【དུས་རབས་གསར་པར་དྲིན་གཟོ། ཡུལ་ཤུལ་གསར་པའི་མདུན་སྐྱོད།】འབྲི་སྟོད་རྫོང་དབུལ་སྐྱོར་ཐོན་ལས་གླིང་གིས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།

ལོ་གསར་པའི་འགོ་ཚུགས་མ་ཐག འབྲི་སྟོད་རྫོང་གིས་རྫོང་གི་གནས་ཚུལ་ལ་ལྟརགནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཐོན་ཁུངས་བསྡུ་སྒྲིལ་གྱིས་ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་། འདུ་ཤེས་གསར་པ་འཛུགས་་པ། འཕེལ་རྒྱས་ལ་རམ་འདེགས་བྱེད་པ། བདེ་སྐྱིད་དོན་དུ་གཉེར་བ་སོགས་བྱ་བར་ཧུར་ཐག་སྒོས་འཇུག །

འབྲི་སྟོད་རྫོང་གི་གནད་སྨིན་དབུལ་སྐྱོར་ཚོང་དོན་ཐོན་ལས་གླིང་རྫོང་མཁར་ལྷོ་ཡུས་ཀྲི་གཞུང་ལམ་གྱི་ལྷོ་ངོས་སུ་ཡོད་ལ། ཞིང་ཆེན་རིམ་པའི་གཞུང་ལམ308ཀྱི་ནུབ་ངོས་སུ་ཡོད་ལ། འགྲིམ་འགྲུལ་སྟབས་བདེ་དང་། ས་བབ་ཅུང་ཁོད་སྙོམས་པོ་ཡོད་པ་བཅས་རེད། གནད་སྨིན་དབུལ་སྐྱོར་ཚོང་དོན་ཐོན་ལས་གླིང་ཁུལ་གྱི་ལས་གཞི་ལ་ཁྱོན་མ་དངུལ་སྒོར་ཁྲི4583.00བཏང་བ(དེའི་ནང་ས་གནས་ཀྱིས་སྒོར་ཁྲི983བཏང་བ)དང་། ས་ཆའི་རྒྱ་ཁྱོན་མུའུ220ཙམ་ཟིན་པ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ན་སྨི་གྲུ་བཞི་མ12186.44ཟིན་ཡོད། མི348ལས་ཞུགས་ཐུབ་ནས་དུད་ཚང་དབུལ་པོ997དང་མི2600ལ་སྐུལ་ཁྲིད་ཐུབ་ཡོད་པ་རེད།

འབྲི་སྟོད་རྫོང་དབུལ་སྐྱོར་ཅུའུ་ཡི་ལས་དོན་མི་སྣས་བཤད་རྒྱུར། “2016ལོར་སྒོར་ཁྲི2100བཏང་ནས་གྱོན་ཆས་ལས་སྣོན་བཟོ་གྲྭ་དང་། ལག་ཤེས་བཟོ་རྩལ་ལས་སྣོན་བཟོ་གྲྭ ཁྱིམ་སྤྱོད་གློག་ཆས་ཉམས་གསོ་ལྟེ་གནས། ནུས་མང་ཚོང་ལས་ཚོང་ཁང་གི་ཁང་པ་སོགས་ཐོག་མའི་དུས་ཀྱིལས་གྲྭ་བསྐྲུན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ངོས་སྨི་གྲུ་བཞི6911.34ཟིན་ཡོད། ད་ལྟའི་ཆར། ཡུལ་ཟོག་ལས་སྣོན་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། འཇིམ་བཟོས་བཟོ་སྐྲུན། རྡོ་བརྐོས། མི་རིགས་གྱོན་ཆས། འབྲུ་སྣུམ་འཚོང་བ། ཁྱད་ལྡན་བཟའ་བཏུང་། ཁྱད་ལྡན་རྡོ་ལས་སྣོན་སོགས་ས་གནས་དེ་གའི་ཁེ་ལས5དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར13ཞུགས་ཡོད། ས་གནས་ཀྱི་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི983.00བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་རེད། 2017ལོར་མ་དངུལ་སྒོར་ཁྲི1500བཏང་ནས་ཐོན་ལས་གླིང་ཁུལ་གྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་ལས་གཞི(དུས་ཐེངས་གཉིས་པ)ལག་བསྟར་བྱས་ཏེ། གཙོ་བོ་གནད་སྨིན་དབུལ་སྐྱོར་ཚོང་དོན་ཐོན་ལས་གླིང་ཁུལ་གྱི་ཐོན་ལས་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན1བསྐྲུན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ངོས་སྨི་གྲུ་བཞི་མ5275.1ཟིན་ཡོད། མ་དངུལ་བསྡོམས་འབོར་སྒོར་ཁྲི650བཏང་བ་དང་རྒྱ་ཁྱོན་ངོས་སྨི་གྲུབཞི་མ1080ཙམ་ཟིན་པའི་ཤ་ཟས་ལས་སྣོན་བཟོ་ཁང་བསྐྲུན་ནས། ད་ཕན་རྫོང་རིམ་པའི་མཉམ་ལས་ཁང་གིས་དོ་དམ་ཞིབ་ཕྲ་བྱེད་ཀྱི་ཡོད་ཟེར། ”ཐོན་ལས་གླིང་ཁུལ་གྱི་དུས་འགོའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་གཉེར་སྐྱོང་ཐུབ་པ་དང་། མི་འབོར་དབུལ་པོ་ཐག་ཉེ་སར་ལས་ཞུགས་སྔོན་ལ་བཀོད་སྒྲིག་བྱེད་པ། ཁེ་ཕན་སྦྲེལ་མཐུད་མཉམ་སྤྱོད་ལམ་སྲོལ་འཛུགས་པ། ཐོན་ཁུངས་འཕྲོ་བརླག་མི་གཏོང་བ་དང་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་བྱས་ནས་མི་འབོར་དབུལ་པོའི་ལས་ཞུགས་འབབ་འཕར་ལ་རོགས་སྐྱོར་བྱ་རྒྱུར་ལས་སྟེགས་མཁོ་འདོན་བྱས་ཡོད་པ་རེད།

འགོ་འཛུགས་ས་གསར་པ་དང་འགྲོ་ལམ་གསར་པ། འབྲི་སྟོད་རྫོང་གི་འབྲོག་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་བཏང་ནས། འབྲི་སྟོད་རྫོང་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆར་ཟུང་འབྲེལ་སྒོས་དཀར་ཆུའི་ཐོན་རྫས་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འབྲོག་ཁུལ་གྱི་མང་ཚོགས་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད། དེར་བརྟེན་མཚོ་སྔོན་ཞིང་ཆེན་རོང་འབྲོག་ལས་ཀྱི་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་འབྲི་སྟོད་རྫོང་དུ་བཅའ་སྡོད་དབུལ་སྐྱོར་ཐོན་ལས་གླིང་དུ་ནང་འདྲེན་བྱས་པ་དང་། གཞུང་ཁོངས་མ་རྐང་ཚོད་འཛིན་ཡུལ་ཤུལ་ཁུལ་འབྲི་སྟོད་ཨ་སྨི་ཞོལ་འོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པར་མ་དངུལ་སྒོར་ཁྲི3600བཏང་བ་དང་། ས་ཁྱོན་མུའུ50ཟིན་པའི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་ཁང་བཙུགས་པ་དང་འབྲེལ“ཨ་སྨི་ཞོལ”སྤུས་རྟགས་དང་། བྲིན་ཚོང་ཐབས་ལམ། འབྲི་འོ་འཚོལ་བསྡུ་དང་ལས་སྣོན་ལག་རྩལ་སོགས་ཀྱི་ལེགས་ཆ་སྤྱད་དེ་འབྲི་སྟོད་རྫོང་གི་འབྲི་འོའི་ཐོན་ལས་འཕེལ་རྒྱས་བཏང་བ་རེད།

མིག་སྔར། བཟོ་ཁང་སྐྲུན་འགོ་ཚུགས་པ་དང་། 2020ལོའི་ཟླ8པར་བཟོ་ཁང་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཐོན་སྐྱེད་བྱེད་འགོ་བརྩམ་རྒྱུ་ཡིན་པ་དང་། དུས་མཇུག་ཏུ་ད་དུང་དཀར་ཆུའི་ཐོན་རྫས་འཕེལ་རྒྱས་གཏང་རྒྱུ་དེ་འཇུག་སྒོར་བརྩིས་ནས་མཚོ་བོད་ས་མཐོའི་དམིགས་བསལ་གྱི་ནོར་ནག་ཐོན་ཁུངས་ལ་གཞི་ཚུགས་ཏེ། གཙོ་གཉེར་གྱི་སྣོད་བཅུད་གསོ་ཚགས་རྟེན་གཞི་དང་། སྐྱེ་ལྡན་འོ་མ་ལས་སྣོན་བྱ་རྒྱུ་གཙོ་བོར་བྱེད་པ་དང་འབྲེལ། དཀར་ཆུའི་ལས་རིགས་ཀྱི་ཟུར་སྣོན་ཐོན་རྫས་རིམ་བཞིན་གསར་སྤེལ་དང་ས་གནས་དེ་གའི་འབྲོག་ལས་ཐོན་རྫས་དང་། དེ་བཞིན་ཐོན་ཁུངས་གཞན་དག་གི་ཚོང་དོན་འཕེལ་རྒྱས་གཏང་བ་སོགས་བརྒྱུད་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཕྱོགས་བསྡུས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏང་རྒྱུ་ཡིན་པ་རེད།

ལམ་སྲོལ་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ཐོན་ལས་གླིང་གིས་དབུལ་སྐྱོར་དབུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ཐུབ་བྱས་པས། འབྲི་སྟོད་རྫོང་དབུལ་སྐྱོར་ཐོན་ལས་གླིང་གིས་མི་འབོར་དབུལ་པོ་དེ་བས་མང་བ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་ཐུབ་ངེས་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།