རང་རེའི་ཞིང་ཆེན་གྱིས“1119”ཡི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་ལག་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 《〈གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་རྩ་གནད〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་བསྐྲུན་ཆེད་། རང་རེའི་ཞིང་ཆེན་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏང་བའི་འབྲེལ་ཡོད་བསམ་འཆར་དང་འཆར་འགོད་བཏོན་ནས། རང་ཞིང་གི་ཁྱད་ཆོས་ལྡན་པའི“1119”ཡི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་མ་ལག་གཏོད་དགོས་ཞེས་བཏོན་པ་རེད།

འཆར་འགོད་གཞིར་བཟུང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི“1119”གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་མ་ལག་འཛུགས་དགོས་པ་སྟེ། “སྤྲིན་ཐོག་མཚོ་སྔོན”གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་ཆ་ཚང་ཞིག་འཛུགས་དགོས་ཤིང་། དེའི་ནང་སྲིད་དོན་སྤྲིན་དང་། སྐྱེ་ཁམས་སྤྲིན། དམངས་འཚོའི་སྤྲིན། ཐོན་ལས་སྤྲིན། དུས་བདེ་ཞི་མཐུན་སྤྲིན་སོགས་ཚུད་ཡོད་པ་དང་། གྲངས་གཞི་ཆེ་མོའི་ཐོན་ལས་གླིང་སྟེ་རང་ཞིང་གི་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་ཞིག་གཏོད་རྒྱུ། ཐོན་ལས་ཚོགས་པ་ཞིག་མཚོ་སྔོན་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ད་དུང་རང་ཞིང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་མང་ཕྱོགས་བསྡུས་འགྲེམས་སྟོན་འཁོར་རྒྱུག་ལྟེ་གནས་བསྐྲུན་པ། “འདུ་འགོད་ཆེན་པོ་དགུ”ལག་བསྟར་བྱེད་པའི་ནང་འཕྲུལ་ཤེས་ཏང་འཛུགས་ལག་ལེན་དང་། གྲངས་འཛིན་སྲིད་གཞུང་གི་འདུ་འགོད། གྲངས་འཛིན་སྐྱེ་ཁམས་འདུ་འགོད། གྲངས་འཛིན་དམངས་ཚིས་འདུ་འགོད། གྲངས་འཛིན་ཐོན་ལས་འདུ་འགོད། ཐོན་ལས་གྲངས་འཛིན་ཅན་གྱི་འདུ་འགོད། རྨང་གཞིའི་མཐོར་གཏོང་འདུ་འགོད། གྲངས་འཛིན་ཞིབ་འཇུག་གསར་སྤེལ་འདུ་འགོད། མི་རིགས་མཐུན་སྒྲིལ་ཡར་ཐོན་འདུ་འགོད་བཅས་ཚུད་ཡོད་པས། རང་རེའི་ཞིང་ཆེན་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏང་བའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད།

འབྲེལ་ཡོད་བསམ་འཆར་དང་དེ་བཞིན་འཆར་འགོད་ནང་། ཞིང་ཆེན་གྲངས་གཞིའི་དཔལ་འབྱོར་མཐུན་སྦྱོར་སྐུལ་འདེད་འགོ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་ཡོངས་ཀྱི་གྲངས་གཞིའི་དཔལ་འབྱོར་བྱ་བར་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གྲངས་གཞིའི་དཔལ་འབྱོར་གྱི་འབྲེལ་ཡོད་བྱ་བར་སྐུལ་འདེད་དང་། མཐུན་སྦྱོར། དོན་འཁྱོལ་བཅས་ཀྱི་འགན་འཁུར་བ། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་སོ་སོའི་འགན་ནུས་ཁྱབ་ཁོངས་ནང་གི་གྲངས་གཞི་ཅན་གྱི་འཆར་འགོད་དོན་འཁྱོལ་དང་། ལག་བསྟར། དེ་བཞིན་ཆེད་ལས་ཅན་གྱི་དོ་དམ་བཅས་ཀྱི་འགན་འཁུར་བ། ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་བ། ལོ་འཁོར་གྱི་དམིགས་ཚད་དང་བྱ་བའི་ནང་དོན་ཁ་གསལ་བཟོ་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲངས་གཞིའི་དཔལ་འབྱོར་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས་པ་ཁ་གསལ་བཏོན་ཡོད།

ལོ་ཙཱ་བ། གཡང་སྐྱིད།