ཡུལ་ཤུལ་གྱིས་སྒོར་ཁྲི200ཡི་རིན་གོང་སྙོམས་སྒྲིག་ཁ་གསབ་མ་དངུལ“དུས་ཆེན་གཉིས”ཀྱི་ཁྲོམ་རར་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ1པའི་ཚེས1ཉིན་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་གསར་རྙིང་ལོ་སར་དུས་ཆེན་རིང་འཛད་སྤྱོད་བྱེད་མང་བའི་དུས་ཚིགས་ཐོན་པ་དང་བསྟུན་ནས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་མི་དམངས་སྲིད་གཞུང་གིས་སྒོར་ཁྲི200ཡི་རིན་གོང་སྙོམས་སྒྲིག་ཁ་གསབ་མ་དངུལ་སྙོམས་སྒྲིག་བྱས་ཏེ།འཕེལ་རྒྱས་སྒྱུར་བཅོས་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་སྤུས་ལེགས་ཀྱི་སྐམ་ཤ་དང་ལུག་ཤ སྔོ་ཚལ། འབྲུ་སྣུམ་བཅས་དུས་ཆེན་གཉིས་རིང་གོང་བདེ་ཐོག་ནས་བཏང་བ་རེད།

ད་ལྟ་ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་མི་ཚོས་ལོ་སར་གྱི་མཁོ་ཆས་སྔ་མོ་ནས་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་། ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ། རིན་གོང་བརྟན་ལ་གོ་རིམ་ལྡན་པ་བཅས་བྱུང་ཡོད། ཡུལ་ཤུལ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དང་ཚོང་ཁང་ཆེ་གྲས་ཁག་དང་། སྔོ་ཚལ། ཤིང་འབྲས། འཚོ་བའི་མཁོ་ཆས་སོགས་གྲོང་མིར་རྒྱུན་དུ་མཁོ་བའི་འཛད་རྫས་རྣམས་ཟོག་སྒྲོམ་ཐོག་གྲལ་འགྲིག་པོས་བསྒྲིགས་ནས། མཐོ་རིམ་སློབ་འབྲིང་གི་རིམ་པ་དམའ་བ་དང་རིམ་པ་མི་འདྲ་བའི་འཛད་སྤྱོད་པའི་དགོས་མཁོ་བསྐངས་ཡོད། ཁྲོམ་གཞུང་ཁག་གི“སྲིད་གཞུང་གི་གཞུང་བཅད་རིན་གོང་གི་འབྲུ་སྣུམ་དང་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་ཁང”ཧ་ཅང་འཁྲུག་པོ་ཡོད་པ་དང་།གྲོང་མིས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཁྲོམ་རའི་རིན་གོང་ལས་དམའ་བའི་གྲོ་ཞིབ་སྤུས་ལེགས་དང་། འབྲུ་སྣུམ། སྔོ་ཚལ་བཅས་ཉོ་ཐུབ་ཀྱི་ཡོད། གྲོང་མི་གཡང་འཛིན་གྱིས་བཤད་རྒྱུར“སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ནོར་ལུག་གི་ཤ་སྤྱི་རྒྱ་གཅིག་གི་རིན་གོང་ཁྲོམ་རའི་རིན་གོང་ལས་སྒོར་བཅོ་ལྔ་དང་བཅུ་དྲུག་བར་གོང་བདེ་བྱས་ཡོད་ལ། མ་མཐའི་འཚོ་བའི་འགན་སྲུང་ཡོད་ཚེ་གོང་ལྷག་ཏུ་བདེ་བས། ཅི་ཞིག་དགོས་འདོད་ན་སྒོ་འགྲམ་དུ་ཉོ་ཐུབ་ཟེར།

གཞན་ཡང་། “དུས་ཆེན་གཉིས”རིང་དངོས་ཟོག་གི་རིན་གོང་བརྟན་འཇགས་དང་ཡོང་འབབ་དམའ་བའི་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱ་ཆེད། གཏན་འཇགས་བྲིན་ཚོང་ས་ཚིགས་ཕུད། དཀའ་ངལ་ཡོད་པའི་མང་ཚོགས་འདུས་སྡོད་ཁུལ་དུ་སྐོར་སྐྱོད་རླངས་འཁོར་གྱིས་ཉིན་གང་གོང་བདེའི་འབྲུ་སྣུམ་དང་། སྔོ་ཚལ། ནོར་ལུག་ཤ་བཅས་མཁོ་འདོན་བྱེད་ཀྱི་ཡོད། སྲིད་གཞུང་གི་གཞུང་བཅད་རིན་གོང་གི་འབྲུ་སྣུམ་དང་ཞིང་ཞོར་ཐོན་རྫས་མཁོ་འདོན་གྱི་དུས་ཚོད་ནི། 2019ལོའི་ཟླ12པའི་ཚེས28ཉིན་ནས་ཚེས31ཉིན་བར་ཡིན་པ་དང་2020ལོའི་ཟླ1པའི་ཚེས13ཉིན་ནས་ཚེས23ཉིན་བར་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་ཞིབ་བཤེར་བྱེད་འགན་འཁུར་ནས་བཟའ་བཅའི་སྤུས་ཚད་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།