ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ཞིང་ཆེན་ཏང་ཨུའི་སྒྲོག་སྦྱོང་ཚོགས་པས་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་སྒོས་སྤེལ་པས། ཁྲིད་སྟོན་ལ་བརྩེ་སེམས་ཀྱི་ཨ་ལན་ཐོབ་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་དུ་སྤེལ་ཆེད། ཞིང་ཆེན་ཏང་ཨུའི་སྒྲོག་སྦྱོང་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཚའེ་ཝེ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་མ་ཝུན་པའོ། ཞིང་ཆེན་ཏང་ཨུའི་ཁྲིམས་འཛིན་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཞུས་ཅན་སོ། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཞན་ཧྭ། ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མ་ཝེ་ཧྲིན། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཀོའུ་ཡོན་ཧྥུ། ཞིང་ཆེན་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་ཝུའུ་ཡེས་མེས་བཅས་ཀྱིས་ཉིན་མཚན་གཉིས་ཀའི་དཀའ་ངལ་དང་སྐུ་ཚེགས་ལ་མ་འཛེམ་པར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་མཁོ་བསྟུན་བདག་དོམ་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། གཙང་གསུམ་འབྱུང་ཁུལ་རྒྱལ་ཁབ་སྤྱི་གླིང་བདག་དོམ་ཅུའུ། ཟི་ལིང་ཁྱད་ལྡན་ངར་ལྕགས་ཚོང་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་སོགས་ལ་སྐོར་ཞིབ་བྱས་ཏེ་སྒྲོག་སྦྱོང་བྱ་འགུལ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་ཁེ་ལས་བཅས་ཀྱི་ཏང་ཡོན་ལས་བྱེད་མི་གྲངས8000ལྷག་གིས་སྙན་ཞུ་ལ་ཉན་པ་རེད། ཞིང་ཆེན་ཁྲིམས་འཛིན་ཐིན་སོགས་ལས་ཁུངས་དག་གིས་བརྙན་གཏོང་གི་རྣམ་པ་ལ་བརྟེན་ནས་སྙན་ཞུའི་ཚོགས་འདུ་བསྡུས་ཤིང་། རྒྱ་ཆེའི་མང་ཚོགས་ལ་སྒྲོག་སྦྱོང་ཐོབ་ཡོད།

སྒྲོག་སྦྱོང་ཚོགས་པའི་ཁོངས་མི་དག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ངོས་འཛིན་ཡང་དག་དང་འཐུས་ཚང་ཅན་ཏུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་སྐུལ་འདེད། དེང་རབས་ཅན་གྱི་ནུས་པ་བཅོས་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ལེགས་ཆ་དེ་མངོན་གསལ་གྱིས་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་ལམ་ཡིད་རྟོན་སྲ་བརྟན་དུ་གཏོང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་ལ་སྐུལ་འདེད་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་དུ་གཏོང་བའི་སྤྱིའི་རེ་འདུན་དང་སྤྱིའི་དམིགས་འབེན། འགན་འཁྲི་གཙོ་བོ་ཡང་དག་པར་བྱས་ཡོད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཚོགས་འདུ་ཧྲིལ་བོའི་གཏན་འབེབས་བྱས་པའི་རིམ་པ་སོ་སོའི་དམིགས་འབེན་ལས་འགན་དེ་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་བཅས་ཕྱོགས་མི་འདྲ་བ་བཞི་ནས། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་་གནས་ཚུལ་བཅས་ལ་དམ་སྦྲེལ་སྒོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་གྲུབ་འབྲས་ལ་ཟུང་འབྲེལ། མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་མ་ལག་རང་བཞིན་གྱི་སྒོ་ནས་འགྲེལ་བརྗོད་དང་ཀློག་འགྲེལ་འབུར་དུ་ཐོན་པ་ཞིག་བྱས་ཡོད། སྒྲོག་སྦྱོང་ཚོགས་འདུའི་སྟེང་ཉན་མཁན་དག་གི་བློ་སེམས་གཅིག་སྒྲིལ་གྱིས་ཉན་ནས། ངོ་མཚར་བའི་ཆ་ལ་ཐོན་དུས་དགའ་སྤྲོའི་ཐལ་མོ་རྡེབ་པར་བྱེད། སྒྲོག་སྦྱོང་ཚོགས་པའི་ཁོངས་མི་དག་གིས་ད་རུང་ཡུལ་དངོས་ཀྱི་ཉན་མཁན་དག་གི་དྲི་བར་དྲིས་ལན་གསལ་བོ་ཞིག་བཏབ་ནས། སྒྲོག་སྦྱོང་གི་མཁའ་དབུགས་དེ་སྔར་ལས་གསོན་ཉམས་ཅན་ཏུ་བཏང་སྟེ། སྒྲོག་སྦྱོང་གི་ཕན་ནུས་ཆེས་ཆེར་བཏང་ཡོད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་གཞོན་པ་ཧན་ཏི་ཧའེ་ཡིས་བསྟན་དོན། སྒྲོག་སྦྱོང་གི་གཙོ་གནད་འབུར་དུ་ཐོན་པ་དང་རྗེས་དཔག་རིག་ནུས་དམ་ཟབ་ཞིབ་ཚགས། བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། དངོས་ཡོད་རང་བཞིན་བཅས་དྲག་པོ་ལྡན། ཐེངས་རྗེས་མར་མུ་མཐུད་དུ་སློབ་སྦྱོང་ལེགས་པོ་དང་དྲིལ་སྒྲོག་ལེགས་པོ་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ། ཚང་འཛོམས་གྲོས་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་སྒྲིག་སྲོལ་དེ་ཧ་ཅང་གཟབ་ནན་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་ཁྱོན་ཡོངས་ནས་ཕན་འབྲས་ངེས་ཅན་ལྡན་པའི་སྒྲིག་སྲོལ་ནུས་ལྡན་ལག་བསྟར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བདེ་ཐང་དང་སྒྲིག་སྲོལ་ཞིག་གསོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་འགན་འཁྲིའི་ལམ་ལུགས་དམ་འཛིན་སོགས་རེ་འདུན་བླང་བྱ་གལ་ཆེན་དག་དངོས་འབེབས་ཞིབ་ཚགས་ཅན་ཏུ་བཏང་ནས། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་དེང་རབས་ཅན་གྱི་ནུས་པ་འཛུགས་སྐྲུན་བྱེད་པའི་ནུས་པ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱེད་པའི་ཐད་སྐས་རིམ་གསར་བ་ཞིག་ལ་སྤོས་པ་རེད། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཆེད་ལས་ཧྲུའུ་ཅི་གཞོན་པ་ཀྲང་མེས་ཀྲིན་གྱིས་བཤད་རྒྱུར། གཅིག་བསྡུས་ཀྱི་སྒྲོག་སྦྱོང་བརྒྱུད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐད་གོ་བ་ཟབ་མོ་ལོན་པ་དང་། རྗེས་ཕྱོགས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་འདུན་བཀོད་སྒྲིག་གཞིར་བཟུང་སྟེ། གོམ་གང་མདུན་སྤོས་སྒོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་ཆབ་སྲིད་ཀྱི་རང་རྟོག་མཐོར་འདེགས། ཐིན་མ་ལག་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མུ་མཐུད་དུ་སློབ་སྦྱོང་བྱེད་པར་སྐུལ་འདེད། ཁྲིམས་འཛིན་སྲིད་འཛིན་བྱ་བའི་ཟུང་འབྲེལ་བྱེད་ཡུལ་བཙལ་ཏེ། ཡང་དག་པའི་སྒོ་ནས་ཁ་ཕྱོགས་དང་བསམ་གཞིགས་ལག་བསྟར་དངོས་འབེབས་སྒོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་ཐད་ལ་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་ཟབ་མོ་ཞིག་ལོན་པར་འགན་སྲུང་ཁག་ཐེག་བྱ་དགོས།

ཞིང་ཆེན་མཁོ་བསྟུན་བདག་དོམ་ཐིན་ལས་ཁུངས་ཀྱི་ཏང་ཨུའི་ཆེད་ལས་ཧྲུའུ་ཅི་གཞོན་པ་ལིས་ཝན་ཝེ་ཡིས་བཤད་རྒྱུར། སྒྲོག་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ལ་སྐད་ཆར་གསོན་ཉམས་ལྡན་པས། ཚང་མས་ལམ་ལུགས་ཡིད་ཆེས་ཐད་གོ་བ་ལེན་པའི་ཚད་གཞི་ཆེས་ཆེར་བཏང་ཡོད། ཆེད་ལས་ཏང་དོན་བྱ་བ་སྒྲུབ་མཁན་ཞིག་ཡིན་པས་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་སྣེ་ཁྲིད་ནས། ཏང་ཀྲི་པུའུ་སོ་སོའི་སློབ་སྦྱོང་དམ་འཛིན་གྱིས་ཏང་ཡོན་དག་གི་ཏང་གཤིས་མཐོར་འདེགས་སུ་གཏོང་བར་སྣེ་ཁྲིད་དང་ཏང་གི་རིམ་པ་སོ་སོའི་སྒྲིག་སྲོལ་གཏན་འབེབས་རང་རྟོག་སྒོས་བརྩི་སྲུང་བྱས་ཏེ། མཁོ་བསྟུན་བདག་དོམ་བྱ་གཞག་གི་བཅོས་སྒྱུར་འཕེལ་རྒྱས་དང་རུ་དཔུང་འཛུགས་སྐྲུན་ཐད་ཀྱི་དཀའ་ངལ་སེལ་ཐུབ་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།