གཙང་གསུམ་ཆུ་འགོའི་མཚོ་སྔོན་ཡུལ་ཤུལ་གྱིས“འཕྲུལ་ཤེས་གྲོང་ཁྱེར” བསྐྲུན་ཏེ་འབངས་ཀྱི་འཚོ་བར་ཁེ་ཕན་བཟོས།

ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་ཡུལ་ཤུལ་ནས་ཟླ4པའི་ཚེས14ཉིན་གློག་འཕྲིན་འབྱོར་གསལ། “ད་སྐབས། གྲོང་ཁྱེར་གྱི་འཚོ་བའི་ཕྱོགས་སོ་སོ་བརྙན་ཤེལ་ཅི་རིགས་བརྒྱུད་དེ་མཐོངག་ཐུབ་ཅིང་། གྲོང་མི་ཚོས་བསྒྲུབ་འདོད་པའི་བྱ་བ་མཛུབ་མོ་འགུལ་བ་ཙམ་ལས་མངོན་འགྱུར་ཐུབ་པ་དེ་ནི་ལོ་བཅུའི་སྔོན་ལ་བསམ་ཡུལ་ལས་འདས་པ་ཞིག་རེད། ”ཅེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་འཕྲུལ་ཤེས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་དྲ་མིག་ཁོའོ་ཡི་རུ་དཔོན་ཆེན་མོ་ཚེ་དབང་གྲགས་པས་གསར་འགོད་པར་དེ་ལྟར་བཤད།

ཡུལ་ཤུལ་གྲོང་ཁྱེར་འཕྲུལ་ཤེས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མཚོ་བོད་ས་མཐོའི་དབུས་སུ་གནས་ལརྨ་རྫ་འབྲི་གསུམ་གྱི་མགོ་ཁུངས་ཡིན། 2010ལོའི“ཡུལ་ཤུལ4.14”ས་ཡོམ་བྱུང་རྗེས། གྲོང་ཁྱེར་དེས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པ་དང་ཆབས་ཅིག འཕྲུལ་ཤེས་ཅན་གྱི་སྤྱི་ཚོགས་དོ་དམ་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དོ་དམ་དང་དམངས་ཚིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད།

ཡུལ་ཤུལ་གྲོང་ཁྱེར་འཕྲུལ་ཤེས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་གྲངས་གཞི་འཚོལ་བསྡུ་བྱེད་བཞིན་པ།

2015ལོ་ནས་བཟུང་། ཡུལ་ཤུལ་གྲོང་ཁྱེར་སྡེ་ཁུལ་ཁག་གིས་དྲ་མིག་ཅན་གྱི་དོ་དམ་ཞིབ་ཚགས་བྱ་རྒྱུ་དང་། དྲ་མིག་ཅན་དང་། ལས་སྟེགས་ཀྱི་སྦྲེལ་མཐུད་པ། ཨུ་ལྷན་གཞུང་དོན་ཁང་གི་མི་སྣ་བཅས་མཉམ་དུ་ཞུགས་པ་དང་གོང་འོག་མཉམ་འགུལ་བྱ་རྒྱུ་ཡིན་ཞིང་། མིག་སྔའི་བར་གྱོད་གཞི་ཁྲི་གཉིས་ལྷག་ཙམ་བདག་སྤྲོད་བྱས་ཤིང་ཐག་གཅོད་བྱེད་ཚད85%ཡན་ཟིན་ཡོད་པ་རེད།

ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་དང་པོའི་འགན་འཁུར་པས་ཡུལ་ཤུལ་གྲོང་ཁྱེར་འཕྲུལ་ཤེས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་སུ་གོས་དར་ཕུལ་བ།

“དྲ་རྒྱའི་མི་སྣ་ཡོད་པ་མ་ཟད། ཡུལ་མི་དཀྱུས་མས་ལག་ཁྱེར་ཁ་པར་ཐོག་དམངས་ཕནApp‘ཡུལ་ཤུལ་ཀུན་ཁྱབ’ཕབ་འཇུག་བྱས་ཏེ། ཐད་ཀར་གནད་དོན་ཡར་ཞུ་བྱས་ཆོག ལག་ཁྱེར་ཁ་པར་གྱི་ངེས་གནས་དང་། གནད་དོན་གསལ་བཤད། པར་རིས་བརྒྱུད་བསྐུར་བཅས་བྱས་རྗེས་སྤྲོད་ཆོག་པ་རེད”ཅེས་ཚེ་དབང་གྲགས་པས་ངོ་སྤྲོད་བྱས་པ་རེད།

གཞན་ཡང་། གྲོང་མིསAppབརྒྱུད་དེ་ལག་ཁྱེར་གྲོན་དངུལ་སྤྲོད་པ་དང་། ཆ་འཕྲིན་འདྲི་རྩད། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་ཐོབ་རྒྱུ་དང་། དྲ་ཐོག་སྲིད་དོན་ཞབས་ཞུ་གཤིབ་སྦྲེལ་ཞིབ་མཆན་འགོད་པ་དང་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། གོ་རིམ་ཇེ་ལེགས་སུ་གཏོང་བ། འཕྲུལ་ཤེས་རྒན་གསོ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཁོངས་གཏོགས་ཀྱིས“གཅིག་གིས་རོགས་སྐྱོབ་བྱེད་པ་དང་། གཅིག་གིས་བདག་སྤྲོད་བྱེད་པའི”ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས“གྲངས་གཞི་ཇེ་མང་དུ་གཏོང་བ་དང་གྲོང་མི་འགྲོ་ལམ་བརྒྱུད་རིམ་ཇེ་ཉུང་དུ་གཏང་བ”བྱེད་ཐུབ་པ་རེད།

ད་ལོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་རྗེས་དྲ་མིག་པ་ཚོས་རྩ་གཉིས་ཨང་རྟགས་སྤྱད་དེ་འགྲོ་འོང་ཐོ་འགོད་སྟབས་བདེ་རུ་བཏང་ཞིང་། འགྲོ་སྐྱོད་སྟབས་བདེ་མེད་པའི་གྲོང་མིར་ཚབ་སྐྱེལ་ཞབས་ཞུ་བྱས་ཤིང་། དྲ་མིག་པས་བཤད་རྒྱུར། “ཉེ་ཆར་སློབ་གྲྭ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་ཤིང་། ང་ཚོས་དྲ་ཐོག་ལས་སྟེགས་སྤྱད་དེ་རིམས་ནད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་པ་མ་ཟད། སློབ་གྲྭའི་སྒོ་འགྲམ་དུ་ལས་རེས་བྱས་ནས་སློབ་མ་ཚོར་ཁ་ཐུམ་བརྒྱག་པ་དང་། དུག་སེལ་གཤེར་ཁུ་གཏོར་བ། འགྲོ་འོང་རླངས་འཁོར་ལ་ཁོ་ཚོར་བདེ་འཇགས་ངང་སློབ་གྲྭར་ཡར་མར་སྐྱེལ་རྒྱུ་ལམ་སྟོན་སློབ་ཁྲིད་བྱས་པ་ཡིན་ཟེར།

ཡུལ་ཤུལ་གྲོང་ཁྱེར་འཕྲུལ་ཤེས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་དྲ་མིག་པས་སློབ་ཆུང་སློབ་མ་བདེ་འཇགས་ངང་སློབ་གྲྭ་གྲོལ་བར་རོགས་རམ་བྱེད་པ།

མིག་སྔར། བརྙན་ལམ་འདུས་གྲུབ་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་ནང་སྐྱེ་ཁམས་དང་། གཙོ་གནད་སྤྱི་པའི་ས་ཁོངས། “ཉི་འོད་ཐབ་ཚང་”བཅས་ཀྱི་ལྟ་སྐུལ་ཚོད་འཛིན་ཚུད་ཡོད་པ་དང་། ཤང་དང་གྲོང་རྡལ་ཁག་གིས་ལམ་དང་བཟའ་བཏུང་སློབ་གྲྭ་ཚང་མའི་ཐབ་ཚང་ལ་ལྟ་སྐུལ་ཚོད་འཛིན་ས་ཚིགས་བཙུགས་ནས་བདེ་འཇགས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། འགྲིམ་འགྲུལ་འགྲོ་སྐྱོད་ཇེ་ལེགས་སུ་གཏང་བ། བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པ་བཅས་རེད།

ཡུལ་ཤུལ་གྲོང་ཁྱེར་འཕྲུལ་ཤེས་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་དྲ་མིག་པ་པུའུ་ཅི(གཡས་ཀྱི་དང་པོ)ཡིས་ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་རྒན་རྒོན་ལ་རོགས་རམ་བྱེད་པ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།