2019ལོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་སྤེལ་མགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ12པའི་ཚེས1ཉིན། ཐོན་ལ་ཉེ་བའི་ཐེངས་དྲུག་པའི“རྒྱལ་ཁབ་རྩ་ཁྲིམས་ཉིན་མོ”བསུ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཐེངས་གཉིས་པའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི”དྲིལ་སྒྲོག་བྱ་འགུལ་ཟི་ལིང་དུ་སྤེལ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་བརྡལ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཟོ་བའི་ཏང་ཨུ། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་འབྲེལ་གྱིས་མགོ་རྩོམ་མཛད་སྒོ་བསྡུས་པ་རེད།

ཉིན་དེར། ཞིང་ཆེན་ཐད་གཏོགས་ལས་ཁུངས88དང་། མི་དམངས་ཀྱི་ཚོགས་པ། ཁེ་ལས་ལས་རིགས་ལས་ཁུངས་བཅས་ཁྲིམས་ལུགས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་བྱ་འགུལ་ལ་ཞུགས། ལས་ཁུངས་སོ་སོས་དྲིལ་སྒྲོག་ལག་དེབ་དང་། ཡུལ་ཁོངས་སོ་སོའི་གཞི་རྩའི་གཏན་འབེབས་ལྟར་རྩ་ཁྲིམས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གྲོང་ཁྱེར་མི་དམངས་ལ་རྩ་ཁྲིམས་དྲིལ་སྒྲོག་བྱས། དམངས་གཉེར་ཁེ་ལས་ཀྱི་ཚབ་བྱེད་པ་དང་། དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི་ཚབ་བྱེད་པ། སློབ་ཆེན་སློབ་མའི་ཁྲིམས་ལུགས་ཁྱབ་བརྡལ་དང་བླངས་བའི་ཚབ་བྱེད་པ་བཅས་ཀྱིས་སོ་སོར་གཏམ་བཤད་གནང་ཞིང་། སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་འགན་ནུས་འཕྲུལ་ཆས་མི“ཆིན་ཞའོ་ལུའུ”བྱ་འགུལ་ཡུལ་དངོས་སུ་མངོན་པས་མང་ཚོགས་ཀྱི་ཡིད་སེམས་རབ་ཏུ་འཕྲོག་པ་རེད།

ཐེངས་གཉིས་པའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་དུས་མཉམ་དུ་རྩ་ཁྲིམས་དྲིལ་སྒྲོག་སྡེ་བ་དང་དམག་སྒར། ཁེ་ལས། གཞིས་ཁུལ། དྲ་རྒྱ། ལྟ་སྐུལ་དོ་དམ་ཁུལ་སོགས་སུ་བསྐྱོད་པའི་བརྗོད་གཞིའི་བྱ་འགུལ9སྤེལ་རྒྱུ་ཡིན་ཞིང་། ཞིབ་དཔྱོད་དང་། ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་བཅས་ཀྱིས་སྤྱི་དམངས་ཀྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས“ཁྲིམས་ལུགས་ཁྱབ་གདལ་གྱི་གསར་གཏོད་དཔེ་མཚོན”འགོ་ཁྲིད་དེ་ཁྱབ་སྒྲོག་བྱེད་པ་དང་། སྐབས་གསུམ་པའི“ང་དང་རྩ་ཁྲིམས”ཀྱི་བརྙན་ཐུང་ཕུལ་བྱུང་བརྩམས་ཆོས་དང་། སྐབས་བཅུ་དྲུག་པའི་ཁྲིམས་སྐྱོང་འགུལ་རིས་བརྙན་ཐུང་ཕུལ་བྱུང་བརྩམས་ཆོས། “རྩ་ཁྲིམས་དང་མཉམ་བསྐྱོད”ཀྱི་དམངས་ཡོངས་ཀྱི་ལན་འདེབས་བྱེད་སྒོ་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་དོན་མི་སྣའི་དྲ་རྒྱའི་སྤྱོད་སྟངས་རྒྱུགས་ལེན་སོགས་སྒྲིག་འཛུགས་བྱས་པ་རེད།

“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་མ་སྤེལ་བའི་སྔོན་དུ། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྩ་འཛུགས་བྱས་ཏེ《རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ》ཞེས་པ་བརྗོད་གཞི་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཐིན་རིམ་པའི་ལས་བྱེད་པར་ཁྲིམས་སྐྱོང་འཆད་ཁྲིད་བྱས་ཤིང་། ཞིང་ཆེན་ནང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་དང་། གློག་འཕྲིན་གཉེར་སྐྱོང་ཚོང་པ་ཁག ལྕགས་ལམ་དང་། སྤྱི་སྤྱོད་རླངས་འཁོར། ཐག་རིང་འགྲུལ་སྐྱེལ་ས་ཚིགས་བཅས་དང་ཁྲིམས་རྩོད་པའི་མཐུན་ཚོགས། གཞུང་དཔང་པའི་མཐུན་ཚོགས། མི་དམངས་འདུམ་འགྲིག་རྩ་འཛུགས་སོགས་ཀྱིས་ཀྱང་གཞི་རྟེན་སྣ་ཚོགས་བརྒྱུད་རྩ་ཁྲིམས་དྲིལ་སྒྲོག་རྒྱ་ཁྱབ་ཏུ་བྱས་ནས། རྩ་ཁྲིམས་མིག་གིས་མཐོང་ཐུབ་པ་དང་རྙེད་ཐུབ་པ་བྱས་ཏེ་རྩ་ཁྲིམས་ཀྱི་སྙིང་སྟོབས་མི་དམངས་མང་ཚོགས་ནང་ཁྱབ་པ་དང་རྒྱུན་གཏན་གྱི་འཚོ་བའི་ནང་ཁྱབ་པ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།