སྟོང་སྐོར་རྫོང་གིས་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་རྒན་གསོའི་ཞབས་ཞུ་ཉོ་བསྡུ་ལ་སྐུལ་འདེད་བྱས་པ།

རང་རེའི་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ་སྟོང་སྐོར་རྫོང་གིས་དམངས་གཉེར་སྤྱི་གཞུང་འཛུགས་སྐྲུན་དང་སྲིད་གཞུང་གི་ཉོ་བསྡུའི་ཞབས་ཞུའི་བྱ་བའི་དགོངས་དོན་གཞིར་བཟུང་སྟེ། ལོ་ལོན་རྣམས་ཀྱི་སྣ་མང་རང་བཞིན་གྱི་ཞབས་ཞུའི་དགོས་མཁོ་ཡི་དམིགས་འབེན་དེ་ཚིམས་པར་བྱ་ཆེད། ཁྱིམ་ཚང་དང་གཞིས་ཁུལ་གྱི་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་ཚོད་ལྟའི་བྱ་བར་ཟུང་འབྲེལ་སྒོས། མི་འབོར་རྒན་པ་ཅན་དུ་གྱུར་བའི་ཚད་གཞི་སྔོན་འགོག་ཐོག ཁྱིམ་ཚང་གི་རྒན་གསོ་དེ་རྨང་གཞི་དང་གཞིས་ཁུལ་རྒན་གསོ་གཞིར་བཟུང་ནས། རྒན་གསོ་ལ་ཁ་གསབ་དང་སྨན་བཅོས་ལ་ཟུང་འབྲེལ་བྱེད་པའི་སྤྱི་ཚོགས་ཀྱི་རྒན་གསོའི་སྣ་མང་ཞབས་ཞུའི་མ་ལག་དེ་ཐོག་མར་གྲུབ་དུ་བཅུག

སྟོང་སྐོར་རྫོང་གིས་ཐོག་མཐའ་བར་གསུམ་དུ་རྒན་གསོ་ཞབས་ཞུའི་འཕེལ་རྒྱས་དེ་ལས་དོན་གལ་ཆེན་ཁྲོད་བཞག་པ་དང་། རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ཡིན་པས་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གསར་དུ་བཙུགས། སྔ་གཞུག་ཏུསྟོང་སྐོར་རྫོང་གི་གཞིས་ཁྱིམ་དང་གཞིས་ཁུལ་གྱི་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་ཚོད་ལྟའི་ལག་བསྟར་ཇུས་གཞི་ཞེས་པ་དཔར་འགྲེམས་སོགས་སྒྲིག་སྲོལ་བྱེད་ཐབས་རབས་དང་རིམ་པ་སྤེལ། འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འབེབས་སྒོས་བྱ་བའི་འགན་ནུས་ཞིབ་ཚགས་ཅན་ཏུ་བཏང་ཞིང་། རྫོང་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་བྱ་བ་དེ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་པའི་ཐད་སྒྲིག་སྲོལ་གྱི་རྒྱབ་སྐྱོར་དང་ཁ་ཕྱོགས་མཛུབ་སྟོན་བྱས། དམངས་གཉེར་གྱི་སྤྱི་ཚོགས་ཕན་བདེ་སྒྲིག་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་ཚད་གཞི་ཆེས་ཆེར་བཏང་ནས། གཞིས་ཁྱིམ་རྒན་གསོའི་འཛུགས་སྐྲུན་གྱི་འཁོར་སྐྱོད་དེ་རྫོང་རིམ་པའི་སྒྲིག་འཛུགས་མ་དངུལ་གྱི་ནོར་སྲིད་སྔོན་རྩིས་ཁྲོད་དུ་བཞག དེར་མ་ཟད། ནན་ཏན་སྒོས་ལོ་ལོན་ཁྱིམ་གཞིས་ཀྱི་ཞབས་ཞུ་དེའི་རྨང་གཞིའི་མི་གྲངས་ཁྲོད། དམངས་སྲིད་སོགས་སྡེ་ཁག་གི་མཇུག་མཐའི་རྩིས་བཤེར་ལྟར་འགྲོ་སོང་རྩིས་བརྒྱབ་སྟེ་ཞིང་སྡེའི་ལོ་ལོན་དག་གིས་མིག་གིས་མཐོང་ཐུབ་པ་དང་ལག་པས་རེག་ཐུབ་པའི་དོན་དངོས་ཕན་བདེ་བསྐྲུན།

ཁྱིམ་གཞིས་ཀྱི་རྒན་གསོ་དེ་རྨང་གཞི་དང་གཞིས་ཁུལ་གྱི་ཞབས་ཞུ་ལ་གཞི་བཅོལ་ཏེ། རྒན་གསོའི་སྒྲིག་འཛུགས་ཀྱི་རྒྱབ་རྟེན་གྱིས་སྣ་མང་རྣམ་པར་མཉམ་གནས་ཀྱིས་མཁར་གྲོང་ཡོངས་ལ་ཁེབས་པའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱིས་མུ་མཐུད་དུ་ནོར་སྲིད་ཀྱི་གཏོང་ཤུགས་ཆེས་ཆེར་བཏང་བར་མ་ཟད། རྫོང་ཡོངས་ཀྱི་རྒན་གསོའི་བྱ་གཞག་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྒོ་ནས་སྐུལ་འདེད་བཏང་། འཕྲོ་རིམ་འཕྲོར་ལོ་ངོ4ཡི་རིང་ལ་རྫོང་ཡོངས་ཀྱི་ལོ་ན60ལ་སོན་པའི་ལོ་ལོན་དག་གིས་རྐྱེན་དབང་གནོད་འཚེ་ཡི་འགན་སྲུང་ཉོས་ནས། རྫོང་ཡོངས་ཀྱི་སྒྲིག་གཞི་དེས་རྒན་གསོའི་ཕྱོགས་བསྡུས་འགན་འཁྲིའི་འགན་སྲུང་མངགས་ཉོ་མཁོ་སྤྲོད་བྱས། ད་ལྟའི་བར་རྫོང་ཡོངས་ནས་ལོ་ན60ཡན་གྱི་འགན་སྲུང་དམའ་བ་དང་རབས་ཆད། ལོ་ཚད80ཡན་གྱི་ལོ་ལོན་མི་གྲངས་ཁྲི0.45ཡི་མང་ཚོགས་ལ་སྲིད་གཞུང་གི་ཞབས་ཞུ་མི་གྲངས་ཁྲི21ཉོ་བསྡུ་དང་ཐོན་ལས་ཞབས་ཞུའི་རིན་དངུལ་སྒོར་ཁྲི830བཏང་། ད་ལོ་ཅང་སི་གྲོང་དང་ཉི་ཟླ་ཡུལ་ཚོ་གཉིས་སུ་དཀའ་ཁག་ཆེ་བའི་ལོ་ལོན་ལ་ཚབ་གཉོར་ཚོད་ལྟའི་གྲོང་རྡལ་བཙུགས་སྟེ། ཚབ་གཉོར་ཞབས་ཞུ་མི་གྲངས72གཏན་ཁེལ་བྱས། ཞིང་སྡེའི་ལོ་ལོན་གྱི་ཁྱིམ་ཚང་ལ་ལས་གཉེར་ཁ་གསབ་གནང་། རྫོང་དམངས་སྲིད་སྡེ་ཁག་གིས་སྨན་བཅོས་རྒན་གསོའི་ལྟེ་གནས་གསར་འཛུགས་དང་ཞིང་སྡེའི་རྒན་གསོའི་ཁྱིམ་གཞིས་ཀྱི་རོགས་འདེགས་སྟེགས་བུ་བསྐྲུན་ནས། སྤྱི་ཚོགས་ཀྱི་མ་དངུལ་ཟབ་ཞུགས་དང་ཞིང་སྡེ་རྒན་གསོ། ཁྱིམ་གཞིས་རྒན་གསོ་ཞབས་ཞུའི་ལྟེ་གནས་བེད་སྤྱད་དེ། ཞིང་སྡེའི་ལས་གཉེར་བདག་དོམ་བསྡུ་ལེན་གྱིས་ཉེ་འཁོར་གྱི་དཀའ་ཁག་ཆེ་བའི་ལོ་ལོན་དག་ལ་རྒན་གསོ་ཞབས་ཞུའི་དགོས་མཁོ་མཁོ་སྤྲོད་གནང་།

དེ་དང་ཆབས་ཅིག རྫོང་ཡོངས་ཀྱི་ཆེད་ལས་ཁྱིམ་ཚང་གི་སྨན་པའི་ཞབས་ཞུའི་རུ་ཁག30བེད་སྤྱད་ནས། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་བྱེད་ཐབས་ལ་བརྟེན་ནས་ཁྱིམ་གཞིས་ཀྱི་རྒན་གསོ་ལ་རོགས་འདེགས་བྱས། རྫོང་ཡོངས་ཀྱི་ལོ་ལོན་དག་གིས་གན་རྒྱ་བཞག་པའི་མི་གྲངས10993ལ་བུད་པ་དང་གན་རྒྱ་འཇོག་པའི་ཚད་གཞི་ནི75%ཡིན། ལག་བསྟར་ཚད་གཞི་ལ་སླེབས། དལ་བའི་རང་བཞིན་གྱི་ནད་ཕོགས་པའི་ལོ་ལོན་དག་ལ་བདེ་ཐང་བདག་དོམ་མི་གྲངས8982ལག་བསྟར་དངོས་འབེབས་བྱས་ཤིང་། བདག་དོམ་བྱེད་པའི་ཚད་གཞི་དེ67.13%ལ་སླེབས། ལོ་ན60ཡན་གྱི་ལོ་ལོན་དག་ལ་ཁྲག་དང་གཅིན་པའི་རྒྱུན་སྲོལ་བརྟག་དཔྱད། མཆིན་པ་དང་མཁལ་མའི་བྱེད་ནུས། Bསྒྲ་བརྒལ། སྙིང་རུས། བྲང་ཁོག་པར་ལེན་སོགས་ཞིབ་བཤེར་རྣམ་གྲངས་མཁོ་སྤྲོད་བྱས་ཏེ། བདེ་ཐང་ལ་ཐེ་གཏོགས་མཛུབ་སྟོན་གྱིས་སྨན་བཅོས་ནས་སྔོན་འགོག་གི་རིམ་བསྒྱུར་དེ་མངོན་འགྱུར་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།