རང་ཞིང་གིས“ཆ་འཕྲིན་དྲ་རྒྱ+”ཡི་སྨན་བཅོས་ཞབས་ཞུའི་རིན་དངུལ་བསྡུ་བའི་སྲིད་ཇུས་འཐུས་ཚང་དུ་བཏང་པ།

རང་རེའི་དྲ་བའི་འཕྲིན། ཟླ12ཚེས19ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཐོན་ཁུངས་ཀྱི་སྒྲིག་འཇུག་ལེགས་སྒྱུར་དང་སྨན་བཅོས་ཞབས་ཞུའི་རྣམ་གཞག་གསར་གཏོད་བྱེད་པ། ཆ་འཕྲིན་དྲ་རྒྱའི་སྟེང་ནས་སྨན་བཅོས་བརྟག་དཔྱད་བྱེད་པ་དང་རྒྱང་སྒྱུར་སྨན་བཅོས། མཉམ་སྤྱོད་རྒྱང་སྒྱུར་སྨན་བཅོས། མཉམ་སྤྱོད་མ་ཡིན་པའི་རྒྱང་སྒྱུར་ནད་ཐོའི་སྨན་བཅོས། གློག་གི་སྙིང་ཚད་ཚད་ལེན་རྒྱང་སྒྱུར་བརྒྱུད་སྒྲོགས། འཕར་རྩའི་རྒྱང་སྒྱུར་ལྟ་ཞིབ་ཚད་ལེན་སོགས་ལ“ཆ་འཕྲིན་དྲ་རྒྱ+”ཡི་སྨན་བཅོས་ཞབས་ཞུའི་རིན་དངུལ་རྣམ་གྲངས་སྤེལ། དེར་མ་ཟད“ཆ་འཕྲིན་དྲ་རྒྱ+”ཡི་སྨན་བཅོས་ཞབས་ཞུའི་རིན་དངུལ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཞབས་ཞུའི་ཕན་འབྲས་དང་ཞབས་ཞུའི་མ་རྩ་ཇེ་དམའ་རུ་བཏང་སྟེ། མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་དེ་ཡོངས་སུ་ཚིམས་པར་བཅུག། སྲིད་ཇུས་གསར་བ་དེ་ཟླ12ཚེས31ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་འབྲེལ་ཡོད་སྒྲིག་སྲོལ་གཞིར་བཟུང་སྟེ་རིན་དངུལ་བསྡུ་བའི་བྱ་སྤྱོད་གཟབ་ནན་ཅན་ཏུ་བཏང་། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་ཡིས་ཁྲིམས་བསྟུན་སྒྲིག་སྲོལ་ལྟར“ཆ་འཕྲིན་དྲ་རྒྱ+”ཡི་སྨན་བཅོས་ཞབས་ཞུ་དེ་རྣམ་གྲངས་ལྟར་བདག་དོམ་བྱས། ཆོག་མཆན་མ་ཐོབ་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དག་ལ་ནད་པའི་ལག་ནས་རིན་དངུལ་བསྡུ་ལེན་བྱས་མི་ཆོག གཞུང་བཙུགས་མ་ཡིན་པའི་སྨན་བཅོས་སྒྲིག་གཞི་ཡས་ཁྲིམས་ལྟར་ལུགས་མཐུན་ངང“ཆ་འཕྲིན་དྲ་རྒྱ+”ཡི་སྨན་བཅོས་ཞབས་ཞུ་སྤེལ་ནས། རིན་གོང་དོན་དངོས་ཀྱིས་ཁྲོམ་རའི་རིན་གོང་སྙོམས་སྒྲིག་བྱས། ཆ་འཕྲིན་དྲ་རྒྱའི་སྨན་ཁང་གིས་ཐོ་འགོད་ཐོ་མིང་གི་བདག་དོམ་རང་བཞིན་གྱི་རྣམ་པ་དང་ཚོང་གཉེར་རང་བཞིན་གྱི་ངོ་བོ་ལུགས་མཐུན་ཅན་ལ་བརྟེན་ནས་རིན་གོང་གི་རྣམ་གྲངས་སྲིད་ཐུས་ལག་བསྟར་བྱས།

དེ་དང་ཆབས་ཅིག ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཆ་འཕྲིན་དྲ་རྒྱའི་སྟེང་གི་སྨན་བཅོས་བརྟག་དཔྱད་རིན་དངུལ་གཞིར་བཟུང་སྟེ། “ཆ་འཕྲིན་དྲ་རྒྱ+”ལྟར་ཁྱིམ་ཚང་གི་སྨན་པའི་ཞབས་ཞུ་མཁོ་སྤྲོད་དང་ནད་པ་དག་གིས“ཆ་འཕྲིན་དྲ་རྒྱ+”ཡི་སྨན་བཅོས་ཞབས་ཞུ་དང་ལེན་བྱས། དེར་མ་ཟད་ནད་པ་དག་གིས་སྐུད་ལམ་མ་ཡིན་པའི་ཞབས་ཞུ་ལོངས་སྤྱོད་སྐབས་ནད་རྟགས་སྨན་བཅོས་སྨན་པ་དག་གིས“ཆ་འཕྲིན་དྲ་རྒྱ+”ཡི་རྣམ་པ་ལ་བརྟེན་ནས། སྨན་པ་གཞན་དག་གདན་འདྲེན་ཞུས་སྟེ་སྨན་བཅོས་སོགས་ཀྱི་གནས་ཚུལ་ཐད་ལ་རིན་དངུལ་བསྡུ་བའི་སྒྲིག་སྲོལ་དེ་ཞིབ་ཚགས་དང་གསལ་བོར་བཟོས།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རིམ་པ་སོ་སོའི་གཞུང་བཙུགས་སྨན་བཅོས་རིན་དངུལ་བསྡུ་བའི་བྱ་སྤྱོད་ཐད་ལ་ལྟ་སྐུལ་ཞིབ་བཤེར་དང་བདག་དོམ་བྱས་ཏེ། གཞུང་གཉེར་སྨན་བཅོས་སྒྲིག་གཞི་དེ་གཙོ་བོར་བཟུང་ནས། སྨན་བཅོས་ཞབས་ཞུའི་རིན་གོང་ཐད་ཀྱི་ཉིན་རྒྱུན་ལྟ་ཞིབ་ཚད་ལེན་བདག་དོམ་ལ་ཤུགས་སྣོན་བྱས། སྨན་བཅོས་སྒྲིག་གཞི་སོ་སོས་མཁོ་སྤྲོད་བྱས་པའི“ཆ་འཕྲིན་དྲ་རྒྱ+”སྨན་བཅོས་ཞབས་ཞུ་ལྟར་དྲང་བཞག་དྲང་སྙོམས་ཀྱིས་ཁྲིམས་མཐུན་ཡིད་ཆེས་སྒོས་རྩ་དོན་བརྩི་སྲུང་བྱས། དེར་མ་ཟད“ཆ་འཕྲིན་དྲ་རྒྱ+”སྨན་བཅོས་ཞབས་ཞུའི་སྒྲིག་སྲོལ་གསར་བ་དང་ཁྱད་ཆོས་གསར་བར་ཟུང་འབྲེལ་གྱིས་སྨན་བཅོས་མི་སྣ་དག་ཧུར་ཐག་གིས་ཟབ་ཞུགས་བྱེད་པར་སྣེ་ཁྲིད་དང་རང་རྟོག་སྒོས་སྤྱི་ཚོགས་ཀྱི་ལྟ་ཞིབ་ཚད་ལེན་དང་ལེན་བྱེད་པ། ནན་ཏན་སྒོས་སྲིད་ཇུས་དྲིལ་སྒྲོག་དང་བྱ་བར་འགྲེལ་བཤད་བྱེད་པ། ལུགས་མཐུན་ངང་སྤྱི་ཚོགས་ཀྱི་སྔོན་དཔག་ལ་མཛུབ་སྟོན་བྱས་ནས། སྤྱི་ཚོགས་ཀྱི་དོ་ཁུར་ལ་དྲིན་ལན་འོས་འཚམ་ཞིག་སྤྲོད་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་གོ་བ་ལེན་སྟངས་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། “ཆ་འཕྲིན་དྲ་རྒྱ+”སྨན་བཅོས་ཞབས་ཞུའི་རིན་དངུལ་བསྡུ་ལེན་སྲིད་ཇུས་དེ་ཞི་འཇགས་སྲ་བརྟན་ངང་སྲིད་ཇུས་ཀྱི་མཁའ་དབུགས་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།