【ནམ་ཡང་བརྗེད་དུ་མེད་པའི་ཡུལ་ཤུལ་གྱི་དྲན་འཛིན】

— ཡུལ་ཤུལ་གྱིས་ཡོམ་འགོག་གེགས་སེལ་བྱས་ནས་ལོ་བཅུ་འཁོར་བར་རྗེས་དྲན་ཞུས་པ།

2010ལོའི་ཟླ4ཚེས14ཉིན། རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་གནས་པའི་མཚོ་སྔོན་ཡུལ་ཤུལ་དུ་རིམ་པ7.1ཅན་གྱི་ས་ཡོམ་དྲག་པོ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་བཟོས། ས་ཡོམ་བྱུང་རྗེས་ཡུལ་ཤུལ་གྱི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རོགས་སྐྲུན་ཚན་པའི་དཀའ་སྤྱད་འབད་བརྩོན་འོག ད་བར་ས་མཐོའི་མཐོ་གྲང་ས་ཁུལ་དུ་གཞི་ཁྱོན་ཆེ་ཤོས་དང་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་གེགས་སེལ་བྱ་བ་དང་བསྐྱར་སྐྲུན་བཟོ་སྐྲུན་ཁག་ཅིག་སྤེལ་ནས“ཡུལ་ཤུལ་གྱི་མྱུར་ཚད”དང“ཡུལ་ཤུལ་གྱི་ངོ་མཚར”གཅིག་རྗེས་གཉིས་མཐུད་ངང་བཏོད་དེ། བཀོད་པ་ལུགས་མཐུན་དང་སྒྲིག་བཀོད་འཐུས་སྒོ་ཚང་བ། ཁྱད་ཆོས་མངོན་གསལ་དོད་པ་དང་། ཁོར་ཡུག་མཛེས་སྡུག་ལྡན་པ་བཅས་ཀྱི་ས་མཐོའི་སྣོད་བཅུད་རྣམ་པའི་ཚོང་དོན་ཡུལ་སྐོར་གྲོང་ཁྱེར་ཞིག་བསྐྲུན་ཡོད་པ་རེད། ལོ་ངོ10ཡི་རིང་། ཡུལ་ཤུལ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲི41གིས་ཏང་གི་བཀའ་དྲིན་སེམས་ལ་བཅངས་ཞིང་།ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དང་དྲིན་ལན་མཚོན་པར་བྱས་ཤིང་། སྣོད་བཅུད་སྲུང་སྐྱོང་དང་། དབུལ་ཐར་འགག་སྒྲོལ། བརྟན་ལྷིང་སྲུང་སྐྱོང་། ཐོན་ལས་རིམ་སྤོར། ཏང་འཛུགས་སྐྱོང་བཅས་ཕྱོགས་ཁག་ལ་གྲུབ་འབྲས་ལེགས་པོ་སྨིན་ཡོད།

ད་ལོ་ནི་ཡུལ་ཤུལ་གྱི“4.14”ས་ཡོམ་བྱུང་ནས་ལོ་འཁོར10ལོན་པའི་ལོ་ཡིན་ལ། ཡུལ་ཤུལ་གྱིས་ས་ཡོམ་བྱུང་ནས་ལོ10འཁོར་བའི་རྗེས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གེགས་སེལ་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བ་དང་། ལོ10ཡི་རིང་གེགས་རྗེས་བསྐྱར་སྐྲུན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་པ། ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། “ལྔ་བཞིའི་འཐབ་ཇུས”སྔར་བས་དོན་འཁྱོལ་དང་། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡུལ་ཤུལ་གྱི་འཚོ་བར་མངོན་པར་བྱ་རྒྱུ་རེད།

ཀླུ་མོས་བསྒྱུར།