མཚོ་ཤར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དང་བདེ་སྐྱིད་ཀྱི་དམིགས་ཚད་མཐོར་འདེགས་སྒོས་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་བྱས་པ།

རང་རེའི་དྲ་བའི་འཕྲིན། དགུན་ཁའི་དུས་ཚིགས་ནང་མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་ད་ར་ཧོར་རིགས་ཡུལ་ཚོ་རྩྭ་སྐྱ་སྡེ་བའི་མཁར་གྱང་སྟེང་དུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་བརྩེ་སེམས་ཀྱིས། སེམས་ཤུགས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་ཕྱི་གསལ་ནང་གསལ་གྱི་སྦྱོར་ཡིག་སྦྱར་ཡོད། ཐང་ཆེན་དུ་བྱིས་པ་དག་གིས་དགའ་སྤྲོའི་འབོད་སྐད་ཀྱིས་ཁེངས་ཤིང་། སྡེ་བ་ཡོངས་ཀྱི་དུད་ཁྱིམ60རེ་རེ་ཁང་མིག་གྱན་བཞི་དང་འགྲུལ་ཁང་གཅིག ཟ་ཁང་གཅིག སྤྱོད་ཁང་གཅིག་བཅས་ཀྱིས་གྲུབ་པའི་གྱོ་ཁང་དང་ར་སྐོར་ཅན་ནང་དུ་བསྡད་འདུག མི228གྱི་ཐོན་སྐྱེད་འཚོ་བའི་བྱེད་ཐབས་ལ་ཡང་ཁུ་སིམ་མེར་མངོན་གསལ་གྱིས་འགྱུར་ལྡོག་བྱུང་བཞིན་ཡོད།

2019ལོའི་ཟླ12ཚེས9ཉིན། རྒྱལ་ཁབ་མི་རིགས་ཨུ་ལྷན་གྱིས་མཚོ་ཤར་གྲོང་ཁྱེར་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་མཚོན་གྲོང་ཁྱེར”གྱི་མཚན་སྙན་གནང་། རྒྱལ་ཁབ་མི་རིགས་ཨུ་ལྷན་གྱིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་ནི་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་འགོ་རྩོམ་ས་དང་རྐང་འཛུགས་ས་དེ་སྐུལ་འདེད་ཀྱི་འཕེལ་རྒྱས་ཐད་དུ་བཞག་ནས། པན་ཡན་སྡེ་མི་དག་ཡུལ་གཞན་གནས་སྤོར་སོགས་དམངས་ཚིས་འཕེལ་རྒྱས་ཀྱི་བཟོ་སྐྲུན་གལ་ཆེན་ལ་སྐུལ་འདེད་བྱས། “འཐེན་ཐུག་དཔལ་འབྱོར”སོགས་དམངས་ཚིས་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་སྐོར་ཞིག་ལ་ཡང་སྐུལ་འདེད་བྱས་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་མཐོར་འདེགས་ཀྱིས་མཚོ་ཤར་གྱི་འཕེལ་རྒྱས་བྱ་བར་རྒྱབ་རྟེན་སྒོས། མི་རིགས་མང་པོའི་འདུས་སྡོད་འདྲེས་མའི་ས་ཁུལ་དུ་ཁྱད་ལྡན་གསར་གཏོད་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་ཐད་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་བྱས་རྗེས་བཞག རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་འཕེལ་རྒྱས་ཐད་ལ་ཡང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད།

2019ལོ་ནི་མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་མཚོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ལོ་འདིའི་ནང་མཚོ་ཤར་གྲོང་ཁྱེར་གྱིས་སེམས་པ་རྩེ་གཅིག་ངང་ས་གནས་ཀྱི་ཁྱད་ལྡན་དང་འབུར་ཐོན་ཇུས་འགོད་ཐད་ལ་རྒྱལ་ཁབ་ཀྱི་དམག་གཟིགས་བསུ་བའི་ལམ་བུ་བསྐྲུན། ཁྱོན་ཡོངས་རང་བཞིན་དང་ཟུར་མང་རང་བཞིན་གྱི་སྒོ་ནས་བྱ་བའི་ཁྱད་ཆོས་ཤིག་གསར་གཏོད་བྱས་ཏེ། གཟིགས་ཞིབ་གནད་རེ་རེ་ཐད་མཚོ་ཤར་གྱི་ས་ཁོངས་ཁྱད་ཆོས་དང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན། བྱ་བའི་གཙོ་གནད་འབུར་ཐོན་བཅས་བྱས། དེ་དང་ཆབས་ཅི“མྱོས་པར་བྱེད་པའི་མཚོ་སྔོན་གྱི་མཚོ་ཤར”ཞེས་པའི་བྱ་འགུལ་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིམ་བསྟར་རིག་གནས་ལུས་རྩལ་གྱི་བྱ་འགུལ་རྒྱ་ཆེན་སྤེལ།

ཟླ4ཚེས23ནས་ཚེས27ཉིན་བར་ནི། རྒྱལ་ཡོངས་མི་རིགས་ཨུ་ལྷན་གྱིས་མཚོ་ཤར་གྲོང་ཁྱེར་གསར་སྐྲུན་བྱེད་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་མཚོན་གྲོང་ཁྱེར་གྱི་བྱ་བའི་ཐད་ལ་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གིས་མཚོ་ཤར་གྲོང་ཁྱེར་ལ་ཚད་མཐོན་པོའི་དཔྱད་འཇོག་བྱས་ཏེ། དུས་ཡུན་རིང་བོར་མཚོ་ཤར་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་མདུན་སྐྱོད་བྱ་གཞག་དེ་གྲོང་ཁྱེར་ཡོངས་ཀྱི་བརྟན་འཇགས་འཕེལ་རྒྱས་བྱ་བའི་འཐབ་ཇུས་ཀྱི་འགན་འཁྲི་ཡིན་ལ། མི་རིགས་མཐུན་སྒྲིལ་མདུན་སྐྱོད་གསར་གཏོད་ཀྱིས་སྣེ་ཁྲིད་དང་གར་སྟེགས་བསྐྲུན་པ་བརྒྱུད། མཁའ་དབུགས་ལེགས་པོ་ཞིག་གསར་དུ་བསྐྲུན། གསར་གཏོད་ལ་མཐོང་ཆེན་དང་ཚོང་རྟགས་གྲགས་ཅན་གསོ་སྐྱོང་། ཕྱོགས་བསྡུས་སྲིད་ཇུས་བཅས་ལ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་མཚོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་འཚོལ་ཞིབ་ཐད་ལ་ཉམས་མྱོང་མང་པོ་བསྡུ་རུབ་དང་མཚོ་ཤར་གྱི་ཁྱད་ལྡན་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ཉམས་མྱོང་ཕུན་སུམ་ཚོགས་པར་བཏང་། དེ་དང་ཆབས་ཅིག མཚོ་ཤར་གྲོང་ཁྱེར་གྱིས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་དང་ནུས་ཤུགས་གང་ཡོད་ངང་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་ཆེས་ཆེར་བཏང་། ནུས་ཤུགས་གང་ཡོད་སྒོས་རྒྱལ་ཡོངས་ཀྱི་སྔོན་ཐོན་གཉིས་ཀྱི་གྲོས་ཚོགས་བསྡུས་ནས། ཞིང་སྡེའི་འཛུགས་སྐྲུན་མུ་མཐུད་དུ་རིམ་སྤར་དང་སྤྱི་ཚོགས་བཅོས་སྐྱོང་ལ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་ཐད་ལ་ཕན་འབྲས་ངེས་ཅན་ཞིག་བླངས་ཡོད། བྱ་བའི་གཙོ་གནད་མུ་མཐུད་དུ་གཏིང་ཟབ་ཅན་ལ་བཏང་སྟེ་གསར་སྐྲུན་རིམ་སྤར་ལ་སྐུལ་འདེད་དང་གསར་གཏོད་བྱས།

2020ལོར་མཚོ་ཤར་གྲོང་ཁྱེར་གྱིས་གསར་སྐྲུན་བྱ་བ་དེ་གསར་སྐྲུན་གྱིས་ཙོང་ཆུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་མཚོན་ཁྱམས་རའི་བསྡུས་གཟུགས་གསར་སྐྲུན་དང་ཁྱོན་ཡོངས་ནས་གསར་སྐྲུན་བྱ་བའི་མཐོར་འདེགས་རིམ་སྤར་ལ་སྐུལ་འདེད་བྱས། གསར་གཏོད་བྱ་བར་སྐུལ་འདེད་བཏང་ནས་སྔར་ལས་ཁྱབ་རྒྱ་ཆེ་བ་དང་སྔར་ལས་ཁྱབ་ཁོངས་ཡངས་པ། སྔར་ལས་གོ་རིམ་ངེས་ཅན་ཡོད་པ། སྔར་ལས་ཆུ་ཚད་མཐོན་པོའི་གོམ་སྟབས་མགྱོགས་པོ་བཅས་ལ་བརྟེན་ནས་གསར་གཏོད་བྱ་བའི་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དང་རིམ་སྤར་གསར་གཏོད་གྲུབ་འབྲས་སྲ་བརྟན། གསར་གཏོད་བྱ་བའི་རིམ་སྤར་གསར་སྐྲུན་བཅས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།