【དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ།】དབུལ་ཐར་འགག་སྒྲོལ་ལས་ཡུལ་ཤུལ་གྱི་ལོ་བཅུའི་འཕོ་འགྱུར་ཉམས་སུ་མྱོང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། དུད་ཚང་ཐོན་ལས་ཀྱི་རོགས་སྐྱོར་ནས་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་བར་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནས་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་པའི་བར། རྩལ་ནུས་གསོ་སྦྱོང་བྱེད་པ་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པ་སོགས། དབུལ་ཐར་འགག་སྒྲོལ་གྱི“རྒྱལ་ཁབ་ཀྱི་ཡི་གེ་ཨང་དང་པོའི”འདུ་འགོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་རབ་དང་རིམ་པ་གངས་ལྗོངས་རྩྭ་ཐང་དུ་ཁྱབ་པ་དང་། རོང་འབྲོག་པའི་ནང་སེམས་དྲོ་སྐྱིད་སྦྱིན་པ་རེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་མང་བསགས་པའི་དབུལ་པོའི་ཁུར་པོ་ས་ལ་ཕབ་སྟེ་དབུལ་ཐར་འགག་སྒྲོལ་གྱིས་རོང་འབྲོག་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད་པ་རེད།

ཏང་འཛུགས་སྐྱོང་གི་སྤྱི་ཁྱབ་བཀོད་འདོམས་པས་དབུལ་ཐར་འགག་སྒྲོལ་ལ་འཆར་གཞི་བཀོད་པ།

ཏང་འཛུགས་སྐྱོང་གི་སྤྱི་འདོམས་དང་ལམ་སྲོལ་ཇེ་ལེགས་སུ་བཏང་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་ཀྱི་གདོང་མཆོང་དུང་བརྡ་ཡང་ཡང་བཏང་བ་རེད།

བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ད་ལྟའི་བར་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་རྩིས་བྱས་ན། གྲོང་ཁྱེར་དང་རྫོང་དབུལ་པོ2ཀྱི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ88དབུལ་ཐར་བྱས། མི་ཁྲི10.16དུས་བཀག་ལྟར་དབུལ་ཐར་ཐུབ་པ། དབུལ་པོ་ཐོན་ཚད2015ལོའི་ལོ་མཇུག་གི34%ནས2018ལོའི་ལོ་མཇུག་གི7.2%བར་ཆག་པ་དང་། མི་འབོར་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ2015ལོའི་སྒོར2970ནས5200བར་ཡར་འཕར་བ། “3+1”འགན་ལེན་ཐག་གཅོད་ནུས་ལྡན་ཐུབ་པ་བཅས་རེད།

ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་ཐད་ལ་བསམ་གཞིགས་འདང་ངེས་བྱས།

དབུལ་ཐར་འགག་སྒྲོལ་གྱི་འགག་རྩ་ནི་འཕེལ་རྒྱས་ལ་བརྟེན་དགོས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ཐོན་ལས་ཀྱི་དཀའ་ངལ་ས་བབ་དམའ་བའི་ས་ཁུལ་ལས་མང་བ་དང་། ཐོན་ལས་ཀྱི་ལེ་ལག་ཚང་སྒྲིག་ཉུང་བ་དང་། འཛུགས་སྐྲུན་གྱི་མ་རྩ་མཐོ་བ། རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ། སྤྱི་པའི་ཞབས་ཞུ་མི་འདང་བ་བཅས་ཀྱི་གནས་ཚུལ་དངོས་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དེ་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། ངེས་པར་དུ་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་དང་འཚམ་པ་དང་། མང་ཚོགས་དབུལ་པོ་ནང་དུ་ཞུགས་པར་འཚམ་པ། ལས་ཀ་བྱེད་པ་བཅས་ཀྱི་ཐོན་ལས་གདམ་ག་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད།

སློབ་གསོའི་སྐོར།

2020ལོའི་ཟླ3པའི་ཚེས25ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་ཆུང་ཁག་གཅིག་གི་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་སློབ་འགོ་ཚུགས་ཤིང་། ཡུལ་ཤུལ་གྲོང་ཁྱེར་གྱི་ཆ་ཚང་སློབ་ཆུང་བཞི་པའི་སློབ་གཙོ་ཀྲང་ཞུའེ་ཆིང་གིས“སློབ་གྲོགས་ཚོའི་སློབ་གྲྭའི་སྒོ་འགྲམ་གྱི་དམར་ཕྱིའི་དྲོད་འཇལ་ཡོ་བྱད་ཀྱིས་དྲོད་ཚད་འཇལ་བའི་རྣམ་པར་བལྟས་ནས“ཉིན་འདིར་བྱིས་པ་ཚོས་རེ་སྒུག་ཡུན་རིང་བྱས་པ་དང་ང་ཚོས་ཀྱང་གྲ་སྒྲིག་ཡུན་རིང་བྱས་ཡོད”ཟེར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱང་ཞའོ་ཝུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་དང་། རྩལ་ནུས་གསོ་སྦྱོང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་སོགས་ལ་དམིགས་ནས་བྱ་བ་ཁག་སྤེལ་ཏེ་མང་ཚོགས་དབུལ་པོར་དགོས་མཁོ་ཆེ་ཤོས་ཀྱི་དངོས་ཡོད་དཀའ་ངལ་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད། ལོ་ཤས་རིང་མ་དངུལ་གཏོང་འཇོག་དང་འཛུགས་སྐྲུན་བྱས་པ་བརྒྱུད་སྡོད་ཁང་དང་། འགྲིམ་འགྲུལ། འཐུང་ཆུ་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱུང་ཡོད་ཟེར།

ཡུལ་ཤུལ་གསར་པ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར་པ། འགག་རྩའི་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གཅིག་སྡུད་ལ་དམིགས་ཏེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། མ་ལག་ལྡན་པའི་བསམ་གཞིག་ལ་བརྟེན་ནས་གནས་སྤོས་སྔ་རྗེས་ཀྱི་རོང་འབྲོག་པའི་འཚོ་ཚིས་ཇུས་འགོད་བྱེད་པ། གསར་གཏོད་བྱེད་སྟངས་དེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་གང་ལེགས་བྱས་ནས། “ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”རྣམ་པར་འགྱུར་ལྡོག་ནུས་ལྡན་གཏང་རྒྱུ་ཡིན་པ་རེད།

ཐོག་མའི་བསམ་འདུན་མི་བརྗེད་པར་དམིགས་ཚད་གསར་པའི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ། དེ་བཞིན་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་བཅས་རེད། དམིགས་ཚད་དང་ཚོད་བགམ་གསར་པའི་མདུན་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་སེམས་ནུས་གཙོ་བོ་སྲ་བརྟན་མཐོར་གཏོང་ཐད་གཅིག་སྡུད་བྱས་ཏེ་ཞན་ཆ་གསབ་པ་དང་། “མེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཐོན་ལས་དང་། ལས་ཞུགས། སློབ་གསོ། སྨན་བཅོས་སོགས་ཕྱོགས9ནསསྲ་བརྟན་མཐོར་གཏོང་བྱ་བ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། བརྟན་པོའི་ངང་དབུལ་སྒྲོལ་གྱི་རྨང་རྡོ་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད། དབུལ་ཞྭ་ཕུད་རྗེས་ལྷོད་གཡེང་དུ་མི་འགྲོ་བ་དང་། དབུལ་ཞྭ་ཕུད་པའི་རྫོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་རྒྱུར་མཐོང་ཆེན་བྱས་ནས་མཐོང་ཆེན་བྱེད་ཚད་ཆུང་དུ་མི་འགྲོ་བ་དང་། མ་དངུལ་འཇོག་ཤུགས་ཇེ་ཉུང་དུ་མི་གཏོང་བ། ལས་ཀ་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ། མི་སྣའི་སྟོབས་ཤུགས་ཇེ་ཆུང་དུ་མི་གཏོང་བ། དབུལ་སྒྲོལ་སྤུས་ཚད་ཇེ་དམའ་རུ་མི་གཏོང་བ་བཅས་མངོན་འགྱུར་བྱ་དགོས་པ་རེད།

ལོ10ཡི་རིང་ཡུལ་ཤུལ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་བཅངས་པའི་འདུན་པ་ནམ་ཡང་ཆད་མྱོང་མེད་པ་དང་། ཞི་མཐུན་མཛེས་སྡུག་ལྡན་པའི་ཡུལ་ཤུལ་གསར་པ་བསྐྲུན་རྒྱུ་དེ་ཡུལ་ཤུལ་པ་ཚང་མའི་སེམས་ནང་གི་རེ་སྒུག་ཅིག་ཏུ་གྱུར་ཡོད། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་བསྟུན་ནས། དམངས་ཚིས་ལ་་ཕན་པ་ཐོབ་པའི“ལག་རྟགས་ཆེན་པོ”ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་དུ་འགྲོ་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།