སྒྲུབ་པ་དང་དཀའ་ངལ་ཁྱད་གསོད་བྱས་ཏེ། ས་གནས་འབྲོག་པ་མང་ཚོགས་དང་མཉམ་འཐུང་མཉམ་གནས། ལས་རྩོལ་མཉམ་སྒྲུབ། ཕྱུགས་ཟོག་མཉམ་འཚོ་བཅས་གནང་། 2019ལོར་ཁོ་རང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཟོ་ཨུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆའི་ཞིབ་འཇུག་གླིང་། རྒྱལ་ཁབ་སློབ་གསོ་པུའུ། རྒྱལ་ཁབ་མི་དོན་སྤྱི་ཚོགས་པུའུ། རྒྱལ་ཁབ་ཐོན་ཁུངས་ཏང་ཨུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་པུའུ་བཅས་ཀྱིས“ཆེས་མཛེས་པའི་བརྩོན་སེམས་པ”ཞེས་པའི་མཚན་སྙན་གནང་། ཁོས་ཕྱུགས་ལས་དམ་འཛིན་གྱིས་ཡུལ་ཤུལ་ས་ཁུལ་གྱི་སྲོལ་རྒྱུན་གདུང་འདེགས་ཐོན་རྫས་དེ་མ་ལྷོད་པར་དམ་པོར་བཟུང་ནས། འབྲོག་དམངས་ཀྱི་ལས་སྒྲུབ་དེང་རབས་བདག་དོམ་ཁྱད་ཆོས་ལྡན་པའི་འབྲོག་ལས་མཉམ་ལས་ཁང་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་སྟེ། འབྲོག་པ་མི་དམངས་ཀྱི་འདུ་ཤེས་མཁྲེགས་པོརྟན་པོ་གཏོར་ནས་འབྲོང་རྒོད་གཡུང་བཏུལ་གསོ་སྤེལ་རྟེན་གཞི་གསར་འཛུགས་སྒོས་སྒོ་ཕྱུགས་རྒྱུད་སྤེལ་ལེགས་པོ་བྱས་པས། འབྲོག་པ་མི་དམངས་ཀྱིས“ཡུལ་དཔོན་རྫི་བོ”ཞེས་པའི་མཚན་སྙན་གནང་།

གཙང་པ་འཇིགས་ཚེ་ནི་ཡུལ་ཤུལ་ས་ཁུལ་གྱི་ཆ་རྐྱེན་ཧ་ཅང་ཞན་པའི་འབྲི་སྟོད་རྫོང་ནས་རེད་་ལ། 2017ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་དུ་ལས་སྤར་བྱས་ཏེ། ཡུལ་ཤུལ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་འགན་ཁུར། ཁོས་ལོ་རེར་གཞི་རིམ་ལ་རྟོག་ཞིབ་ནན་མོ་བྱས་ཏེ་རྒྱུས་ལོན་ཟབ་མོ་བྱས་ནས་ཡུལ་ཤུལ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་བའི་གཞུང་རྟ་དམ་འཛིན་བྱས། ཁོས་སྣེ་ཁྲིད་འོག་ཁོའི་དཔུང་རོགས་དག་གི་རྐང་རྗེས་ཡུལ་ཤུལ་གྱི་གྲོང་ཁྱེར1དང་རྫོང5ཡི་གང་སར་ཁྱབ་ཅིང་། ནང་དོན་གསར་བའི་རྒྱུ་ཆ་དང་ཡིག་ཆ་མང་པོ་ཁོང་དུ་ཆུད་ཡོད་པས། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གསར་གཏོད་བྱ་བའི་བརྟན་འཇགས་ལ་སྐུལ་འདེད་ཐེབས་ནས་གྲུབ་འབྲས་གསར་པའི་མེ་ཏོག་རྣམ་པར་བཞད། 2018ལོར་ཡུལ་ཤུལ་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་རྒྱལ་ཁའི་ཁྲོད་ཁོའི་བྱས་རྗེས་ཡང་ཡོད།

ཅང་ཧྲུའུ་ཝེ་ནི་ནང་ཆེན་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྟེ། ཁོ་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་བྱ་བ་སྒྲུབ་པའི་རྒྱ་རིགས་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། དཀའ་སྡུག་འབད་འབུངས་བྱས་པ་བརྒྱུད། བོད་རིགས་སྤུན་ཟླ་དག་གི་ཡིད་ཆེས་ཐོབ་པ་དང་ཡུལ་ཤུལ་དུ་ཧུར་བརྩོན་བྱེད་པའི་རྒྱ་རིགས་ལས་བྱེད་པ་གྲངས་མེད་ཅིག་གི་འཐུས་ཚབ་དུ་གྱུར་ཡོད། ཁོ་ཚོས་རྨ་འབྲི་རྫ་གསུམ་ས་ཁུལ་དུ་མཐོ་སྒང་གི་གྲང་ངར་ལ་མ་འཛེམ་པར་རང་གི་ལང་ཚོ་དང་རང་གི་བུ་རབས་ཚ་རྒྱུད་གནས་འདིར་ཕུལ་ཏེ། ཏང་གི་མི་རིགས་སྲིད་ཇུས་དེ་དུད་ཁྱིམ་རེ་རེ་ནས་རོང་འབྲོག་མི་དམངས་ཀྱི་ནང་སེམས་སུ་བཞད་དེ་དམངས་སེམས་འཐོབ་པར་གྱུར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།