2020ལོ་ནས་རྡུང་རེས་རྒྱག་མཁན་ལ་ཆད་པ་ནན་མོ་གཅད་རྒྱུ་རེད།

1. རྨས་སྐྱོན་ཡང་མོའི་རྡུང་རེས། ཉིན5ནས་ཉིན15བར་བཀག་ཉར། སྒོར500ནས་སྒོར1000བར་གྱི་ཆད་པ། སྨན་བཅོས་གྲོན་དངུལ་དང་ལས་ཐེབས་ཆག་པའི་གྲོན་དངུལ། ད་དུང་བཀག་སྐྱིལ་བྱེད་རིང་གི་གླ་ཕོགས་གཞལ་དགོས་པ་རེད། 

2. རྨས་སྐྱོན་ཅུང་ཡང་མོའི་རྡུང་རེས། ལོ3མན་གྱི་དུས་བཀག་བཙོན་འཇུག སྐྱིན་ཚབ་དངུལ་སྤྲོད་པ། སྨན་བཅོས་གྲོན་དངུལ། ལས་ཐེབས་ཆག་པའི་གྲོན་དངུལ་སོགས་ཀྱི་སྐྱིན་ཚབ་གཞལ་དགོས་པ་མ་ཟད། ཁྲིམས་ཆད་བཅད་པའི་དབང་གིས་ལས་ཀར་ཞུགས་མ་ཐུབ་པའི་གླ་ཕོགས་སྐྱིན་ཚབ་གཞལ་དགོས་པ་རེད།

3. རྨས་སྐྱོན་ཚབས་ཆེན་ཕོག་པའི་རྡུང་རེས། ལོ3ཡན་དང་ལོ10མན་གྱི་དུས་བཀག་བཙོན་འཇུག་དང་། ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས། དཔལ་འབྱོར་སྐྱིན་ཚབ། སྤྱི་ཚོགས་དང་ཁྱིམ་ཚང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་སྐྱིན་ཚབ་གཞལ་དགོས་པ་རེད། 

4.རྡུང་རེས་ཀྱི་ཞོར་ལ་བྱུང་བའི་དམངས་དོན་འགན་འཁྲིའི་གྲོན་དངུལ(གཏུག་བཤེར་གྲོན་དངུལ+ཁྲིམས་རྩོད་པའི་གྲོན་དངུལ+སྨན་བཅོས་གྲོན་དངུལ+ལས་ཐེབས་ཆག་པའི་གྲོན་དངུལ)+སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་ཆད་ཕོག་མྱོང་བ+སེམས་ཁམས་སྐྱོ་ཞིང་ཡིད་ཐང་ཆད་པ། +མཚན་སྙན་དང་རྣམ་པ་ལ་གནོད་འཚེ་ཕོག་པ། +ཁྱིམ་མི་དང་གྲོགས་པོའི་སེམས་ཁུར་བྱེད་པ། +བྱ་བ་དང་ཚོང་ལས་སོགས་ལ་གྱོང་གུན་ཆེན་པོ་ཕོག་པ་བཅས་རེད།

དེ་ལས་གཞན། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་ཆད་ཕོག་པའི་བྱས་ཉེས་བསགས་ཕྱིན། དེ་འབྲེལ་ཟིན་ཐོ་སོ་སོའི་ཡིག་ཚགས་ཁྲོད་བཅུག་སྟེ་མི་ཚེ་གང་པོར་ལེན་ཐབས་ཡོད་པ་མ་རེད། ཕྱི་ཆད་མི་སྒེར་དང་ཐ་ན་རང་ཉིད་ཀྱི་བུ་ཕྲུག་གཞུང་ཞབས་པར་རྒྱུགས་ལེན་པ་དང་། དམག་ཏུ་ཞུགས་པ། ཏང་ནང་དུ་ཞུགས་པ། ཕྱི་རྒྱལ་དུ་འགྲོ་བ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ། ལས་ཀར་ཞུགས་པ་བཅས་ཚང་མར་གནོད་པ་ཐེབས་ཡོང་གི་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།