མཚོ་སྔོན་ཞིང་ཆེན་གྱི2020ལོའི་དམག་ཞབས་ཐོ་འགོད་སྤྱི་སྒྲོག

2020ལོའི་དམག་ཞབས་ཐོ་འགོད་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཅིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པའི་ནང་ཐག་བཅད་པ་ལྟར། “རྒྱལ་ཁབ་ཀྱིས་དམག་ཞབས་ཐོ་འགོད་ལམ་ལུགས་ལག་ལེན་བསྟར་ཏེ། ལོ་རེའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་སྐྱེས་པ་ཚང་མས་ལོ་དེའི་ཟླ6པའི་ཚེས30ཉིན་གྱི་སྔོན་ལ་རྫོང་དང་། རང་སྐྱོང་རྫོང་། གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཆུས་བཅས་ཀྱི་དམག་ཞབས་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་དམག་ཞབས་ཐོ་འགོད་བྱ་དགོས”ཞེས་པར་བཟོ་བཅོས་བརྒྱབ་ཡོད།

གཅིག ཐོ་འགོད་བྱ་ཡུལ།

(1)2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་རྒྱུན་སྡོད་ཁྱིམ་ཐོ་རང་ཉིད་གནས་སའི་ཁོངས་གཏོགས་དང་དེ་བཞིན་ཁོངས་གཏོགས་དེ་གའི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་སློབ་གྲྭ་བཅས་སུ་སློབ་སྦྱོང་བྱེད་བཞིན་པའི་ལོ18ལ་སླེབས་པའི་སྐྱེས་པའི་སྤྱི་དམངས་ཚང་མ་དམག་ཞབས་ཐོ་འགོད་ནང་ཞུགས་ཆོག

(2)2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ། ལོ17ལ་སོན་པ་དང་ལོ18ལ་སོན་མེད་པའི་སྐྱེས་པའི་སྤྱི་དམངས་ཀྱིས་རང་མོས་ཀྱིས་དམག་སྐུལ་དང་ལེན་བྱས་ཚེ། དམག་ཞབས་ཐོ་འགོད་ལ་ཞུགས་ཆོག

(3)2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་ལོ24ལས་བརྒལ་མེད་པའི་སྤྱི་དམངས་སྐྱེས་པ་དམག་ཞབས་ཐོ་འགོད་ནང་ཞུགས་མེད་པ་ཚང་མ་གསབ་འགོད་བྱེད་དགོས།

(4)དམག་ཞབས་ཐོ་འགོད་བྱེད་སྐབས་སུ་མཉམ་དུ2020ལོའི་འོས་འགན་དམག་མིས་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་རེ་ཞུ་ཆོག་པ་དང་། གལ་ཏེ་ད་ལོར་དམག་ཞུགས་ཀྱི་འདོད་མོས་མེད་ན་དམག་སྐུལ་ཐོ་འགོད་བྱེད་སྐབས“དམག་སྐུལ་ཐོ་འགོད་ཁོ་ན་བྱས་ནས2020ལོའི་ལོ་འཁོར་གྱི་དམག་སྐུལ་ནར་འགྱངས་ཡོང་རེ་ཞུ་ཆོག”

(5)སྔོན་ཆད་དམག་ཞབས་ཐོ་འགོད་ལ་ཞུགས་ཚེ། “རྒྱལ་ཡོངས་དམག་བསྡུའི་དྲ་བའི”སྟེང་མི་སྒེར་གྱི་ཐོ་འགོད་ཆ་འཕྲིན་ལ་ཞིབ་བཤེར་བྱེད་པའམ་ཡང་ན་ད་ལོ་བསྡུ་པའི་མིང་ཐོ་འགོད་དགོས།

གཉིས། ཐོ་འགོད་དུས་ཚོད།

2020ལོའི་ཟླ་དང་པོའི་ཚེས10ཉིན་ནས་ཟླ6པའི་ཚེས30ཉིན་བར་རེད།

གསུམ། ཐོ་འགོད་གོ་རིམ།

1.དྲ་ཐོག་ནས་ཐོ་འགོད་བྱེད་པར་ཐབས་གཉིས་ཡོད། གཅིག་ནི་ལོ་རན་པའི་ན་གཞོན་གྱིས་རྒྱལ་ཡོངས་དམག་བསྡུའི་དྲ་བ(http://www.. gfbzb. gov. cn)སྟེང་ནས་ཐོ་འགོད་བྱེད་ཆོག་པ་དང་། གཉིས་ནི། སྐད་འཕྲིན་སྤྱི་རྟགས“老高原”(སྐད་འཕྲིན་ཨང་གྲངས། qhsjqgzh)དོ་ཁུར་བྱས་ནས་ཐོ་འགོད་བྱེད་ཆོག་པ་རེད།

2.རེའུ་མིག་བསྐངས་ཚར་རྗེས། སྙན་ཞུའི་རེའུ་མིག་ཕབ་ལེན་བྱས་པ་དང་འབྲེལ《སྤྱི་དམངས་སྐྱེས་པའི་དམག་སྐུལ་ཐོ་འགོད/བསྡུ་དགོས་པའི་མིང་ཐོའི་རེའུ་མིག》དང་། ཐོབ་ཐང་ལག་ཁྱེར(ཁྱིམ་ཐོ)མཐར་ཕྱིན་འཛིན་ཡིག(བསླབ་གནས་འཛིན་ཡིག)ཚུན1ཅན་གྱི་རྒྱབ་ལྗོངས་དམར་པོའི་འདྲ་པར2བཅས་འཁྱེར་ནས་ཤང་གྲོང(ཁྲོམ་གཞུང)དྲག་ཆས་པུའུ་དང་མཐོ་སློབ་དམག་བསྡུའི་ལས་དོན་ས་ཚིགས་སུ་ཡུལ་དངོས་ངོས་འཛིན་བྱེད་དགོས། དྲ་ཞུགས་ཀྱི་ཆ་རྐྱེན་མི་འཛོམས་པའི་གཞོན་ནུ་དག་ཤང(གྲོང་རྡལ་དང་ཁྲོམ་གཞུང)གི་དམག་ཞབས་ཐོ་འགོད་ས་ཚིགས་སུ་ཐོ་འགོད་བྱེད་ཆོག་པ་དང་། དམིགས་བསལ་གྱི་རྒྱུ་རྐྱེན་དབང་གིས་རང་ཉིད་དངོས་སུ་འགྲོ་མ་ཐུབ་ཚེ་གཉེན་ཉེར་མངགས་བཅོལ་བྱས་ནས་ངོས་འཛིན་བྱེད་དུ་བཅུག་ཆོག མཐོ་སློབ་ཀྱི་སློབ་ཞུགས་ཐད་སློབ་མ་གསར་པའི་དམག་ཞབས་ཐོ་འགོད་གནས་ཚུལ་ལ་དཔྱད་བཤེར་བྱེད་དགོས་པ་དང་ཐོ་འགོད་མ་བྱས་པའི་རིགས་ཐོ་འགོད་བྱ་བར་སྐུལ་འདེད་གཏང་དགོས།

3. ཐོག་མའི་ཞིབ་བཤེར། ཤང་གྲོང(ཁྲོམ་གཞུང)དྲག་ཆས་པུའུ་དང་མཐོ་སློབ་དམག་བསྡུའི་ལས་དོན་ས་ཚིགས་ཀྱིས་དམག་ཞབས་ཐོ་འགོད་ནང་ཞུགས་པའི་སློབ་ལོ་ལོན་པའི་སྤྱི་དམངས་སྐྱེས་པར་ཐོག་མའི་ཞིབ་བཤེར་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་བསྡུ་དགོས་པ་དང་། བསྡུ་འགྱངས་བྱེད་པ། རྩ་ཆག་གཏོང་བ། བསྡུ་མི་ཆོག་པ་བཅས་ཀྱི་སྡོམ་ཚིག་བཟོ་དགོས་པ་མ་ཟད། རྫོང(གྲོང་ཁྱེར་དང་ཆུས)དམག་ཞབས་ལས་ཁུངས་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས།

བཞི། སྲིད་ཇུས་བློ་འདྲི།

1. དྲ་ཐོག་བློ་འདྲི། རྒྱལ་ཡོངས་ཀྱི་དམག་བསྡུའི་དྲ་བ།

(http://www.. gfbzb. gov. cn/)

2. སྐད་འཕྲིན་བློ་འདྲི། “老高原”སྐད་འཕྲིན་སྤྱི་རྟགས་

(སྐད་འཕྲིན་ཨང་གྲངས། qhsjqgzh)

3.ཁ་པར་བློ་འདྲི། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དམག་བསྡུའི་གཞུང་ལས་ཁང་དང་མཐོ་སློབ་ཁག་གི་དམག་བསྡུའི་ལས་དོན་ས་ཚིགས་ཀྱི་ཁ་པར་སྐད་འཕྲིན་སྤྱི་རྟགས་ཀྱི“老高原”འོག་ཕྱོགས་ཀྱི“འབྲེལ་གཏུག་བྱེད་སྟངས་མནན་ནས་འདྲི་རྩད་བྱས་ཆོག

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་སྒྲུབ་ཁང་།

2020ལོའི་ཟླ་དང་པོའི་ཚེས11ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།