མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཀྱི་སྤྱིའི་བསམ་ཕྱོགས་དང2019ལོའི་ཚོད་ལྟའི་ལག་བསྟར་འཆར་འགོད་དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད〔2019〕ཨང26པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཀྱི་སྤྱིའི་བསམ་ཕྱོགས་དང2019ལོའི་ཚོད་ལྟའི་ལག་བསྟར་འཆར་འགོད་དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཀྱི་སྤྱིའི་བསམ་ཕྱོགས་》དང《མཚོ་སྔོན་ཞིང་ཆེན་གྱི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད2019ལོའི་ཚོད་ལྟའི་ལག་བསྟར་འཆར་འགོད》ལ་ཞིང་ཆེན་སྲིད་གིས་གཞུང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཞིང་ཆེན་ཏང་ཨུ་ལ་ཕུལ་ནས་ཞིབ་འཇུག་བྱས་ཏེ་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་བཞིན་ནན་ཏན་སྒོས་རྩ་འཛུགས་ལག་བསྟར་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2019ལོའི་ཟླ4བའི་ཚེས11ཉིན།

མཚོ་སྔོན་ཞིང་ཆེན་གྱི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཀྱི་སྤྱིའི་བསམ་ཕྱོགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། འགན་འཁྲི་ཆེས་ཆེ་བ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ཅིང་། སྦས་ཤུགས་ཆེས་ཆེ་བའང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད”ཅེས་པའི་འཐབ་ཇུས་ངེས་གནས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཞིང་ལས་ལྗང་མདོག་གོང་སྤེལ་གྱི་འགུལ་སྐྱོད་ཆེན་པོ་ལྔ་ལག་བསྟར་དང་། མཚོ་སྔོན་གྱི་ཞིང་ལས་ལྗང་མདོག་ལྡན་པར་འཕེལ་རྒྱས་སུ་འགྲོ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་དང་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་རབ་འདེགས་བྱས་ནས། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས་ལ། 2019ལོ་ནས་བཟུང་སྟེ་ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་དགོས།

གཅིག དགོས་ངེས་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན།

མཚོ་སྔོན་གྱི་ཞིང་ཆེན་གྱི་གནས་ཚུལ་དམིགས་བསལ་དང་ཞིང་ལས་ཀྱི་གནས་ཚུལ་དམིགས་བསལ་ཡིན་པས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆེས་ཆེ་བ་གསུམ”ལག་བསྟར་དོན་འཁྱོལ་བྱས་པའི་མཚོན་བྱེད་དངོས་ཡིན་ལ། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”གཞུང་ལུགས་ཀྱི་དངོས་སུ་ལག་ལེན་དུ་བཏབ་པ་ཡིན། རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་ཇུས་འགོད་གལ་ཆེན་དང་། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་བསྐྲུན་པའི་འདྲེན་བྱེད་གལ་ཆེན། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་འཆང་འཛིན། ངོས་ཁུངས་ཀྱི་སྦགས་བཙོག་བཅོས་སྐྱོང་གི་བྱེད་ཐབས་གལ་ཆེན་བཅས་ཡིན་པ་དང་། གཅིག་གི་འབོད་སྐུལ་ལ་བརྒྱ་ཡིས་དང་ལེན་བྱེད་པ་དང་ཕུགས་རྒྱང་རིང་བོར་ཕན་པའི་འཚོལ་ཞིབ་དང་གསར་གཏོད་རང་བཞིན་གྱི་ཕུགས་རིང་གི་བྱ་བ་ཞིག་ཀྱང་ཡིན། སྐྱེ་ཁམས་སྟེང་ལ་བློ་བརྟན་པོར་ཚུགས་ནས་བྱ་བ་ཞིང་ལས་སྟེང་དུ་བསྒྲུབ་ན། གྲུབ་འབྲས་ཚོང་རར་མངོན་ནས་ཕན་འབྲས་མང་ཚོགས་ལ་འཐོབ་སྲིད་པས། ཆབ་སྲིད་དང་དཔལ་འབྱོར་དང་སྐྱེ་ཁམས་བཅས་ཀྱི་ཕན་འབྲས་གལ་ཆེན་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལྡན་ལ། རྒྱལ་ཡོངས་མ་ཟད་རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།

ཆབ་སྲིད་ཀྱི་ཕན་འབྲས་སྟེང་ནས་བལྟས་ན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བའི་གཞི་རྩའི་ཇུས་ཆེན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པའི་ནང་དོན་གལ་ཆེན་དུ་བཟུང་ནས། ཇུས་ཆོད་དང་བཀོད་སྒྲིག་རབ་དང་རིམ་པ་མཛད་ལ། གཞི་རྩའི་རང་བཞིན་དང་གསར་འབྱེད་རང་བཞིན། རྒྱུན་རིང་རང་བཞིན་གྱི་བྱ་བ་རབ་དང་རིམ་པ་སྤེལ་ཅིང་། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་ནས། ལམ་ལུགས་ཕྱིར་འདོན་པའི་རེབ་ཐེངས་མང་བ་དང་། ལྟ་བཤེར་ཁྲིམས་འཛིན་གྱི་ཚད་གཞི་ནན་པ། ཁོར་ཡུག་གི་སྤུས་ཚད་ལེགས་སྒྱུར་གྱི་འགྲོས་ཚད་མགྱོགས་པ་བཅས་ནི་སྔར་བྱུང་མ་མྱོང་ལ། འདི་དག་གིས་ལྗང་མདོག་གི་ཞིང་ལས་གོང་དུ་སྤེལ་བར་སྲིད་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བབ་བསྟུན་སྣེ་ཁྲིད་ཀྱིས་གསལ་བོར་བསྟན་དོན། རོང་འབྲོག་ཁུལ་གྱི་ཞིང་ཕྱུགས་ལས་ལྗང་མདོག་གོང་སྤེལ་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏང་ཆེད། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་སྐྲུན་པ་དང་། ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་བྱེད་པ་ནི་རྒྱལ་ཡོངས་ལ་མཚོན་ན་ཕན་ནུས་ལྡན་པའི་འཚོལ་ཞིབ་ཅིག་ཡིན་ལ། རྒྱལ་ཡོངས་ཀྱི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལ་དཔེ་སྟོན་གྱི་བྱེད་ནུས་གལ་ཆེན་ལྡན་པ་དང་། སྔོ་ལྗང་གི་རི་ཆུ་སྲུང་འཛིན་དང་མཛེས་པའི་ཀྲུང་གོ་བསྐྲུན་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་པར་གདོན་མི་ཟ།

སྐྱེ་ཁམས་ཀྱི་ཕན་འབྲས་སྟེང་ནས་བལྟས་ན། མཚོ་སྔོན་ནི“གཙང་གསུམ་འབྱུང་ཡུལ”དུ་གནས་ཡོད་ལ། རྒྱལ་ཡོངས་སུ་དམིགས་བསལ་གྱི་སྐྱེ་ཁམས་གོ་གནས་ལྡན། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ལེགས་པོར་བྱེད་པ་དང་། ལྷག་པར་གཙང་གསུམ་འབྱུང་ཡུལ་གྱི་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི། རྒྱལ་ཁབ་ཀྱི་སྐྱེ་ཁམས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ལ་དོན་སྙིང་གལ་ཆེན་ལྡན་ཏེ། མུ་མཐུད་དུ་མཚོ་སྔོན་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པར་མ་ཟད། ལྷག་ཏུ་སྨད་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལ་འགན་སྲུང་འདོན་སྤྲོད་བྱ་ངེས་ཡིན། མཚོ་སྔོན་གྱི་ས་སེར་མཐོ་སྒང་དང་མཐོ་དབུས་མཐོ་སྒང་གི་བར་བརྒལ་རྒྱུད་དུ་གནས་ཡོད་པས། གནས་ས་དམིགས་བསལ་དང་སྐྱེ་ཁམས་དམིགས་བསལ་ཡིན་ལ། འཛམ་གླིང་གི་དག་གཙང་ཆེན་པོ་བཞིའི་ཡ་གྱལ་ཡིན་པར་ཐུན་མོང་གིས་ཁས་ལེན་ཐོབ་ཡོད་ལ། ལྗང་མདོག་གི་ཞིང་ལས་གོང་དུ་སྤེལ་བར་ཡ་མེད་ཀྱི་ཆ་རྐྱེན་བསྐྲུན་ཡོད་ཅིང་། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པ་དང་པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཆེས་འཚམ་པའི་ས་ཁུལ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་གཅིག་གྱུར་སྒོས་སྣེ་འཁྲིད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ལྗང་མདོག་གོང་སྤེལ་གྱི་འདུ་ཤེས་ལ་བསྟེན་ནས་སྒྲིག་གཞི་གསར་བ་གསོ་སྐྱོང་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པ། ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་ན། མཚོ་སྔོན་གྱི་དག་གཙང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། ཞིང་ལས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བ་མངོན་འགྱུར་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

དཔལ་འབྱོར་གྱི་ཕན་འབྲས་སྟེང་ནས་བལྟས་ན། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་ཡ་གྱལ་ཡིན་ལ། ཞིང་ཆེན་ཡོངས་སུ་ནོར་ལུག་ཁྲི2000ལྷག་གསོ་ཁ་ན་ཡོད་པ་དང་། གཞི་རྒྱ་ལྡན་པའི་གསོ་སྤེལ་ར་བ2800ལྷག་ཡོད་པས། ལོ་རེར་སྐྱེ་ལྡན་ལུད་ཀྱི་མ་བཅོས་རྒྱུ་ཆ་ཏུན་ཁྲི1500ཡས་མས་འདོན་སྤྲོད་ཐུབ་པ་དང་། ཞིང་ཕྱུགས་ལས་ཀྱི་འཁོར་སྐྱོད་གོང་སྤེལ་དང་། ཞིང་ཕྱུགས་ཟུང་འབྲེལ་དང་འདེབས་གསོ་མཉམ་འགུལ་གྱི་ལམ་བུར་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་ལག་ཏུ་བསྟར་བར་སྐྱེ་ལྡན་ལུད་ཀྱི་མ་བཅོས་རྒྱུ་ཆའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཆོག་ལ། ཁྱིམ་བྱ་དང་སྒོ་ཟོག་གི་རྫིང་རྟུག་ཐོན་ཁུངས་སུ་འོས་འཚམ་གྱིས་བཀོལ་སྤྱོད་བྱས་ཏེ། ཞིང་ལས་ཀྱིས་ཕྱུགས་ལས་ལ་སྐུལ་འདེད་དང་ཕྱུགས་ལས་ཀྱིས་ཞིང་ལས་སྐུལ་ཁྲིད་བྱས་ནས། ཞིང་ཕྱུགས་ལས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱ་དགོས། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་བ་བརྒྱུད་ནས། མཚོ་སྔོན་རྒྱལ་ཡོངས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དུ་སྐྲུན་པ་དང་། རྫས་ལུད་དང་ཞིང་སྨན་གཏོར་ཚད་འཕྲི་བ་དང་མཉམ་དུ། སྐྱེ་ཁམས་ཚོད་འཛིན་དང་སྐྱེ་དངོས་འགོག་བཅོས། དངོས་ལུགས་འགོག་བཅོས་སོགས་ལྗང་མདོག་གི་སྔོན་འགོག་ཚོད་འཛིན་ལག་རྩལ་སྤྱད་དེ། ཞིང་སྨན་གྱི་ལྷག་རོ་ཉུང་འཕྲི་དང་ཞིང་ལས་ཐོན་རྫས་ཐོན་ཁུལ་གྱི་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱ་དགོས་པ་དང་། སྤུས་ལེགས་པའི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཐོག ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་། “མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཁྱད་ལྡན་ཚོང་རྟགས་ཁག་ཅིག་བསྐྲུན་ཏེ། སྤུས་ལེགས་ཤིང་གོང་ལྡན་རྣམ་པ་མངོན་འགྱུར་བྱས་ཏེ། ཞིང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་དང་རོང་འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་བ། རོང་འབྲོག་ཁུལ་ཁྱོན་ཡོངས་ནས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

སྤྱི་ཚོགས་ཀྱི་དགོས་མཁོ་སྟེང་ནས་བལྟས་ན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་སྔར་ལས་རེ་བ་མཐོན་པོ་བཏོན་པ་དང་། ལྗང་མདོག་བདེ་ཐང་དེ་མི་རྣམས་ཀྱི་ཀུན་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་དུ་གྱུར་ཡོད། དེ་དང་ཆབས་ཅིག་ཏུ་རོང་འབྲོག་མང་ཚོགས་རང་སྟེང་གི་འདུ་ཤེས་ཀྱང་ག་ལེར་འགྱུར་བ་བྱུང་ནས་སྐྱེ་ཁམས་དང་སྐྱེ་ལྡན་ལ་རེ་སྙེག་བྱེད་པ་དང་། ཉུང་འཕྲི་དང་མ་རྩ་ཉུང་གཏོང་གི་རེ་བ་ཇེ་ཆེར་སོང་དང་འགྲོ་བཞིན་ཡོད། མིག་སྔར། རང་རེའི་ཞིང་ཆེན་གྱི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ལྡོག་འཕར་མངོན་འགྱུར་བྱས་ཡོད་པས། ཁྱོན་ཡོངས་ནས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱེད་པའི་ཆ་རྐྱེན་འཛོམས་ཡོད་ལ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱེད་པར་ཁྱོན་ཡོངས་ནས་མགྱོགས་མྱུར་ངང་སྐུལ་འདེད་ཅིས་ཀྱང་གཏང་དགོས་པ་རེད།

གཉིས། མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་གཙོ་ཐིག་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་ནས། སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ལས་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ནུས་ཕྱོད་མཐོར་འདེགས་གཏོང་བར་སྐུལ་འདེད་བྱེད་པ་དམིགས་འབེན་དུ་བྱས་ཏེ། ལྗང་མདོག་གོང་སྤེལ་ཁྲིད་ཕྱོགས་དང་བཅོས་སྒྱུར་གསར་སྐྲུན་སྒུལ་ཤུགས་བྱས་ནས། སྲིད་ཇུས་ཀྱིས་རོགས་སྐྱོར་ཤུགས་དྲག་ཏུ་གཏོང་བ་དང་། ཚན་རྩལ་ཡར་ཐོན་ལ་བརྟེན་ནས། སྤུས་ཚད་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་སྒོས་ལོ་ལྔའི་དུས་ཚོད་བཀོལ་ནས། ཏན་ཏིག་ངང་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་དགོས་ལ། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་ཏེ། ཐོན་ཚད་མཐོ་ཞིང་ཐོན་རྫས་བདེ་འཇགས་ཡིན་པ། ཐོན་ཁུངས་གྲོན་ཆུང་ཐུབ་པ། ཁོར་ཡུག་གནོད་མི་སྐྱེལ་བའི་དེང་རབས་ཞིང་ཕྱུགས་ལས་གོང་སྤེལ་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་འཕར་བ་དང་རོང་འབྲོག་པའི་ཡོང་འབབ་འཕར་བ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཡོང་བ་བཅས་ལ་སྐུལ་འདེད་གཏང་དགོས།

གསུམ། དམིགས་འབེན་ལས་འགན།

(གཅིག) སྤྱིའི་དམིགས་འབེན།

2019ལོ་ནས་མགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)7དང་རྫོང(གྲོང་ཁྱེར་དང་ཆུས)19དང་རྒྱལ་དབང་ཞིང་ཕྱུགས་ར11གི་ཞིང་ལས་ལོ་ཏོག་ལ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཚོད་ལྟ་བྱ་དགོས། དེའི་ཁྲོད་དུ་ཡུལ་ཤུལ་དང་མགོ་ལོག་གི་ཁུལ་ཡོངས་སུ་རྫས་ལུད་ཅི་ཡང་མི་བཀོལ་བ་དང་། ཞིང་སྨན་བཀོལ་ཚད་ཉུང་འཕྲིའི་ཚོད་ལྟ་བྱ་དགོས་ཤིང་། སྟོང་སྐོར་རྫོང་དང་ཀོས་ནན་རྫོང་གི་རྩྭ་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་རྫོང་ཡོངས(ར་བ)སུ་སྐུལ་འདེད་གཏོང་བ་དང་། ཚོད་ལྟའི་རྫོང(ར་བ)གཞན་པ་རུ་གདམ་གསེས་ཡོད་པའི་སྒོ་ནས་ཤང(གྲོང་རྡལ)ཡོངས་དང་། སྡེ་བ་ཡོངས(ཡང་ན་སྡེ་བ་འགའ་མུ་སྦྲེལ)། ཞིང་ལས་ལོ་ཏོག་ཡོངས་ལ་མུ་སྦྲེལ་ཕྱོགས་བསྡུས་སྒོས་སྐུལ་འདེད་བཏང་སྟེ། ས་ཁོངས་མི་འདྲ་བ་རུ་ལོ་ཏོག་མི་འདྲ་བར་ལུད་མཁོ་བའི་ཆོས་ཉིད་དང་། གཤིན་སའི་ས་བཅུད་འདོན་སྤྲོད་ཀྱི་ཁྱད་གཤིས་དང་རྫས་ལུད་ཀྱི་ཕན་ནུས་བཅས་གཞིར་བཟུང་ནས། ཏན་དང་ལིན། ཅཱ་ཚད་འབྲིང་དང་ཚད་ཉུང་འབྱུང་རྒྱུ་དང་སྐྱེ་ལྡན་ལུད་འཇོག་ཚུལ་ལེགས་སྒྱུར་བྱས་ཏེ། ལུས་རྫས་བཀོལ་ཚད་ཉུང་འཕྲི་དང་སྤུས་ལེགས་ཁོར་སྲུང་གི་དམིགས་འབེན་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་དགོས། 2023ལོར་བསླེབ་དུས། ས་ཁོངས་ཡོངས་སུ་འདེབས་འཛུགས་ལས་རིགས་ལ་གཞི་རྩའི་སྟེང་ནས་གྲངས་ཚད་ཅན་ནས་སྤུས་ཚད་ཅན་དུ་བསྒྱུར་དགོས་ལ། ལྗང་མདོག་ཁ་ཕྱོགས་ཡིན་པའི་ཞིང་ལས་ལག་རྩལ་གྱི་མ་ལག་ཁྱོན་ཡོངས་ནས་སྐྲུན་པ་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་གྲུབ་འབྲས་ཆེན་པོ་ལེན་དགོས།

(གཉིས) དུས་རིམ་གྱི་དམིགས་འབེན།

སྔོན་ལ་ཚོད་ལྟ་བྱེད་པའི་དུས་རིམ(2019ལོ་ནས2020ལོའི་བར)དུ། ལོ་དང་པོར་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི114བསླེབ་དགོས་པ་དང་། ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཆ་སྙོམས་ཀྱིས20%ཡན་ཉུང་དུ་གཏང་དགོས་ལ། ལོ་གཉིས་པར་ས་མུའུ་ཁྲི300བསླེབ་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་རྫས་ལུད་བཀོལ་ཚད40%ཡན་དང་ཞིང་སྨན་བཀོལ་ཚད30%ཡན་ཉུང་འཕྲི་བྱ་དགོས། རྒྱ་བསྐྱེད་ཕན་བསྐྱེད་ཀྱི་དུས་རིམ(2021ལོ་ནས2022ལོའི་བར)དུ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་རྒྱ་ཁྱོན་ས་མུའུ་ཁྲི700ཡན་དུ་བསླེབ་དགོས་པ་དང་། ཞིང་ཆེན་ཡོངས་སུ་རྫས་ལུད་བཀོལ་ཚད80%ཡན་དང་ཞིང་སྨན་བཀོལ་ཚད50%ཡན་ཉུང་འཕྲི་བྱ་དགོས། གདང་རིམ་སྤར་བའི་དུས་རིམ(2023ལོའི་རྗེས)དུ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལོ་ཏོག་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་ཡོངས་སུ་ཁེབས་པར་བརྩོན་ལེན་བྱས་ཏེ། ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་ཡོངས་སུ་ཁྱབ་པ་མངོན་འགྱུར་དང་། ཞིང་ཆེན་ཡོངས་སུ་ཞིང་སྨན་བཀོལ་ཚད60%ཡན་ཉུང་འཕྲི་བྱ་དགོས།

(གསུམ) ལག་རྩལ་གྱི་ཐབས་ལམ།

ལག་རྩལ་ཐབས་ལམ་གསུམ་བརྒྱུད་ནས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་དགོས། གཅིག་ནི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ནད་འབུའི་གནོད་པ་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་རྩལ། གཉིས་ནི་སྐྱེ་ལྡན་ལུད+སྡེབ་ལུད་ཀྱི་ལག་རྩལ(བསྡུས་ན་སྐྱེ+སྡེབ)དང་། ནད་འབུའི་གནོད་པ་ཆེད་ལས་ཐད་ནས་གཅིག་གྱུར་སྒོས་སྔོན་འགོག་དང་བཅོས་སྐྱོང་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་མཉམ་འདྲེས་ཀྱི་ལག་རྩལ། གསུམ་ནི་སྐྱེ་ལྡན་ལུད+སྡེབ་ལུད+རྫས་ལུད་ལག་རྩལ(བསྡུས་ན་སྐྱེ+སྡེབ+རྫས)དང་། ཆེད་ལས་ཐད་ནས་གཅིག་གྱུར་སྒོས་སྔོན་འགོག་དང་བཅོས་སྐྱོང་དང་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་མཉམ་འདྲེས་ཀྱི་ལག་རྩལ་སྤྱོད་པ་བཅས་ཡིན།

(བཞི) བྱེད་ཐབས་དང་གོ་རིམ།

རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལ་དུས་རིམ་གསུམ་དུ་དབྱེ་ནས་སྐུལ་འདེད་གཏང་དགོས་ཏེ།

1. སྔོན་ལ་ཚོད་ལྟ་བྱེད་པའི་དུས་རིམ(2019ལོ་ནས2020ལོའི་བར)། 2019ལོ་ནས་མགོ་བརྩམས་ཏེ། སྔོན་ལ་གྲོང་ཁྱེར(ཁུལ)7དང་རྫོང(གྲོང་ཁྱེར་དང་ཆུས)19དང་རྒྱལ་དབང་ཞིང་ཕྱུགས་ར11གི་ཞིང་ལས་ལོ་ཏོག་ལ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཚོད་ལྟ་བྱ་དགོས། དེའི་ཁྲོད་དུ་ཡུལ་ཤུལ་དང་མགོ་ལོག་གི་ཁུལ་ཡོངས་སུ་རྫས་ལུད་ཅི་ཡང་མི་བཀོལ་བ་དང་། ཞིང་སྨན་ཉུང་འཕྲིའི་ཚོད་ལྟ་བྱེད་པ་དང་། སྟོང་སྐོར་རྫོང་དང་ཀོས་ནན་རྫོང་རྩྭ་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་རྫོང་ཡོངས(ར་བ)སུ་སྐུལ་འདེད་གཏང་དགོས། 2020ལོར་བསླེབ་དུས། ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི300བསླེབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལོ་ཏོག་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་ས་མུའུ་ཁྲི830ཡི36%ཡན་ཟིན་དགོས། “སྐྱེ+སྡེབ”ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི200ཡན་ལ་བསླེབ་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི24%ཡན་ཟིན་དགོས། “སྐྱེ+སྡེབ+རྫས”ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི330དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི40%ཟིན་དགོས།

2019ལོར། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཡོངས་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི114ཡོད་པ་དང་། ཞིང་ལས་ལོ་ཏོག་སྤྱིའི་འདེབས་རྒྱའི14%ཟིན་དགོས། “སྐྱེ+སྡེབ”ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི216ཉེ་བ་ཡོད་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི26%ཟིན་དགོས། “སྐྱེ+སྡེབ+རྫས”ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི500ཡན་ཡོད་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི60%ཟིན་དགོས། ཚོད་ལྟའི་ས་ཁུལ་དུ“ཡོངས་སུ་ཚབ”བྱེད་པར100%ལ་བསླེབ་དགོས་ལ། ཞིང་ལས་ལོ་ཏོག་ལ་ནད་འབུའི་གནོད་པ་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་ལག་རྩལ་ལག་བསྟར་བྱ་དགོས། ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨནབཀོལ་ཚད2018ལོ་ལས20%ཡན་ཉུང་འཕྲི་བྱ་དགོས།

2020ལོར། ལོ་དང་པོར་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཡོངས་སུ་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི114ཡི་རྨང་གཞིའི་སྟེང་དུ། ཡང་བསྐྱར་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི186རྒྱ་བསྐྱེད་དགོས་ལ། ཚོད་ལྟའི་སྤྱིའི་རྒྱ་ཁྱོན་ས་མུའུ་ཁྲི300ཡན་དུ་བསླེབ་དགོས་པ་དང་། ཞིང་ལས་ལོ་ཏོག་སྤྱིའི་འདེབས་རྒྱའི36%ཟིན་དགོས། “སྐྱེ+སྡེབ”ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི200ཡན་ལ་བསླེབ་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི24%ཟིན་དགོས། “སྐྱེ+སྡེབ+རྫས”ཁྱབ་བརྡལ་གཏོང་བའི་རྒྱ་ཁྱོན་ས་མུའུ་ཁྲི330ལ་བསླེབ་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི40%ཟིན་དགོས། ཞིང་ཆེན་ཡོངས་སུ་རྫས་ལུད་བཀོལ་ཚད40%ཡན་ཉུང་འཕྲི་བྱ་དགོས་ལ། ཞིང་སྨན་བཀོལ་ཚད30%ཡན་ཉུང་འཕྲི་བྱ་དགོས།

2. རྒྱ་བསྐྱེད་ཕན་བསྐྱེད་ཀྱི་དུས་རིམ(2021ལོ་ནས2022ལོའི་བར)། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་རྒྱ་ཁྱོན་ཇེ་མང་དུ་ཚད་ཆེན་པོ་བཏང་ནས། “སྐྱེ+སྡེབ+རྫས”གྱི་ཁྱབ་བརྡལ་གཏོང་བའི་བསྡུར་ཚད་ཇེ་དམའ་རུ་གཏང་དགོས། 2022ལོར་བསླེབ་དུས། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་ལག་བསྟར་གྱི་རྒྱ་ཁྱོན་ས་མུའུ་ཁྲི700ཡན་དུ་བསླེབ་དགོས་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི84%ཟིན་དགོས། ཞིང་ཆེན་ཡོངས་སུ་རྫས་ལུད་བཀོལ་ཚད80%ཡན་ཉུང་འཕྲི་བྱ་དགོས་ལ། ཞིང་སྨན་བཀོལ་ཚད50%ཡན་ཉུང་འཕྲི་བྱ་དགོས།

3. གདང་རིམ་སྤར་བའི་དུས་རིམ(2023ལོ)། 2023ལོ་ནས་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལོ་ཏོག་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཡོངས་སུ་ཚབ་བྱེད་པར་བརྩོན་ལེན་བྱ་དགོས། དངོས་ལུགས་ཀྱིས་འགོག་བཅོས་དང་སྐྱེ་དངོས་ཀྱི་འགོག་བཅོས་ལག་རྩལ་ཤུགས་ཆེན་པོས་ཁྱབ་བརྡལ་དུ་བཏང་ནས། ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་ཡོངས་སུ་ཁྱབ་པ་མངོན་འགྱུར་དང་། ཞིང་ཆེན་ཡོངས་སུ་ཞིང་སྨན་བཀོལ་ཚད60%ཡན་ཉུང་འཕྲི་བྱ་དགོས།

བཞི། ས་ཁོངས་ཀྱི་བཀོད་སྒྲིག

“ཡུལ་བབ་དང་བསྟུན་ཞིང་རིགས་དབྱེ་བཀར་ནས་མཛུབ་སྟོན་བྱེད་པའི”རྩ་དོན་བརྩི་སྲུང་བྱས་ཏེ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་བླང་བྱ་ལྟར། “སྲིད་གཞུང་གིས་རྒྱབ་སྐྱོར་དང་། ཁེ་ལས་ཐེ་ཞུགས། ཞིང་པས་གཙོ་ཁྲིད”བཅས་བྱེད་པའི་གནས་གསུམ་གཞི་གཅིག་གི་རྫས་ལུད་འདོན་སྤྲོད་དང་ཞིང་སྨན་བཀོལ་སྤྱོད་ཀྱི་མ་ལག་ཧུར་ཐག་གིས་བསྐྲུན་ནས། དུམ་རིམ་དབྱེ་བ་དང་། ས་ཁུལ། ལོ་ཏོག་བཅས་ཀྱི་དབྱེ་བ་བཀར་ཏེ་ལག་རྩལ་རྣམ་པ་མི་འདྲ་བ་སྤྱད་དེ་སྐུལ་འདེད་གཏང་དགོས།

ཚོད་ལྟའི་དུས་རིམ་ལ་གཙོ་བོ་ཟི་ལིང་དང་། མཚོ་ཤར། མཚོ་ནུབ། ཡུལ་ཤུལ། མགོ་ལོག་བཅས་གྲོང་ཁྱེར(ཁུལ)5རུ་བཀོད་སྒྲིག་བྱེད་པ་དང་། མཚོ་ལྷོ་དང་མཚོ་བྱང་ཁུལ་གཉིས་ལ་ལྟ་རྟོག་བྱ་དགོས། ཡུལ་ཤུལ་དང་མགོ་ལོག་གི་ཁུལ་ཡོངས་སུ་རྫས་ལུད་ཅི་ཡང་མི་བཀོལ་བ་དང་། ཞིང་སྨན་ཉུང་འཕྲིའི་ཚོད་ལྟ་བྱ་དགོས་ལ། སྟོང་སྐོར་རྫོང་དང་ཀོས་ནན་རྫོང་རྩྭ་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་རྫོང་ཡོངས(ར་བ)སུ་སྐུལ་འདེད་གཏང་དགོས། ཚོད་ལྟའི་ལོ་ཏོག་ནི་ནས་དང་། གྲོ། ཞོག་ཁོག རྒྱ་སྲན། ལི་གྲོ། སྐེ་ཚེ། ཐོག་མེད་ཞིང་ཁའི་སྔོ་ཚོད། སྒྲིག་བཀོད་ལྡན་པའི་ཤིང་ཏོག་དང་སྔོ་ཚོད། འཕང་འབྲས། སྨན་གྱི་རྒྱུ་ཆ་སོགས་སྣ་ཁ11ཡོད།

རྒྱ་བསྐྱེད་ཕན་བསྐྱེད་དུས་རིམ་དང་གདང་རིམ་སྤར་བའི་དུས་རིམ་ལ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁྱབ་དགོས་ལ། ཞིང་ལས་ལོ་ཏོག་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་དགོས།

ལྔ། དངུལ་གཏོང་གི་རགས་རྩིས།

རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་བར་མ་དངུལ་འབོར་ཆེན་གྱི་འདེགས་སྐྱོར་མཁོ། རྒྱལ་ཁབ་དང་ཞིང་ཆེན་རིམ་པ། ས་གནས། སྤྱི་ཚོགས་སོགས་ཐབས་ལམ་མང་བོ་ནས་མ་དངུལ་གྲབས་གསོག་བྱེད་ཐབས་སྤྱད་དེ། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། 2019ལོར་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་བར་བསྡོམས་པས་མ་དངུལ་སྒོར་ཁྲི75545.96མཁོ་ལ། དེའི་ཁྲོད་དུ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་ཁྲི53510.29(ཐོན་སློབ་ཞིབ་བཀོལ་མཉམ་འབྲེལ་གྱི་ཁ་གསབ་སྒོར་ཁྲི1000འདུ)དང70.83%ཟིན་ཡོད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ད་ལོའི་ནོར་སྲིད་ཀྱི་ཞིང་ལས་ལ་རོགས་སྐྱོར་སོགས་ཀྱི་མ་དངུལ་གྲབས་གཤོམ་བྱས་པ་སྒོས་ཁྲི2047.71ཡོད་ཅིང2.67%ཟིན་ཡོད། ས་གནས་ཀྱིས་ཆ་འགྲིག་ཏུ་བཏང་བ་སྒོར་ཁྲི5148.25དང6.81%ཟིན་ཡོད། མང་ཚོགས་ཀྱིས་རང་སྒྲུག་བྱས་པར་སྒོར་ཁྲི14840ཡོད་པ་དང19.65%ཟིན་ཡོད། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་གཙོ་བོ་ཕྱོགས་གསུམ་དུ་བཀོལ་དགོས་ཏེ། གཅིག་ནི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་སྐྱེ་ལྡན་ལོ་མའི་ལུད་ཇེ་མང་དུ་གཏོང་བའི་ཐོན་སྐྱེད་མ་རྩར་བཀོལ་བ། གཉིས་ནི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱས་པའི་དབང་གིས་ཞིང་ལས་ལོ་ཏོག་གི་ཐོན་ཚད་ལ་གྱོང་གུད་ཐེབས་པ་ཁ་གསབ་བྱེད་པར་བཀོལ་བ། གསུམ་ནི་ཞིང་ལས་ལོ་ཏོག་གི་ནད་འབུའི་གནོད་པར་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་བཀོལ་སྤྱོད་ཀྱི་འགྲོ་སྒོ་ཁག་གི་ཁ་གསབ་བྱེད་པར་བཀོལ་དགོས། 2019ལོའི་ཚོད་ལྟའི་སྐབས་སུ། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་ཁྲོད་དུ་སྒོར་ཁྲི2000བཀོད་སྒྲིག་བྱས་ཏེ། ནད་འབུའི་གནོད་པར་ལྗང་མདོག་གིས་སྔོནའགོག་དང་ཚོད་འཛིན་བྱེད་པར་བཀོལ་དགོས། མ་དངུལ་སྒོར་ཁྲི1000བཀོད་སྒྲིག་བྱས་ཏེ། སློབ་ཐོན་ཞིབ་བཀོལ་མཉམ་འབྲེལ་ལ་སྐུལ་སྤེལ་བྱེད་པར་ཁ་གསབ་བྱ་དགོས།

(གཅིག) ཐོན་སྐྱེད་མ་རྩ་འཕར་བ་བའི་དབང་གིས་ནོར་སྲིད་ཀྱི་མ་དངུལ་ཁ་གསབ་བྱ་དགོས་པ།

1. དཔལ་འབྱོར་ལོ་ཏོག གཅིག་ནི་འཕང་འབྲས་དང་ཀྲུང་བོད་སྨན་གྱི་རྒྱུ་ཆ། ཐོག་མེད་ཞིང་ཁའི་སྔོ་ཚོད་བཅས་ཚང་མར་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱ་དགོས། གཙོ་བོ་ཚོང་རྫས་སྐྱེ་ལྡན་ལུད་བཀོལ་བ་དང་སྐྱེ་ལྡན་ལོ་མའི་ལུད་གཏོར་བ་འདུ། འཕང་འབྲས་ལ་ཚོང་རྫས་སྐྱེ་ལྡན་ལུད་མུའུ་རེར་སྤྱི་རྒྱ900དང་། ཀྲུང་སྨན་རྒྱུ་ཆར་མུའུ་རེར་སྤྱི་རྒྱ1000། ཐོག་མེད་ཞིང་ཁའི་སྔོ་ཚོད་ལ་མུའུ་རེར་སྤྱི་རྒྱ900བཀོལ་དགོས་ལ། སྐྱེས་པའི་དུས་སྐབས་སུ་སྐྱེ་ལྡན་ལོ་མའི་ལུད་ཐེངས་གསུམ་ལ་གཏོར་དགོས། གཉིས་ནི་སྒྲིག་བཀོད་ཤིང་ཏོག་དང་སྔོ་ཚོད་ལ་མུའུ་རེར་སྤྱི་རྒྱ1500བཀོལ་བ་དང་། དུས་ཚིགས་རེར་སྐྱེ་ལྡན་ལོ་མའི་ལུད་ཐེངས་གསུམ་ལ་གཏོར་དགོས་ལ། སོག་མའི་སྐྱེ་དངོས་ཀྱི་འབྱུང་འགྱུར་ཕུང་བོ་དང་སྐྱེ་ལྡན་ལུད+ཆུ་ལུད་གཞི་གཅིག་ཅན་སོགས་ཀྱི་ལག་རྩལ་རྣམ་པ་དཔེ་སྟོན་བྱས་ནས་ཁྱབ་བརྡལ་དུ་གཏང་དགོས། གསུམ་ནི་བརྒྱུད་རིམ་ཡོངས་སུ་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱ་དགོས་ལ། སྐྱེ་དངོས་ཀྱི་ཞིང་སྨན+འབུ་འབྲིད་པང+ནད་འབུ་འགོག་བཅོས་ཀྱི་ལག་རྩལ་རྣམ་པ་དང་ཞིང་སྤྱོད་འགྱིག་ཤོག་ནག་པོས་རྩྭ་འགོག་པའི་ལག་རྩལ་སྤྱོད་དགོས། གལ་ཏེ་ཐོལ་བྱུང་དང་རྩ་འཇོམས་རང་བཞིན་གྱི་ནད་འབུའི་གནོད་པ་ཐེབས་དུས། འཚུབ་ཟློག་གི་བྱེད་ཐབས་སྤྱད་ནས་སྔོན་འགོག་དང་ཚོད་འཛིན་བྱ་དགོས།

2. འབྲུ་སྣུམ་ལོ་ཏོག གཅིག་ནི་ཡོད་ཚད་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱིས་ཚབ་བྱེད་པ། གཙོ་བོ་བཀོལ་ཆོག་ཚོང་རྫས་སྐྱེ་ལྡན་ལུད་དང་གཏོར་བཀོལ་སྐྱེ་ལྡན་ལོ་མའི་ལུད་འདུ། ནས་ལ་ཚོང་རྫས་སྐྱེ་ལྡན་ལུད་མུའུ་རེར་སྤྱི་རྒྱ280དང་། རྒྱ་སྲན་དང་སྣུམ་ཚལ་ལ་མུའུ་རེར་སྤྱི་རྒྱ450། རྒྱ་གྲོ་ལ་མུའུ་རེར་སྤྱི་རྒྱ400བཀོལ་དགོས་པ་དང་། སྐྱེས་པའི་དུས་སྐབས་སུ་སྐྱེ་ལྡན་ལོ་མའི་ལུད་ཐེངས་གཅིག་ལ་གཏོར་དགོས། གཉིས་ནི་ནད་འབུའི་གནོད་པའི་རྩྭ་རེས་མོས་འདེབས་རྨོ་དང་། གཏིང་ཟབ་པར་རྨོ་སློག་བྱེད་པ་སོགས་བྱེད་ཐབས་ལས་ཚོད་འཛིན་དྲག་ཏུ་བྱ་དགོས་ལ། གལ་ཏེ་ནད་གནོད་འབྱུང་སྐབས། སྐྱེ་དངོས་ཞིང་སྨན+འབུ་བསླུ་པང(སྔོ་སེར་པང་ལེབ་དང་ཆགས་བསླུ་གཤེར་ཁུ་སོགས)+འབུ་གསོད་གློག་བཅས་ཀྱིས་འགོག་བཅོས་རྣམ་པ་སྤྱོད་དགོས། རྩྭ་ལ་གནོད་པ་ཚབས་ཆེན་བྱུང་དུས། རྩྭ་འགེམས་སྨན་འོས་འཚམ་གྱིས་ཚད་བཀོལ་ནས་བཀོལ་ནས་སྔོན་འགོག་དང་ཚོད་འཛིན་བྱས་ཆོག གལ་ཏེ་གློ་བུར་བ་དང་རྩ་རྫོགས་རང་བཞིན་གྱི་ནད་འབུའི་གནོད་པ་བྱུང་དུས། འཚུབ་བསྟུན་བྱེད་ཐབས་ལས་ཚོད་འཛིན་དྲག་ཏུ་བྱ་དགོས།

(གཉིས) ཐོན་ཚད་ཉུང་དུ་བྱིན་སྟབས་ནོར་སྲིད་ཀྱིས་མ་དངུལ་ཁ་གསབ་བྱ་དགོས་པ།

བརྟག་དཔྱད་བྱས་པ་ལྟར་ན། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་རྗེས། ཞིང་ལས་ལོ་ཏོག་གི་ཐོན་ཚད་ཚད་ངེས་ཅན་ཞིག་ཇེ་ཉུང་དུ་འགྲོ་སྲིད་ལ། སྤྱིར་བཏང་གི་འབྲུ་སྣུམ་ལོ་ཏོག་གི་ཐོན་ཚད10%-20%ཇེ་ཉུང་དུ་འགྲོ་བ་དང་། དཔལ་འབྱོར་ལོ་ཏོག་གི་ཐོན་ཚད20%-30%ཇེ་ཉུང་དུ་འགྲོ་སྲིད། ལྗང་མདོག་སྐྱེ་ལྡན་གྱི་ཚོང་རྟགས་ཕན་ནུས་ད་དུང་མ་གྲུབ་པ་དང་སྤུས་ལེགས་གོང་ལེགས་མངོན་འགྱུར་འབྱུང་དཀའ་བའི་གནས་ཚུལ་འོག་ཏུ། རོང་འབྲོག་པའི་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་བའི་ཆེད་དུ་སྲིད་གཞུང་གིས་འོས་འཚམ་གྱིས་ཁ་གསབ་བྱ་དགོས།

དྲུག ཁ་གསབ་བྱེད་ཐབས།

རྫས་ལུད་དང་ཞིང་སྨན་གྱི་བཀོལ་ཚད་ཉུང་འཕྲི་བྱས་རྗེས་སུ། ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆའི་གཏོང་སྒོའི་མ་རྩ་དེ་རྫས་ལུད་དང་ཞིང་སྨན་རྐྱང་བ་བཀོལ་བ་ལས་ཇེ་མང་དུ་སོང་ཚད་ཅུང་མང་བའི་དོན་དངོས་ལ་དབྱེ་ཞིབ་བྱས་ཏེ། སྲིད་གཞུང་གིས་འོས་འཚམ་གྱིས་ཁ་གསབ་བྱ་དགོས། ཁ་གསབ་ཀྱི་ཚད་གཞིའི་ཐད་ནས། ལོ་ཏོག་མི་འདྲ་བར་ཁྱད་པར་ཡོད་པའི་སྒོ་ནས་ཁ་གསབ་བྱེད་ཐབས་སྤྱོད་དགོས། ཁ་གསབ་བྱེད་ཐབས་ཐད་ནས། ལོ་ལྔ་འཁོར་ཡུན་གཅིག་དུ་བྱས་ནས་སྔོན་དཔག་གི་ཁ་གསབ་བྱེད་ཐབས་སྤྱོད་དགོས། མ་དངུལ་གྲབས་གསོག་བྱེད་སྟངས་སྒྲུག་ནས། “སྲིད་གཞུང་གིས་རོགས་སྐྱོར་དང་ས་གནས་ཀྱིས་ཆ་འགྲིག་ཏུ་གཏོང་བ། མང་ཚོགས་ཀྱིས་རང་སྒྲུག”བྱེད་པའི་ཕྱོགས་པོས་མ་དངུལ་གྲབས་གསོག་བྱེད་སྟངས་སྤྱོད་དགོས། བྱེ་བྲག་གི་མ་དངུལ་གྲབས་གསོག་བྱེད་ཐབས་ལ། དུས་རིམ་གསུམ་དུ་དགར་དགོས་ལ། དུས་རིམ་བཞིན་དུ་སྲིད་གཞུང་གིས་ཁ་གསབ་བྱེད་པའི་བསྡུར་ཚད་ཇེ་ཉུང་དུ་བཏང་ནས། ཡོངས་སུ་ཚོང་ར་ཅན་ཏུ་འཁོར་སྐྱོད་བྱེད་པའི་བར་དུ་བྱ་དགོས། ལས་གཞི་ལག་བསྟར་བྱེད་པའི་རྫོང་གིས་གཟབ་ནན་སྒོས་ཆེད་དམིགས་རྩིས་ཐོར་དོ་དམ་བྱས་ཏེ། ཁ་གསབ་མ་དངུལ་འདང་ངེས་མཁོ་སར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས།

(གཅིག) སྔོན་ལ་ཚོད་ལྟ་བྱེད་པའི་དུས་རིམ(2019ལོ་ནས2020ལོའི་བར)།

ཚོད་ལྟའི་དུས་རིམ་ལ་མང་ཚོགས་ཀྱིས་དང་ལེན་བྱེད་ཚད་ལ་གཞིགས་ནས། ཁྱབ་བརྡལ་གཏོང་བར་ཕན་པའི་རྩ་དོན་ལྟར། སྲིད་གཞུང་གིས་མ་དངུལ་གྱིས་རོགས་སྐྱོར་བྱེད་ཚད་ཆེ་རུ་གཏང་དགོས། གྲོས་གཞི་ལ། སྲིད་གཞུང་གིས་ཚོང་རྫས་སྐྱེ་ལྡན་ལུད་གྱི་ཁ་གསབ་སྟེར་བ་དང་། ས་གནས་ཀྱིས་སྐྱེ་ལྡན་ལོ་མའི་ལུད་ཆ་སྒྲིག ཞིང་པས་འོས་འཚམ་གྱིས་ནད་འབུའི་གནོད་པ་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགྲོ་གྲོན་རང་སྒྲུག་བྱ་དགོས།

(གཉིས) རྒྱ་བསྐྱེད་ཕན་བསྐྱེད་ཀྱི་དུས་རིམ(2021ལོ་ནས2022ལོའི་བར)།

ཚོད་ལྟའི་དུས་རིམ་བརྒྱུད་དེ། མང་ཚོགས་ཀྱི་དང་ལེན་བྱེད་ཚད་སྔར་ལས་ཇེ་མཐོར་འགྲོ་སྲིད་ལ། ལག་རྩལ་ཁྱབ་བརྡལ་གྱི་ཉམས་མྱོང་ངེས་ཅན་ཞིག་བསགས་ཐུབ་ཅིང་། ཞིང་ལས་ཐོན་རྫས་སྤུས་ལེགས་གོང་ལེགས་རིམ་བཞིན་མངོན་སྲིད་པས། ཚོང་རྟགས་ཁྱབ་བརྡལ་སྔར་བས་རྒྱ་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་ཁ་གསབ་མ་དངུལ་འོས་འཚམ་གྱིས་ཇེ་ཉུང་དུ་གཏང་དགོས།

(གསུམ) གདང་རིམ་སྤར་བའི་དུས་རིམ(2023ལོའི་རྗེས་ནས)།

ཚོད་ལྟ་དང་རྒྱ་བསྐྱེད་པ་བརྒྱུད་དེ། མང་ཚོགས་ཡོངས་ཁྱབ་ཀྱིས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱས་པའི་ཐོན་སྐྱེད་བྱེད་སྟངས་དང་ལེན་བྱེད་པར་མ་ཟད། རང་འགུལ་སྒོས་ལྗང་མདོག་གི་ཐོན་སྐྱེད་ཁྲོད་བཀོལ་བ་དང་། ལྗང་མདོག་ཐོན་སྐྱེད་ལག་རྩལ་ཆ་ཚང་ཞིག་ཁྱབ་བརྡལ་གྱི་རྣམ་པ་གྲུབ་པ་དང་། ཞིང་ལས་ཐོན་རྫས་ཀྱི་ལྗང་མདོག་གི་སྐྱེ་ལྡན་ཚོང་རྟགས་འབུར་ཐོན་དུ་མངོན་པ་དང་སྤུས་ལེགས་གོང་ལེགས་གསལ་བོར་མངོན་ཞིང་། རོང་འབྲོག་པའི་ཡོང་འབབ་རིམ་བཞིན་ཇེ་མང་དུ་འགྲོ་སྲིད་པས། སྲིད་གཞུང་གིས་ཡོངས་སུ་ཁྲིད་སྟོན་རང་བཞིན་གྱི་ཁ་གསབ་གཙོ་བོར་བྱ་དགོས།

བདུན། ཉེན་ཁ་སྔོན་འགོག་དང་ཚོད་འཛིན།

རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཁྲོད་ཚོད་དཔག་མི་ཐུབ་པའི་ཉེན་ཁ་སྔོན་འགོག་བྱ་ཆེད། ཐོལ་བྱུང་གི་ནད་འབུའི་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་འཆར་གཞི་དང་ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་ཉེན་ཁ་འགོག་ཟོན་གྱི་འཆར་གཞི་འགོད་དགོས།

(གཅིག) ཐོལ་བྱུང་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་འཆར་གཞི་འགོད་དགོས། གཅིག་ནི་ཞིང་ལས་ལག་རྩལ་ཁྱབ་བརྡལ་སྡེ་ཁག་གིས་ཞིང་ལས་ལོ་ཏོག་གི་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་བྱུང་འཕེལ་གྱི་གནས་ཚུལ་ལ་ལྟ་བཤེར་དང་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས། དུས་ཐོག་ཏུ་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པའི་ཉེན་བརྡའི་ཆ་འཕྲིན་བསྒྲག་དགོས་པ་དང་། རྒྱ་ཆེ་བའི་ཞིང་པ་དང་རྣམ་པ་གསར་བའི་བདག་གཉེར་མཁན་ལ་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པར་མཛུབ་སྟོན་བྱ་དགོས། གཉིས་ནི་གལ་ཏེ་གང་སར་འཕུར་སྐྱོད་བྱེད་པའི་གནོད་འབུ་དང་ཐོལ་བྱུང་རང་བཞིན་གྱི་ནད་གནོད་བྱུང་བའམ་ཤེས་ཚེ། དུས་ཐོག་ཏུ་བརྟག་དཔྱད་སྒོས་གནོད་པ་བྱུང་བའི་ཁྱབ་ཁོངས་དང་ལོ་ཏོག་གནོད་པ་ཐེབས་ཚད་གཏན་འཁེལ་བྱ་དགོས་པར་མ་ཟད། དེ་མ་ཐག་ཏུ་འཚུབ་ཟློག་འགོག་བཅོས་བྱེད་ཐབས་གཏན་འབེབས་བྱ་དགོས། གསུམ་ནི་ཆེད་ལས་ཅན་གྱི་འགོག་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ་གཅིག་གྱུར་གྱིས་འཚུབ་ཟློག་འགོག་བཅོས་བྱ་དགོས་ལ། སྲིད་གཞུང་གིས་ཞབས་ཕྱི་ཉོ་བའི་རྣམ་པ་སྤྱད་དེ་སྔོན་འགོག་དང་ཚོད་འཛིན་བྱས་ཀྱང་ཆོག བཞི་ནི་དུས་ཐོག་ཏུ་ས་ཁོངས་དབྱེ་གཅོད་བྱས་ཏེ། འཕྲལ་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་དུག་ཚད་ཉུང་ལ་ནུས་ཕྱོད་མཐོ་བའི་རྫས་འགྱུར་ཞིང་སྨན་བཀོལ་ནས་མགྱོགས་མྱུར་ངང་ནད་འབུའི་གནོད་པ་ཚོད་འཛིན་བྱས་ནས། ནད་འབུའི་གནོད་པས་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་ཚད་ཆེས་དམའ་ཤོས་སུ་གཏང་དགོས། ལྔ་ནི་ཚོད་ལྟའི་ས་ཁུལ་གྱི་ཚོད་ལྟའི་ལོ་ཏོག་ཡོངས་སུ་ཞིང་ལས་ཉེན་འགོག་ཁྱབ་ཁོངས་སུ་བཅུག་སྟེ། ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་ཐེབས་ནས་ལོ་ཏོག་གི་ཐོན་ཚད་དང་ཡོང་འབབ་ཇེ་ཉུང་དུ་ཕྱིན་པའི་སྐབས་སུ་ཉེན་འགོག་ཀུང་སིས་འོས་འཚམ་གྱིས་སྐྱིན་གསབ་སྤྲད་དེ། ཞིང་པའི་ཐོན་ཚད་དང་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱ་དགོས།

(གཉིས) ཞིང་ལས་ཐོན་རྫས་ཚོང་རའི་ཉེན་ཁ་འགོག་ཟོན་གྱི་འཆར་གཞི་འགོད་དགོས། གཅིག་ནི་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་འདེམས་འཛུགས་སྒྲིག་གཞི་བཀོད་སྒྲིག་དང་། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཁྱབ་ཚུལ་ལུགས་མཐུན་གྱིས་བཀོད་སྒྲིག་ལེགས་པོ་བྱ་དགོས། སྤུས་ལེགས་དང་ཆེད་སྤྱོད་ཀྱི་ཚོང་རྫས་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས། ཞིང་ལས་ཐོན་རྫས་གཞི་རྒྱ་ཅན་དང་ཐོན་ལས་ཅན་གྱི་ཚོང་གཉེར་ལམ་དུ་བགྲོད་པར་སྣེ་ཁྲིད་དང་སྐུལ་འདེད་གཏང་དགོས། གཉིས་ནི་མངགས་ཐོའི་ཞིང་ལས་ལག་བསྟར་བྱས་ཏེ། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་ཞིང་ཁྱིམ་བར་དུསྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཉོ་འཚོང་གི་གན་རྒྱ་ཐད་ཀར་དུ་བཞག་སྟེ་རིན་གོང་བགྲོས་ཏེ་གཏན་འབེབས་བྱེད་པར་སྐུལ་མ་གཏོང་བ་དང་། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཉོ་འཚོང་སྦྲེལ་མཐུད་བྱེད་ཐད་ལ་ཤུགས་བསྣན་ནས། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས“འཚོང་དཀའ་བའི”སྣང་ཚུལ་སྔོན་འགོག་བྱ་དགོས། གསུམ་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ལེགས་གོང་ལེགས་སྲིད་ཇུས་དང་ཁྱད་ལྡན་ཚོང་རྟགས་དྲིལ་སྒྲོག་ཐད་ལ་ཤུགས་བསྣན་ནས། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མིང་དུ་གྲགས་ཚད་དང་ཚོང་ར་ཟིན་ཚད་ཇེ་མཐོར་གཏང་དགོས་ལ། ཞིང་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སྤུས་ལེགས་གོང་ལེགས་མངོན་འགྱུར་དང་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གོང་སྤེལ་གྱི་རང་རྟོགས་རང་བཞིན་དང་བརྩོན་སེམས་ཇེ་ཆེར་གཏང་དགོས།

བརྒྱད། འཁོར་སྐྱོད་རྐྱེན་སྲོལ།

(གཅིག) སྲིད་གཞུང་གི་སྲིད་ཇུས་ལྟར་ཁ་གསབ་པའི་རྐྱེན་སྲོལ་འཛུགས་དགོས། སྲིད་གཞུང་གིས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་ལག་བསྟར་བྱས་པའི་ཞིང་ཁྱིམ་དང་འདེབས་འཛུགས་ཁྱིམ་ཆེན། མཉམ་ལས་ཁང་སོགས་རྣམ་པ་གསར་བའི་ཚོང་གཉེར་མཁན་ལ་འོས་འཚམ་གྱིས་ཁ་གསབ་སྟེར་དགོས་ལ། གཙོ་བོ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་། ལོ་མའི་ལུད་གཏོར་བ། ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པ་བཅས་ཀྱི་ཐད་ལ་གསར་ཏུ་བསྣན་པའི་མ་དངུལ་དང་ཐོན་ཚད་ཉུང་དུ་ཕྱིན་པའི་གྱོང་གུད་གསབ་པ་སོགས་ལ་བཀོལ་དགོས།

(གཉིས) ཁེ་ལས་ཀྱིས་ཐོན་སྐྱེད་ཚད་ལྡན་དུ་གཏོང་བའི་རྐྱེན་སྲོལ་འཛུགས་དགོས། ཁེ་ལས་ཀྱིས་སྐྱེ་ལྡན་ལུད་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། སྤུས་ཚད་དོ་དམ་དང་སྤུས་ཚད་ཞིབ་བཤེར་སོགས་ཀྱི་འབྲེལ་ཡོད་ལམ་ལུགས་འཛུགས་དགོས་ལ། ཞིང་ལས་ཞིང་སྡེ་པུའུ་ཡིས་གཏན་འབེབས་བྱས་པའི་སྐྱེ་ལྡན་རྫས་ལུད་ལས་རིགས་ཀྱི་ཚད་གཞི (NY525-2012)ལག་བསྟར་བྱས་ཏེ། སྐྱེ་ལྡན་ལུད་ཀྱི་སྤུས་ཚད་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཁེ་ལས་ཀྱིས་སྐྱེ་ལྡན་ལུད་ཀྱི་ཐོན་སྐྱེད་སྒྲིག་ཆས་སྒྱུར་བཅོས་དང་རིམ་སྤར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་བཏང་ནས་སྐྱེ་ལྡན་ལུད་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འདོན་སྤྲོད་བྱེད་པར་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་ཚོང་རར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྐྱེ་ལྡན་ལུད་ཀྱི་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་ཁྱིམ་གྱིས་བློ་འཁེལ་ཆོག་པའི་སྐྱེ་ལྡན་ལུད་བཀོལ་ཐུབ་པར་ཁག་ཐེག་བྱ་དགོས།

(གསུམ) ཞིང་པས་བདེ་འཇགས་ངང་བཀོལ་བའི་རྐྱེན་སྲོལ་འཛུགས་དགོས། ལག་རྩལ་གསོ་སྦྱོང་གི་ཤུགས་ཚད་ཆེ་རུ་བཏང་ནས། ཞིང་པས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་གི་ཞིང་ལས་གོང་སྤེལ་གྱི་རང་རྟོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། ཞིང་པ་དང་རྣམ་པ་གསར་བའི་ཚོང་གཉེར་མཁན་སོ་སོས་ཐོན་སྐྱེད་ཁྲོད་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱེད་པར་ཧུར་ཐག་གིས་སྣེ་ཁྲིད་བྱས་ཏེ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱེད་པ་དེ་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱི་རང་རྟོགས་ཀྱི་འགུལ་སྐྱོད་དུ་འགྱུར་བར་བྱ་དགོས་ལ། ཞིང་ལས་ཐད་ལ་གཏོང་རྫས་བདེ་འཇགས་ངང་བཀོལ་སྤྱོད་དང་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་གསར་སྐྲུན་བྱེད་པའི་འཁོར་རྒྱུག་ལེགས་པོའི་རྐྱེན་སྲོལ་འཛུགས་དགོས།

དགུ། འགན་སྲུང་བྱེད་ཐབས།

རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། ལྗང་མདོག་གི་ཞིང་ལས་མགྱོགས་མྱུར་ངང་གོང་སྤེལ། ཞིང་པའི་ཡོང་འབབ་ལ་འགན་སྲུང་བཅས་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་དང་སྐྱེ་ཁམས་གསུམ་ལ་མཉམ་དུ་ཕན་འབྲས་ཐོབ་པ་མངོན་འགྱུར་བྱ་ཆེད། གཤམ་གྱི་ནུས་ལྡན་བྱེད་ཐབས་ཤུགས་ཆེན་པོས་སྤྱོད་དགོས་ཏེ།

(གཅིག) རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ནི་ཕྱོགས་བསྡུས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་སྐུལ་འདེད་གཏང་དགོས་ལ། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པར་དངོས་གནས་ཤུགས་བསྣོན་དགོས་ཤིང་། ལྗང་མདོག་གོང་སྤེལ་གྱི་དཔྱད་འཇོག་རྐྱེན་སྲོལ་དང་མགོ་ཁུངས་བཅོས་སྐྱོང་གི་རྐྱེན་སྲོལ། ལྟ་སྐུལ་ཞིབ་བཤེར་དང་སྐུལ་འདེད་ཀྱི་རྐྱེན་སྲོལ་བཅས་འཛུགས་དགོས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་། ཞིང་ཆེན་བསྡོམས་རྩིས་ཅུས། ཞིང་ཆེན་ཚོང་རར་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་དངུལ་ཁང་འགན་སྲུང་ལྟ་སྐུལ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་གྲུབ་པའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྤྱི་འགན་འཛིན་དགོས་ལ། ལས་ཁུངས་གཞན་དག་གིས་ཧུར་ཐག་གིས་གཞོགས་འདེགས་དང་། ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་མཉམ་འཛིན་མཉམ་གཉེར་བྱ་དགོས། ལྷག་པར་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་གནས་སྦྲེལ་བ་དང་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། བྱ་བ་དོན་འཁྱོལ་ཡོང་བར་དམིགས་པ་གཏད་དེ་ནན་འཛིན་བྱ་དགོས། ས་གནས་སོ་སོས་ཀྱང་འབྲེལ་ཡོད་ཀྱི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། མཛུབ་སྟོན་ལ་ཤུགས་སྣོན་པ་དང་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ་དོན་འཁྱོལ་ལ་སྐུལ་འདེད་བྱ་དགོས། འབྲེལ་ཡོད་ལག་རྩལ་ཁྱབ་བརྡལ་སྡེ་ཁག་དང་ཚན་རིག་ཞིབ་འཇུག་གླིང་གིས་ལག་རྩལ་མཛུབ་སྟོན་ཚན་སྐོར་བཙུགས་ཏེ། ཞིང་ཆེན་རིམ་པའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པའི་འགན་འཁུར་ནས་ཞིང་ལས་ཚན་རྩལ་གསོ་སྦྱོང་ལ་ཤུགས་བསྣོན་དང་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ནས། རྣམ་པ་གསར་བའི་བདག་གཉེར་མཁན་ཤུགས་ཆེན་པོས་གསོ་སྐྱོང་དང་། རྒྱལ་ནང་གི་སྟོབས་ཤུགས་དང་ལྡན་པའི་ཚན་རིག་ཞིབ་འཇུག་གླིང་དང་ལག་རྩལ་མཉམ་འབྲེལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རིག་ཚན་བརྒལ་བ་དང་ཁྱབ་ཁོངས་བརྒལ་ནས་མཉམ་ལས་སྒོས་འགག་སྒོ་གཏོར་བ་དང་། གང་མགྱོགས་སྒོས་ལག་རྩལ་གྱི་དཀའ་གནད་བསྒྲལ་དགོས་ལ། ས་ཁོངས་དང་ལོ་ཏོག་གི་རིགས་བཀར་ནས་ལད་མོ་བྱས་ཆོག་པ་དང་ཁྱབ་བརྡལ་གཏོང་ཐུབ་པ། སྤྱོད་བདེ་བའི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་ལག་རྩལ་རྣམ་པ་ཁག་ཅིག་ཕྱོགས་བསྡུས་བྱ་དགོས། རྫོང(ར་བ)སོ་སོས་ཀྱང་བྱེ་བྲག་གི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཐོག ལག་རྩལ་མཛུབ་སྟོན་དང་ཞིང་ཁར་ཚོད་ལྟ་དང་ཞིབ་འཇུག དྲིལ་སྒྲོག་གསོ་སྦྱོང་སོགས་བྱེད་ཤུགས་ཇེ་ཆེར་གཏང་དགོས། གོང་འོག་མཉམ་འཇུག་དང་མཐུན་སྦྱོར་སྐུལ་འདེད་ཀྱི་བྱ་བའི་རྣམ་པ་ལེགས་པོ་གྲུབ་པར་བྱ་དགོས། དེ་དང་མཉམ་དུ་ལག་རྩལ་མཛུབ་སྟོན་ཚན་སྐོར་བཙུགས་ནས། ལག་རྩལ་པ་མངགས་ནས་ཁྱབ་ཁོངས་བགོས་ཏེ་འགན་འཁུར་བ་དང་། ལག་རྩལ་གསོ་སྦྱོང་མཛུབ་སྟོན་ལ་ཤུགས་བསྣན་ནས། རྒྱ་ཆེ་བའི་མང་ཚོགས་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་ལ་བྱང་ཆ་ལྡན་ཞིང་རྒྱུས་མངའ་བར་བྱ་དགོས།

(གཉིས) སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། གང་མགྱོགས་སྒོས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ཏེ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཞིང་ལས་ཀྱི་ཁ་གསབ་རོགས་དངུལ། ལས་གཞིར་དངུལ་གཏོང་བ་བཅས་ལྗང་མདོག་གོང་སྤེལ་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་བསྐྱེད་པའི་ཕྱོགས་སུ་གཞོལ་བར་སྐུལ་འདེད་གཏང་དགོས། སྐྱེ་ལྡན་ལུད་དང་སྐྱེ་དངོས་ཀྱི་ཞིང་སྨན། དངོས་ལུགས་ཀྱི་འགོག་བཅོས་སྒྲིག་ཆས་དང་ཐོན་རྫས་བཀོལ་བར་འོས་འཚམ་གྱིས་ཁ་གསབ་རོགས་དངུལ་སྟེར་དགོས། སྐྱེ་ལྡན་ལུད་ཀྱི་ཁེ་ལས་བར་དུ་དམིགས་འབེན་འགན་འཁྲིའི་ཡི་གེ་འཇོག་པ་དང་། ཆེད་མཁས་ཚན་སྐོར་བརྒྱུད་དེ་ཁེ་ལས་ལ་ཁྱོན་ཡོངས་ནས་ལས་ཕྱོད་དཔྱད་འཇོག་བྱེད་པ་དང་། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ལམ་ལུགས་འཛུགས་དགོས། རྫིང་རྟུག་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་དང་། ཞིང་སར་ལུད་འཇོག་པ། སྐྱེ་ལྡན་ལུད་སྡེབ་སྐྱེལ། མཉམ་འགོག་མཉམ་བཅོས་སོགས་ཀྱི་ཆེད་ལས་མཉམ་ལས་ཁང་དང་ཁེ་ལས་གོང་སྤེལ་ལ་རྒྱབ་སྐྱོར་བྱས་ཏེ། ཕུང་གསུམ་པའི་ཞབས་ཕྱི་ཐོན་ལས་ལ་སྣེ་ཁྲིད་དང་གསོ་སྐྱོང་བྱ་དགོས། ཚོད་ལྟའི་ས་ཁུལ་གྱི་ཞིང་ལས་ལོ་ཏོག་དེ་ཞིང་ལས་འགན་བཅོལ་ཁྱབ་ཁོངས་སུ་འཇུག་པ་དང་། ཞིང་པ་མང་ཚོགས་ཀྱི་རང་བྱུང་གནོད་འཚེ་དང་ཚོང་རའི་ཉེན་ཁ་སྔོན་འགོག་གི་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས།

(གསུམ) འགན་འཁྲི་ངེས་གསལ་གྱིས་ལྟ་སྐུལ་དོ་དམ་བྱ་དགོས། དཔྱད་འཇོག་ལྟ་བཤེར་དང་ནོར་སྲིད་ཀྱི་ཁ་གསབ་སྦྲེལ་བའི་རྐྱེན་སྲོལ་བཙུགས་ནས། ཕུང་གསུམ་པས་དཔྱད་འཇོག་བྱེད་པ་ལག་བསྟར་དང་། ཐོབ་ཐང་ཡོད་པའི་ཚན་རིག་ཞིབ་འཇུག་གླིང་ལ་མངགས་བཅོལ་བྱས་ཏེ། ཚོད་ལྟའི་ས་ཁུལ་གྱི་བསྡུར་བྱའི་དཔེ་སྟོན་ཞིང་སའི་ས་གཤིན་དང་ཐོན་རྫས་ཀྱི་སྤུས་ཚད། ཁོར་ཡུག་སོགས་བརྒྱུད་རིམ་ཡོངས་ལ་ལྟ་བཤེར་བྱས་ནས། ཚན་རིག་གི་ལྟ་བཤེར་དཔྱད་འཇོག་གི་སྙན་ཞུ་འདོན་སྤྲོད་བྱ་དགོས། དེ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་དང་ཆུ་བེད་སོགས་སྡེ་ཁག་གི་ད་ཡོད་ལྟ་བཤེར་མ་ལག་བཀོལ་སྤྱོད་ལེགས་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་ལྟ་བཤེར་བྱ་དགོས། མི་སྣ་དང་ལས་འགན། དམིགས་ཚད། བྱེད་ཐབས་བཅས་གཏན་ཁེལ་བྱས་པའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནད་འགག་གི་ལག་རྩལ་ངེས་གསལ་བྱེད་པ་དང་། གཟེངས་བསྟོད་དང་ཆད་གཅོད་ཀྱི་དབྱེ་བ་གསལ་བའི་བྱེད་ཐབས་ནུས་ལྡན་གཏན་འབེབས་བྱ་དགོས། ཞིང་སྨན་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཐད་ལ་ཤུགས་བསྣན་ནས། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྨན་ལྟ་སྐུལ་དོ་དམ་ཁུངས་འདེད་སྟེགས་བུ་བརྒྱུད་དེ། ཞིང་སྨན་ཉོ་བ་དང་འཚོང་བ། བཀོལ་བའི་བརྒྱུད་རིམ་ཡོངས་སུ་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་བྱ་དགོས། ལས་གཞི་ལ་མཁོ་བའི་ཆོན་སྐྱེད་རྒྱུ་ཆ་དང་དམིགས་འགུག་དམིགས་འཇོག་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབ་དགོས། ལོ་རེར་ལས་གཞི་ཡོངས་འགྲུབ་བྱས་རྗེས། ཞིང་ཆེན་རིམ་པས་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་འདེམས་བཤེར་བྱས་ནས། དོ་དམ་ཚད་ལྡན་དང་གྲུབ་འབྲས་མངོན་གསལ། ཁྱད་ཆོས་འབུར་ཐོན་གྱི་ས་ཁུལ་ལ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་དང་། ལས་གཞིའི་དོ་དམ་ཚད་ལྡན་མིན་པ་དང་ས་གནས་སྲིད་གཞུང་གིས་གཙིགས་སུ་མ་བཟུང་བ། དོན་འཁྱོལ་བྱེད་ཤུགས་མི་འདང་བའི་ས་ཁུལ་ལ་འགན་འཁྲི་རྩད་གཅོད་བྱ་དགོས།

(བཞི) ལྟ་སྐུལ་ཞིབ་བཤེར་ཤུགས་དྲག་ཏུ་གཏང་དགོས། ཞིབ་བཤེར་མཛུབ་སྟོན་ལ་དངོས་གནས་ཤུགས་བསྣན་ནས། ཞིང་པའི་ཡིད་ཚིམ་ཚད་དང་ལག་རྩལ་ཁྱབ་བརྡལ་བཏང་ཚད། ཞིང་ཁར་ཐོན་ཚད་དེ་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གཙོ་བོར་བཞག་སྟེ། ཚོད་ལྟའི་ས་ཁུལ་གྱི་ལས་འགན་དོན་འཁྱོལ་དང་། མ་དངུལ་བཀོལ་སྤྱོད། བྱ་བའི་འཕེལ་རིམ། གྲུབ་འབྲས་དཔྱད་འཇོག་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱ་དགོས་ལ། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་བསྐྱེད་པ་མངོན་འགྱུར་བྱ་དགོས། སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། གཟབ་ནན་སྒོས་རྒྱལ་ཁབ་ཀྱི་ལས་རིགས་ཀྱི་ཚད་གཞི་ལྟར་ཐོན་སྐྱེད་རྩ་འཛུགས་བྱེད་པ་དང་། ལྷག་པར་སྐྱེ་ལྡན་ལུད་ཐོན་སྐྱེད་ཀྱི་གོ་རིམ་ལ་ལྟ་སྐུལ་དོ་དམ་བྱེད་པར་དོ་སྣང་བྱ་དགོས་ཤིང་། སྐྱེ་ལྡན་ལུད་ཀྱི་སྤུས་ཚད་ཀྱི་ཁུངས་འདེད་པའི་ལམ་ལུགས་བཙུགས་ནས། སྐྱེ་ལྡན་ལུད་ཀྱི་ཐོན་རྫས་ཀྱི་སྤུས་ཚད་ཁག་ཐེག་དང་ཞིང་པའི་ཕན་ཁེ་ངོ་མར་སྲུང་སྐྱོབ་བྱ་དགོས། དམིགས་འཁེལ་བའི་ཁེ་ལས་ཀྱིས་ཁུལ་ཁོངས་འགན་གཙང་ལེན་ལམ་ལུགས་ལག་བསྟར་བྱས་ཏེ། སྐྱེ་ལྡན་ལུད་ཐོན་ལས་ཀྱི་མནའ་འབྲེལ་སྒྲིག་འཛུགས་བྱས་ནས། མཐུན་སྦྱོར་ལྟ་སྐུལ་ལ་ཤུགས་སྣོན་པ་དང་འགུལ་རྣམ་ལྟར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས།

(ལྔ) མ་དངུལ་ལ་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏང་དགོས། ཞིང་ལས་ལ་རོགས་སྐྱོར་བྱེད་སྤྱད་མ་དངུལ་གྱི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། གསོག་ཚད་མ་དངུལ་གསོན་སྒྱུར་བྱེད་པ་དང་། ཐབས་ལམ་མང་པོ་དང་སྣ་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་ཏེ། རྫས་ལུད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཐད་ལ་མ་དངུལ་གཏོང་ཚད་ཁག་ཐེག་བྱ་དགོས། ཚད་ལྡན་གྱི་མ་དངུལ་ལ་ལྟ་སྐུལ་དོ་དམ་དང་གཅུན་སྡོམ་གྱི་རྐྱེན་སྲོལ་བཙུགས་ནས། ལས་གཞིའི་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། མ་དངུལ་ལ་ཆེད་དོན་རྩིས་ཐོ་བཀོད་ནས་ཞིབ་རྩིས་བྱེད་པ་ལག་བསྟར་བྱ་དགོས་ཤིང་། ཆེད་དངུལ་ཆེད་སྤྱོད་བྱེད་པ་ལས་རྣམ་པ་གང་རུང་གི་སྒོ་ནས་ཟུར་འཇོག་དང་བཙན་སྤྱོད། གཞན་སྤྱོད་སོགས་གཏན་ནས་བྱ་མི་ཆོག་ལ། ཁ་གསབ་མ་དངུལ་བཀོལ་སྤྱོད་བྱས་པ་མ་འགྲིག་པའི་དབང་གིས་མང་ཚོགས་ཀྱི་བརྩོན་སེམས་ལ་གནོད་རྐྱེན་ཐེབས་པ་རྦད་དེ་གཏན་འགོག་བྱ་དགོས།

(དྲུག) ཚོང་རྟགས་བསྐྲུན་ཤུགས་ཇེ་དྲག་ཏུ་གཏང་དགོས། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཀྱི་ཚོད་ལྟའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། རང་རེའི་ཞིང་ཆེན་གྱི་མཐོ་སྒང་དང་ལྗང་མདོག སྐྱེ་ལྡན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས། ནས་དང་འཕང་འབྲས། ཤིང་ཏོག་དང་སྔོ་ཚོད། ཀྲུང་སྨན་རྒྱུ་ཆ་སོགས“མཚོ་སྔོན་རྟགས་ཅན”གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རྟགས་སྐྲུན་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་བསྐྲུན་ལ། མིང་གྲགས་ལྡན་ཞིང་ཉམས་སད་ཐེག་ཐུབ་པ། ཤུགས་རྐྱེན་ཆེ་བའི་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཁག་ཅིག་གསོ་སྐྱོང་ལ་རོགས་སྐྱོར་བྱས་ནས། སྤུས་ལེགས་གོང་ལེགས་མངོན་འགྱུར་བྱས་ཏེ་དཔལ་འབྱོར་ཕན་ཁེ་ཇེ་མང་དུ་གཏང་དགོས།

(བདུན) དྲིལ་བསྒྲགས་ཀྱིས་ཁྲིད་ཤུགས་སྟོན་བྱེད་ཇེ་དྲག་ཏུ་གཏང་དགོས། རིམ་པ་སོ་སོའི་དྲིལ་བསྒྲགས་སྡེ་ཁག་གིས་རྒྱང་སྒྲོག་དང་བརྙན་འཕྲིན། ཚགས་དེབ། སྦྲེལ་དྲ་སོགས་སྨྱན་བྱད་བེད་སྤྱོད་ལེགས་པོ་བྱས་ཐོག དྲང་ཕྱོགས་སུ་སྣེ་འཁྲིད་པའི་རྐྱེན་སྲོལ་བཙུགས་ནས། རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་རྒྱ་ཁྱབ་ཏུ་ཆེ་བར་སྤེལ་དགོས་ལ། སྐྱེ་ཁམས་བདེ་འཇགས་སྐོར་དྲིལ་བསྒྲགས་བྱེད་ཤུགས་དངོས་གནས་ཇེ་ཆེར་གཏང་དགོས། “གཅིག་ངོ་གཅིག་ལ་གཏད”ནས་དྲིལ་བསྒྲགས་ཐུབ་པར་བྱས་ནས་རྒྱུས་ལོན་ཚད་མཐོར་འདེགས་གཏང་དགོས། “ལག་པས་ལག་པར་འཇུས་ནས”མཛུབ་སྟོན་གྱིས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། “གཅིག་གིས་གཅིག”ཁྲིད་ནས་ཁྱབ་ཚད་ཆེ་རུ་གཏང་དགོས། “གནས་གཅིག་གིས་གཅིག”ལ་ཁྲིད་སྤེལ་གྱིས་དངོས་ནུས་རང་བཞིན་གཙིགས་སུ་འཛིན་དགོས་ལ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་འགུལ་སྐྱོད་ལ་ཐེ་ཞུགས་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་ནས། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལ་ཕན་ནུས་ཐོན་པར་ཁག་ཐེག་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

2019ལོའི་མཚོ་སྔོན་ཞིང་ཆེན་གྱི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཚོད་ལྟའི་ལག་བསྟར་ཇུས་གཞི།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་སྟེ། རོང་འབྲོག་ཁུལ་གྱི་ཞིང་ཕྱུགས་ལས་ལྗང་མདོག་གོང་སྤེལ་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་ཆེད། 2019ལོ་ནས་མགོ་བརྩམས་ནས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་དགོས། 《མཚོ་སྔོན་ཞིང་ཆེན་གྱི་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཀྱི་སྤྱིའི་བསམ་ཕྱོགས》གཞིར་བཟུང་ནས། ཆེད་དུ་ལག་བསྟར་ཇུས་གཞི་འདི་གཏན་འབེབས་བྱས་པ་ཡིན།

དང་པོ། སྤྱིའི་བསམ་ཕྱོགས།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་གཙོ་ཐིག་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་ནས། སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ལས་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ནུས་ཕྱོད་མཐོར་འདེགས་གཏོང་བར་སྐུལ་འདེད་བྱེད་པ་དམིགས་འབེན་དུ་བྱས་ཏེ། ལྗང་མདོག་གོང་སྤེལ་ཁྲིད་ཕྱོགས་དང་བཅོས་སྒྱུར་གསར་སྐྲུན་སྒུལ་ཤུགས་བྱས་ནས། སྲིད་ཇུས་ཀྱིས་རོགས་སྐྱོར་ཤུགས་དྲག་ཏུ་གཏོང་བ་དང་། ཚན་རྩལ་ཡར་ཐོན་ལ་བརྟེན་ནས། སྤུས་ཚད་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་སྒོས་ལོ་ལྔའི་དུས་ཚོད་བཀོལ་ནས། ཏན་ཏིག་ངང་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་དགོས་ལ། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་ཏེ། ཐོན་ཚད་མཐོ་ཞིང་ཐོན་རྫས་བདེ་འཇགས་ཡིན་པ། ཐོན་ཁུངས་གྲོན་ཆུང་ཐུབ་པ། ཁོར་ཡུག་གནོད་མི་སྐྱེལ་བའི་དེང་རབས་ཞིང་ཕྱུགས་ལས་གོང་སྤེལ་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་འཕར་བ་དང་རོང་འབྲོག་པའི་ཡོང་འབབ་འཕར་བ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཡོང་བ་བཅས་ལ་སྐུལ་འདེད་གཏང་དགོས།

(གཉིས) རྩ་བའི་རྩ་དོན།

ཐོན་སྐྱེད་དང་སྐྱེ་ཁམས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པར་དམིགས་ནས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་སྐྱེ་ཁམས་ཀྱི་དམར་ཐིག་བརྟན་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་ཐོན་སྐྱེད་གོང་སྤེལ་དང་ཟུང་འབྲེལ་བྱས་ཐོག སྐྱེ་ཁམས་ལེགས་པོར་བསྐྲུན་པ་དང་ལྗང་མདོག་ལམ་དུ་ལེགས་པོར་བསྐྱོད་པ། འདེབས་གསོ་ཟུང་འབྲེལ་ལ་སྐུལ་འདེད་བྱས་ཏེ། ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་དང་། འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

ཚད་འཕྲི་དང་ཚོད་ལྟ་མཉམ་གཉེར་རྒྱུན་འཁྱོངས་བྱ་དགོས། ས་ཁོངས་མི་འདྲ་བའི་ལོ་ཏོག་མི་འདྲ་བ་ཐོན་སྐྱེད་ཀྱི་དོན་དངོས་དང་ལུད་འཇོག་སྨན་བཀོལ་གྱི་དགོས་མཁོ་ལྟར། རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་དང་། རིམ་པ་དང་ས་ཁོངས། ལོ་ཏོག་བཅས་མི་འདྲ་བ་བཀར་ཏེ་རྫས་ལུད་དང་ཞིང་འཇོག་སྨན་ཚོད་འཛིན་གྱི་དམིགས་འབེན་ལས་འགན་གཏན་འབེབས་བྱས་ཏེ། སྔོན་དུ་འགུལ་སྐྱོད་དང་ཚོད་ལྟ་དང་སྔོན་སླ་རྗེས་དཀའ་ཡི་བྱེད་ཐབས་ལྟར་རིམ་བཞིན་སྐུལ་འདེད་བཏང་ནས། རྫས་ལུད་དང་ཞིང་སྨན་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པ་མངོན་འགྱུར་བྱས་ཐོག རོང་འབྲོག་པའི་ཡོང་འབབ་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་བརྩི་བྱེད་པ་རྒྱུན་འཁྱོངས་བྱ་དགོས། སྲོལ་རྒྱུན་ཞིང་ལས་ནས་དེང་རབས་ཞིང་ལས་སུ་བསྒྱུར་ཏེ་འཕེལ་རྒྱས་མགྱོགས་པོར་གཏོང་བ་དང་། ཐོན་ཚད་བསྙེགས་པ་ནས་གཞི་རྒྱ་དང་སྤུས་ཚད། ཕན་འབྲས་གལ་ཆེ་མཉམ་བརྩི་བྱེད་པར་སྒྱུར་བ་དང་། ཐོན་རྫས་དེ་མ་བཅོས་རྒྱུ་ཆ་འདོན་སྤྲོད་བྱེད་པ་ནས་ཚོང་རྟགས་གསོ་སྐྱོང་དང་། ཟུར་ཐང་མཐོར་འདེགས། ཚོང་རའི་འགྲན་ཤུགས་ཇེ་ཆེར་གཏོང་བའི་ཕྱོགས་སུ་བསྒྱུར་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དེ་འབུར་ཐོན་གྱི་གནས་སུ་འཇོག་པ་དང་། སྤུས་ཀ་འཛིན་པ་དང་ཚོང་རྟགས་སྐྲུན་པ། འདོན་སྤྲོད་ཁག་ཐེག་བཅས་བྱས་ཏེ། ནུས་མཐོ་དང་སྐྱེ་ཁམས། བདེ་འཇགས་བཅས་ཀྱི་ལམ་དུ་བགྲོད་དགོས།

མ་རྩ་གྲོན་ཆུང་དང་ཕན་འབྲས་ཆེར་བསྐྱེད་པ་གཉིས་ཀར་ལྟ་རྟོག་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རྫས་ལུད་དང་ཞིང་སྨན་ལུགས་མིན་གྱིས་བཀོལ་ཚད་ཉུང་འཕྲི་བྱེད་པ་དང་མཉམ་དུ། ལུད་འཇོག་སྟངས་བསྒྱུར་ཏེ། སྡེབ་ལུད་ཁྱབ་བརྡལ་གྱི་རྒྱ་ཁྱོན་ཇེ་ཆེར་བཏང་ནས་རྫས་ལུད་ཀྱི་བཀོལ་ཚད་ཇེ་མང་དུ་གཏང་དགོས། ཞིང་ལས་ལོ་ཏོག་གི་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཕྱོགས་བསྡུས་ཀྱིས་འགོག་བཅོས་ལག་རྩལ་མ་ལག་བཙུགས་ནས། ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་འགོག་བཅོས་བྱས་པའི་གྲུབ་འབྲས་ཇེ་ཆེར་གཏང་དགོས། ཆ་འགྲིག་པའི་ལྗང་མདོག་ནུས་མཐོའི་ལག་རྩལ་གྱི་རྣམ་པ་གསར་བ་ཞིབ་འཇུག་བྱས་ཏེ་ཕྱོགས་བསྡུས་བྱས་ནས་ཞིང་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་ཆེར་བསྐྱེད་པ་མངོན་འགྱུར་བྱ་དགོས།

(གསུམ) དམིགས་འབེན་ལས་འགན།

1. དམིགས་འབེན་གཙོ་བོ། 2019ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)7དང་རྫོང(གྲོང་ཁྱེར་དང་ཆུས)19དང་རྒྱལ་དབང་ཞིང་ཕྱུགས་ར11གི་ཞིང་ལས་ལོ་ཏོག་ལ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཚོད་ལྟ་བྱ་དགོས། དེའི་ཁྲོད་དུ་ཡུལ་ཤུལ་དང་མགོ་ལོག་གི་ཁུལ་ཡོངས་སུ་རྫས་ལུད་ཅི་ཡང་མི་བཀོལ་བ་དང་། ཞིང་སྨན་བཀོལ་ཚད་ཉུང་འཕྲིའི་ཚོད་ལྟ་བྱ་དགོས་ཤིང་། སྟོང་སྐོར་རྫོང་དང་ཀོས་ནན་རྫོང་རྩྭ་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་རྫོང་ཡོངས(ར་བ)སུ་སྐུལ་འདེད་གཏོང་བ་དང་། ཚོད་ལྟའི་རྫོང(ར་བ)གཞན་པ་རུ་གདམ་གསེས་ཡོད་པའི་སྒོ་ནས་ཤང(གྲོང་རྡལ)ཡོངས་དང་། སྡེ་བ་ཡོངས(ཡང་ན་སྡེ་བ་འགའ་མུ་སྦྲེལ)། ལོ་ཏོག་ཡོངས་ལ་མུ་སྦྲེལ་ཕྱོགས་བསྡུས་སྒོས་སྐུལ་འདེད་གཏང་དགོས། ཞིང་ཆེན་ཡོངས་སུ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཡོངས་སུ་ཚབ་བྱེད་པ་དང་ཞིང་ལས་ལོ་ཏོག་གི་ནད་འབུའི་གནོད་པ་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི114ཡི་སྟེང་དུ་ལག་བསྟར་བྱ་དགོས། ས་ཁུལ་གཞན་དག་གིས་ས་བཅུད་ཚད་འཇལ་ནས་ལུད་སྡེབ་པའི་ལག་རྩལ་ཁྱབ་བརྡལ་དུ་གཏོང་བ་དང་ཟུང་དུ་སྦྲེལ་ནས། “སྐྱེ་ལྡན་ལུད+སྡེབ་ལུད” ཀྱི་ལག་རྩལ་རྣམ་པ་ལག་བསྟར་བྱ་དགོས་ལ། མུ་མཐུད་དུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་འཕར་དུ་མི་འཇུག་པའི་འགུལ་སྐྱོད་སྤེལ་ནས། ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་བཀོལ་ཚད2018ལོ་དང་བསྡུར་ན20% ཡན་མར་ཆག་པར་བརྩོན་ལེན་བྱ་དགོས།

2. ལས་འགན་གཙོ་བོ། ལྗང་མདོག་གོང་སྤེལ་གྱི་འདུ་ཤེས་རྒྱུན་འཁྱོངས་སྒོས་རྩ་འཛུགས་ཚགས་དམ་པོ་བྱེད་པ་དང་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས་སྔོན་ལ་ཚོད་ལྟ་བྱེད་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱས་ཏེ། “དོན་འཁྱོལ་བཞི”ཡོང་བར་བྱ་དགོས། གཅིག་ནི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་ཡོངས་སུ་བྱེད་པ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས། ཚོད་ལྟའི་ས་ཁུལ་གྱི་ཞིང་ལས་ལོ་ཏོག་ལ་ཕྱོགས་བསྡུས་མུ་སྦྲེལ་སྒོས་སྤྱི་ཡོངས་སུ་ལག་བསྟར་བྱེད་པའི་བླང་བྱ་བཏོན་ནས། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་ཡོངས་སུ་བྱེད་པ་དང་། ས་ཁུལ་གཞན་པས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པར་འགྱེད་འཕྲོ་དང་སྐུལ་ཁྲིད་བྱས་ཏེ། ལོ་འཁོར་འདིའི་ནང་དུ་ཞིང་ཆེན་ཡོངས་ཀྱི་རྫས་ལུད་བཀོལ་ཚད20%ཡན་ཇེ་ཉུང་དུ་གཏང་དགོས། གཉིས་ནི་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས། ཚོད་ལྟའི་ས་ཁུལ་གྱི་ཞིང་ལས་ལོ་ཏོག་ལ་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་ཁྱོན་ཡོངས་ནས་སྤེལ་ཏེ། ཞིང་ལས་ལག་རྩལ་དང་། དངོས་ལུགས་ཀྱིས་སྔོན་འགོག་དང་ཚོད་འཛིན། སྐྱེ་དངོས་ཞིང་སྨན་གྱིས་རྫས་འགྱུར་ཞིང་སྨན་གྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཚབ་བྱེད་པ་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་སུ་རྫས་འགྱུར་ཞིང་སྨན་བཀོལ་ཚད20%ཡན་ཇེ་ཉུང་དུ་གཏང་དགོས། གསུམ་ནི་སྐྱེ་ལྡན་ལུད་ཀྱི་ཐོན་ཁུངས་བཀོལ་སྤྱོད་ལེགས་པོར་བྱེད་པར་ཁག་ཐེག་བྱ་དགོས། ནུས་སྟོབས་ཡོད་པའི་སྐྱེ་ལྡན་ལུད་ཐོན་སྐྱེད་བྱེད་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ། ཕུན་སུམ་ཚོགས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྫིང་རྟུག་ཐོན་ཁུངས་བཀོལ་སྤྱོད་ལེགས་པོར་བྱས་ཐོག ལས་སྣོན་དང་གཞན་སྒྱུར་ནུས་ཤུགས་ཇེ་ཆེར་བཏང་སྟེ། སྒོ་ཕྱུགས་དང་ཁྱིམ་བྱའི་རྫིང་རྟུག་དོར་སྙིགས་ལུད་དུ་བཀོལ་སྤྱོད་ལ་སྐུལ་འདེད་གཏང་དགོས། བཞི་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས། ལྗང་མདོག་ཐོན་རྫས་རྟེན་གཞི་དང་སྐྱེ་ལྡན་ཐོན་རྫས་རྟེན་གཞི། ཚོང་རྟགས་གྲགས་ཅན་རྟེན་གཞི་ཁག་ཅིག་བསྐྲུན་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་གཏང་དགོས། ཚོད་ལྟའི་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ལྗང་མདོག་དང་སྐྱེ་ལྡན་ལས་རིགས་ཀྱི་ཚད་གཞི་ལ་འཚམ་པར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་རུ་འགྲན་རྩོད་ཀྱི་ནུས་ཤུགས་ཇེ་མཐོར་གཏང་དགོས།

གཉིས་པ། ཚོད་ལྟའི་ས་ཁུལ་དང་ལོ་ཏོག

“ཡུལ་བབ་དང་བསྟུན་ཞིང་རིགས་བཀར་ནས་མཛུབ་སྟོན་བྱེད་པའི”རྩ་དོན་བརྩི་སྲུང་བྱས་ཏེ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་བླང་བྱ་ལྟར། “སྲིད་གཞུང་གིས་རྒྱབ་སྐྱོར་དང་ཁེ་ལས་ཐེ་ཞུགས། ཞིང་པས་གཙོ་ཁྲིད”བཅས་བྱེད་པའི་གནས་གསུམ་གཞི་གཅིག་གི་རྫས་ལུད་འདོན་སྤྲོད་དང་ཞིང་སྨན་བཀོལ་སྤྱོད་ཀྱི་མ་ལག་ཧུར་ཐག་གིས་བསྐྲུན་ནས། དུམ་རིམ་དང་ས་ཁུལ། ལོ་ཏོག་བཅས་ཀྱི་དབྱེ་བ་བཀར་ཏེ་ལག་རྩལ་རྣམ་པ་མི་འདྲ་བ་སྤྱད་དེ་སྐུལ་འདེད་གཏང་དགོས། 2019ལོར་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ། མགོ་ལོག་བཅས་གྲོང་ཁྱེར(ཁུལ)7དང་རྫོང(གྲོང་ཁྱེར་དང་ཆུས)19དང་རྒྱལ་དབང་ཞིང་ཕྱུགས་ར11བཅས་སུ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་ཡོངས་སུ་བྱེད་པ་དང་ཞིང་ལས་ལོ་ཏོག་གི་ནད་འབུའི་གནོད་པ་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་བྱེད་པའི་ཚོད་ལྟ་རྒྱ་ཁྱོན་ས་མུའུ་ཁྲི114རུ་སྤེལ་དགོས། དེའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་དུ་མུའུ་ཁྲི30(སྟོང་སྐོར་རྫོང་དུ་རྫོང་ཡོངས་སུ་སྐུལ་སྤེལ་བྱ་དགོས)དང26.3%ཟིན། མཚོ་ཤར་གྲོང་ཁྱེར་དུ་མུའུ་ཁྲི13.8དང12.1%ཟིན། མཚོ་ནུབ་ཁུལ་དུ་མུའུ་ཁྲི20དང17.6%ཟིན། མཚོ་བྱང་ཁུལ་དུ་མུའུ་ཁྲི6དང5.2%ཟིན། མཚོ་ལྷོ་ཁུལ་དུ་མུའུ་ཁྲི6.2དང5.4%ཟིན། ཡུལ་ཤུལ་ཁུལ་དུ་མུའུ་ཁྲི13.52དང11.9ཟིན། མགོ་ལོག་ཁུལ་དུ་མུའུ4100དང0.4ཟིན། རྒྱལ་དབང་ཞིང་ཕྱུགས་རར་མུའུ་ཁྲི24(ཀོས་ནན་རྩྭ་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཡོངས་སུ་སྐུལ་སྤེལ་བྱ་དགོས)དང21.1%ཟིན། ཞིང་ལས་ལོ་ཏོག་སྣ11བདམས་ནས་ཚོད་ལྟ་བྱ་དགོས་ལ། དེའི་ཁྲོད་དུ་གྲོ་མུའུ་ཁྲི3དང2.6%ཟིན། ནས་མུའུ་ཁྲི43.93དང38.6%ཟིན། ཞོག་ཁོག་མུའུ་ཁྲི7དང6.1%ཟིན། རྒྱ་སྲན་མུའུ་ཁྲི4དང3.5%ཟིན། ལི་གྲོ་མུའུ་ཁྲི1དང1%ཟིན། སྐེ་ཚེ་མུའུ་ཁྲི15དང13.2ཟིན། ཤིང་ཏོག་དང་སྔོ་ཚོད་མུའུ་ཁྲི12 (ཐོག་མེད་ཞིང་ཁའི་སྔོ་ཚོད་མུའུ་ཁྲི10དང་སྒྲིག་བཀོད་ལྡན་པའི་ཤིང་ཏོག་དང་སྔོ་ཚོད་མུའུ་ཁྲི2)དང10.5ཟིན། ཀྲུང་བོད་སྨན་གྱི་རྒྱུ་ཆ་མུའུ་ཁྲི28(འཕང་འབྲས་མུའུ་ཁྲི25དང་སྨན་གྱི་རྒྱུ་ཆ་མུའུ་ཁྲི3)དང24.5%ཟིན།

གསུམ་པ། ཁ་གསབ་མ་དངུལ་དང་གསབ་ཐབས།

“སྲིད་གཞུང་གིས་སྐྱེ་ལྡན་ལུད་དང་། ལྗང་མདོག་སྔོན་འགོག་ཚོད་འཛིན་དང་ཐོན་ཚད་ཆག་པའི་གྱོང་གུད་ཁག་ཅིག་ལ་ཁ་གསབ་སྟེར་བ་དང་། ས་གནས་ཀྱིས་སྐྱེ་ལྡན་ལོ་མའི་ལུད་ཆ་སྒྲིག ཞིང་པས་ནད་འབུའི་གནོད་པ་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་དངུལ་རང་སྒྲུག་བྱེད་པ”བཅས་ཐབས་ལམ་མང་པོ་ནས་མ་དངུལ་གྲབས་གསོག་བྱེད་ཐབས་སྤྱོད་དགོས། བསྡོམས་པས་མ་དངུལ་སྒོར་ཁྲི75545.96གཏོང་བ་དང་། དེའི་ཁྲོད་དུ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི53510.29(ཐོན་སློབ་ཞིབ་གསུམ་གྱི་མཉམ་འབྲེལ་ཁ་གསབ་སྒོར་ཁྲི1000འདུ)གཏོང་བ་དང་70.83%ཟིན་ཡོད། ས་གནས་ཀྱིས་ཆ་ཚང་བསྒྲིགས་པའི་མ་དངུལ་སྒོར་ཁྲི5148.25དང6.81%ཟིན་ཡོད། མང་ཚོགས་ཀྱིས་རང་སྒྲུག་བྱས་པར་སྒོར་ཁྲི14840ཡས་མས་དང19.65%ཟིན་ཡོད།

ནོར་སྲིད་ཀྱི་ཁ་གསབ་མ་དངུལ་གཙོ་བོ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་སྐྱེ་ལྡན་ལོ་མའི་ལུད་འཕར་བའི་ཐོན་སྐྱེད་མ་རྩ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱས་པའི་དབང་གིས་ཞིང་ལས་ལོ་ཏོག་གི་ཐོན་ཚད་ལ་གྱོང་གུད་ཐེབས་པ་ཁ་གསབ། ཞིང་ལས་ལོ་ཏོག་གི་ནད་འབུའི་གནོད་པར་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་བཀོལ་སྤྱོད་ཀྱི་འགྲོ་སྒོ་ཁག་གི་ཁ་གསབ། སློབ་ཐོན་ཞིབ་བཀོལ་བཞི་མཉམ་འབྲེལ་ལ་སྐུལ་འདེད་བྱེད་པར་ཁ་གསབ་བཅས་ཕྱོགས་བཞིའི་ཐད་དུ་བཀོལ་དགོས། ལོ་ཏོག་མི་འདྲ་བར་བར་ཁྱད་ཕྱེ་ནས་ཁ་གསབ་བྱ་དགོས། ཁ་གསབ་བྱེད་ཐབས་ལ། ཚོང་རྫས་སྐྱེ་ལྡན་ལུད་དང་སྐྱེ་ལྡན་ལོ་མའི་ལུད། ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་རྩལ་བཀོལ་སྤྱོད་བཅས་ལ་དངོས་རྫས་ཁ་གསབ་ཀྱི་བྱེད་ཐབས་སྤྱོད་དགོས་ལ། ཞིང་ལས་ལོ་ཏོག་གི་ཐོན་ཚད་ཇེ་ཉུང་དུ་ཕྱིན་པའི་ཁ་གསབ་དེ“གཱ་གཅིག་ཀུན་འཐུས”བརྒྱུད་དེ་ཐད་ཀར་ཁྱིམ་ཚང་གི་རྩིས་ཐོའི་ཐོག་ཏུ་ཁ་གསབ་བྱ་དགོས། བྱེ་བྲག་གི་ཁ་གསབ་གནས་ཚུལ་ནི་གཤམ་ལྟར།

(གཅིག) སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་སྐྱེ་ལྡན་ལོ་མའི་ལུད་བཀོལ་ནས་འཕར་བའི་ཐོན་སྐྱེད་མ་རྩའི་ཁ་གསབ།

ཞིང་ཆེན་རིམ་པའི་ཁ་གསབ་དེ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱས་ནས་འཕར་བའི་ཐོན་སྐྱེད་མ་རྩར་བཀོལ་བ་དང་། ཁ་གསབ་ཚད་གཞི་ནི། གྲོ་དང་ནས། རྒྱ་སྲན། སྐེ་ཚེ་བཅས་ལ་མུའུ་རེར་སྒོར120དང་། ཞོག་ཁོག་དང་། ལི་གྲོ། འཕང་འབྲས་བཅས་ལ་མུའུ་རེར་སྒོར240དང་། ཐོག་མེད་ཞིང་ཁའི་སྔོ་ཚོད་ལ་མུའུ་རེར་སྒོར540དང་། སྨན་གྱི་རྒྱུ་ཆར་མུའུ་རེར་སྒོར600དང་། སྒྲིག་བཀོད་ལྡན་པའི་ཤིང་ཏོག་དང་སྔོ་ཚོད་ལ་མུའུ་རེར་སྒོར1080བཅས་ཡིན། ས་གནས་ཀྱི་ཆ་སྒྲིག་མ་དངུལ་དེ་སྐྱེ་ལྡན་ལོ་མའི་ལུད་བཀོལ་ནས་འཕར་བའི་ཐོན་སྐྱེད་མ་རྩ་ཐད་ལ་བཀོལ་དགོས། གཅིག་ནི་འཕང་འབྲས་དང་ཀྲུང་བོད་སྨན་གྱི་རྒྱུ་ཆ། ཐོག་མེད་ཞིང་ཁའི་སྔོ་ཚོད་བཅས་ཚང་མར་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱ་དགོས། གཙོ་བོ་ཚོང་རྫས་སྐྱེ་ལྡན་ལུད་དང་སྐྱེ་ལྡན་ལོ་མའི་ལུད་གཏོར་འཇོག་བྱེད་པ་འདུ། འཕང་འབྲས་ལ་ཚོང་རྫས་སྐྱེ་ལྡན་ལུད་མུའུ་རེར་སྤྱི་རྒྱ200དང་། ཀྲུང་སྨན་རྒྱུ་ཆར་མུའུ་རེར་སྤྱི་རྒྱ500དང་། ཐོག་མེད་ཞིང་ཁའི་སྔོ་ཚོད་ལ་མུའུ་རེར་སྤྱི་རྒྱ450བཅས་ཁ་གསབ་བྱེད་པ་དང་། སྐྱེ་བའི་དུས་སྐབས་སུ་སྐྱེ་ལྡན་ལོ་མའི་ལུད་ཐེངས་གསུམ་ལ་གཏོར་དགོས། གཉིས་ནི་སྒྲིག་བཀོད་ཅན་གྱི་ཤིང་ཏོག་དང་སྔོ་ཚོད་ལ་ཚོང་རྫས་སྐྱེ་ལྡན་ལུད་མུའུ་རེར་སྤྱི་རྒྱ900ཁ་གསབ་བྱེད་པ་དང་། དུས་ཚིགས་རེར་སྐྱེ་ལྡན་ལོ་མའི་ལུད་ཐེངས་གསུམ་ལ་གཏོར་དགོས་ལ། སོག་མའི་སྐྱེ་དངོས་ཀྱི་འབྱུང་འགྱུར་ཕུང་བོ་དང་སྐྱེ་ལྡན་ལུད+ཆུ་ལུད་གཞི་གཅིག་ཅན་སོགས་ཀྱི་ལག་རྩལ་རྣམ་པ་དཔེ་སྟོན་བྱས་ཏེ་ཁྱབ་བརྡལ་དུ་གཏང་དགོས། གསུམ་ནི་འབྲུ་སྣུམ་ལོ་ཏོག་ཡོངས་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱ་དགོས། དེར་གཙོ་བོ་ཚོང་རྫས་སྐྱེ་ལྡན་ལུད་དང་སྐྱེ་ལྡན་ལོ་མའི་ལུད་གཏོར་འཇོག་བྱེད་པ་འདུ། ནས་དང་རྒྱ་སྲན། སྐེ་ཚེ་བཅས་ལ་ཚོང་རྫས་སྐྱེ་ལྡན་ལུད་མུའུ་རེར་སྤྱི་རྒྱ100དང་། ལི་གྲོ་དང་ཞོག་ཁོག་ལ་མུའུ་རེར་སྤྱི་རྒྱ200ཁ་གསབ་བྱེད་པ་དང་། ཐོན་སྐྱེད་དུས་ཚིགས་རེ་རེར་སྐྱེ་ལྡན་ལོ་མའི་ལུད་ཐེངས་གཅིག་རེ་གཏོར་འཇོག་བྱ་དགོས།

(གཉིས) ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་རྩལ་བཀོལ་སྤྱོད་ཀྱི་ཁ་གསབ། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་དེ་སྐེ་ཚེ་དང་ཐོག་མེད་ཞིང་ཁའི་སྔོ་ཚོད། སྒྲིག་བཀོད་ཅན་གྱི་ཤིང་ཏོག་དང་སྔོ་ཚོད། འཕང་འབྲས་སོགས་ལོ་ཏོག་རིགས4ལ་ལྗང་མདོག་གིས་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་སྤྱད་པར་ཁ་གསབ་བྱ་དགོས་ཤིང་། ཁ་གསབ་ཀྱི་ཚད་གཞི་ནི། སྐེ་ཚེ་མུའུ་རེར་སྒོར20དང་། ཐོག་མེད་ཞིང་ཁའི་སྔོ་ཚོད་ལ་མུའུ་རེར་སྒོར35དང་། སྒྲིག་བཀོད་ཅན་གྱི་ཤིང་ཏོག་དང་སྔོ་ཚོད། འཕང་འབྲས་བཅས་མུའུ་རེར་སྒོར50རེ་ཡིན། གཅིག་ནི་དཔལ་འབྱོར་ལོ་ཏོག་གི་བརྒྱུད་རིམ་ཡོངས་སུ་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱ་དགོས་ལ། སྐྱེ་དངོས་ཀྱི་ཞིང་སྨན+འབུ་འབྲིད་པང+ནད་འབུ་འགོག་བཅོས་ཀྱི་ལག་རྩལ་རྣམ་པ་དང་འགྱིག་ཤོག་ནག་པོས་རྩྭ་ལྡུམ་འགོག་པའི་ལག་རྩལ་སྤྱོད་དགོས། གལ་ཏེ་ཐོལ་བྱུང་གི་རང་བཞིན་དང་རྩ་མེད་རང་བཞིན་གྱི་ནད་འབུའི་གནོད་པ་ཐེབས་དུས། འཚུབ་ཟློག་གི་བྱེད་ཐབས་སྤྱད་ནས་སྔོན་འགོག་དང་ཚོད་འཛིན་བྱ་དགོས། གཉིས་ནི་འབྲུ་སྣུམ་ལོ་ཏོག་གི་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པར་རྩྭ་རེས་མོས་སུ་འདེབས་རྨོ་དང་ལོག་མར་བསྐྱུར་བ། ཟབ་རྨོ་ཟབ་སློག་སོགས་བྱེད་ཐབས་སྤྱད་དེ་ཚོད་འཛིན་བྱ་དགོས་ལ། བརྒྱུད་རིམ་ཡོངས་སུ་གཞི་རྩའི་ཆ་ནས་རྫས་འགྱུར་རྫས་ལུད་མི་བཀོལ་བ་དང་། ནད་གནོད་བྱུང་སྐབས། སྐྱེ་དངོས་ཞིང་སྨན+འབུ་འབྲིད་པང(པང་ལེབ་སྔོ་སེར་དང་ཆགས་འབྲིད་གཤེར་ཁུ་སོགས)+འབུ་གསོད་གློག་བཅས་ཀྱིས་འགོག་བཅོས་རྣམ་པ་སྤྱོད་དགོས། རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་བྱུང་དུས་གནས་ཚུལ་དང་བསྟུན་ནས་རྩྭ་འཇོམས་སྨན་འོས་འཚམ་ཞིག་བཀོལ་ནས་སྔོན་འགོག་དང་ཚོད་འཛིན་བྱས་ཆོག

(གསུམ) རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱས་ནས་ཞིང་ལས་ལོ་ཏོག་གི་ཐོན་ཚད་ལ་གྱོང་གུད་ཐེབས་པའི་ཁ་གསབ། ཞིང་པའི་ཐོན་ཚད་དང་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་བ་ཁག་ཐེག་བྱ་ཆེད། 2019ལོར་འབྲུ་སྣུམ་ལོ་ཏོག་ཐོན་ཚད10%དང་། དཔལ་འབྱོར་ལོ་ཏོག་ཐོན་ཚད20%ཉུང་དུ་ཕྱིན་པར་འོས་འཚམ་གྱིས་ཁ་གསབ་བྱ་དགོས། ཚོད་ལྟའི་ས་ཁུལ་སོ་སོའི་ཞིང་ཕྱུགས་དང་། ནོར་སྲིད། བསྡོམས་རྩིས་བཅས་སྡེ་ཁག་གིས“ཡོངས་བསྒྲགས་དང་། དྲང་བཞག འདྲ་མཉམ། མངོན་གསལ”བཅས་ཀྱི་རྩ་དོན་ལྟར། མཉམ་འབྲེལ་དམ་ཟབ་དང་། དོན་འཁྱོལ་ནན་འཛིན། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བྱས་ཆོག་པའི་ཉུང་ཐོན་གྱི་ཁ་གསབ་བྱེད་ཐབས་གཏན་འབེབས་དང་། ཡིག་ཚགས་དང་གཱ་བཟོས་ནས། ཚོད་ལྟའི་ཤང་དང་གྲོང་རྡལ། སྡེ་བ། ཞིང་ཁྱིམ། ཞིང་ས། རྒྱ་ཁྱོན་སོགས་གསལ་བོར་འགོད་པ་དང་། ཚོད་ལྟའི་ལོ་ཏོག་གི་ཞིང་སའི་ཡིག་ཚགས་ཞིབ་ཚགས་སུ་བཟོས་ཏེ། ཐོན་ཚད་ཉུང་དུ་ཕྱིན་པའི་ལོ་ཏོག་གི་རྒྱ་ཁྱོན་ཇི་མ་ཇི་བཞིན་བསྡོམས་རྩིས་བྱས་ཏེ། ཐོན་ཚད་ཉུང་དུ་ཕྱིན་པར་ཁ་གསབ་དང་ཇེ་ཉུང་དུ་མ་ཕྱིན་པ་ལ་ཁ་གསབ་མེད་པར་བྱས་ཐོག ཆ་སྙོམས་ཀྱིས་བགོ་བཤའ་བྱེད་པ་གཏན་འགོག་བྱས་ཏེ་ཁ་གསབ་མ་དངུལ་གྱི་ཕྱོད་ནུས་འདོན་སྤེལ་ལ་ཁག་ཐེག་བྱ་དགོས། ཞིང་ལས་ལོ་ཏོག་མུའུ་རེའི་ཐོན་ཚད་ཇེ་ཉུང་དུ་བྱས་པའི་ཁ་གསབ་ཚད་གཞི་ནི། ནས་ལ་སྒོར27དང་། གྲོ་ལ་སྒོར50། སྣུམ་ཚལ་སྒོར58། རྒྱ་སྲན་ལ་སྒོར72། ཞོག་ཁོག་ལ་སྒོར106། ལི་གྲོ་ལ་སྒོར125། འཕང་འབྲས་ལ་སྒོར455། ཐོག་མེད་ཞིང་ཁའི་སྔོ་ཚོད་ལ་སྒོར684། སྨན་རྒྱུ་ལ་སྒོར730། སྒྲིག་བཀོད་ཅན་གྱི་ཤིང་ཏོག་དང་སྔོ་ཚོད་ལ་སྒོར1800བཅས་ཡིན།

(བཞི) སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ལ་བྱ་དགའི་ཁ་གསབ་མ་དངུལ། 2019ལོར་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་དུ་ཞུགས་པའི་སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ལ། ཐོན་རྫས་ཕྱིར་འཚོང་དང་། ཐོན་རྫས་ཀྱི་སྤུས་ཚད། ལག་རྩལ་གྱི་ཞབས་ཕྱི། ཁེ་ལས་ཀྱི་ཡིད་རྟོན། ཐོན་སྐྱེད་དང་ཟོང་འདོན་ནུས་ཤུགས་སོགས་ཕྱོགས་ཡོངས་ཀྱི་ལས་ཕྱོད་དཔྱད་དཔོག་བྱེད་པ་དང་། གཟེངས་བསྟོད་དང་ཆད་གཅོད་ལམ་ལུགས་བཙུགས་ནས། སྤྱོད་ཚུལ་ཕུལ་བྱུང་གི་ཁེ་ལས་ལ་ལེགས་འདེམས་བྱས་ཏེ་རོགས་སྐྱོར་བྱེད་པ་དང་། རིམ་འཕར་ལེགས་སྒྱུར་དང་ཐོན་ནུས་ཇེ་ཆེར་གཏོང་བར་རོགས་སྐྱོར་བྱས་ཏེ། གཟབ་ནན་སྒོས་ཚད་གཞི་ལྟར་སྐྱེ་ལྡན་ལུད་ཐོན་སྐྱེད་བྱས་ནས། སྐྱེ་ལྡན་ལུད་ཀྱི་སྤུས་ཚད་དང་འདོན་སྤྲོད་ཁག་ཐེག་བྱ་དགོས། ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཕྱི་སོགས་ཀྱི་ཐད་དུ་གནད་དོན་ཡོད་པའི་ཁེ་ལས“མིང་ཐོ་ནག་པོར”འཇུག་དགོས།

བཞི་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས།

(གཅིག) ཐོལ་བྱུང་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་འཆར་གཞི་འགོད་དགོས། གཅིག་ནི་ཞིང་ལས་ལག་རྩལ་ཁྱབ་བརྡལ་སྡེ་ཁག་གིས་ཞིང་ལས་ལོ་ཏོག་གི་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་བྱུང་འཕེལ་གྱི་གནས་ཚུལ་ལ་ལྟ་བཤེར་དང་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས། དུས་ཐོག་ཏུ་ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པའི་ཉེན་བརྡའི་ཆ་འཕྲིན་བསྒྲག་དགོས་པ་དང་། རྒྱ་ཆེ་བའི་ཞིང་པ་དང་རྣམ་པ་གསར་བའི་བདག་གཉེར་མཁན་ལ་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པར་མཛུབ་སྟོན་བྱ་དགོས། གཉིས་ནི་གལ་ཏེ་གང་སར་འཕུར་སྐྱོད་བྱེད་པའི་གནོད་འབུ་དང་ཐོལ་བྱུང་རང་བཞིན་གྱི་ནད་གནོད་བྱུང་བའམ་ཤེས་ཚེ། དུས་ཐོག་ཏུ་བརྟག་དཔྱད་སྒོས་གནོད་པ་བྱུང་བའི་ཁྱབ་ཁོངས་དང་ལོ་ཏོག་གནོད་པ་ཐེབས་ཚད་གཏན་འཁེལ་བྱ་དགོས་པར་མ་ཟད། དེ་མ་ཐག་ཏུ་འཚུབ་ཟློག་འགོག་བཅོས་བྱེད་ཐབས་གཏན་འབེབས་བྱ་དགོས། གསུམ་ནི་ཆེད་ལས་ཅན་གྱི་འགོག་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ་གཅིག་གྱུར་གྱིས་འཚུབ་ཟློག་འགོག་བཅོས་བྱ་དགོས་ལ། སྲིད་གཞུང་གིས་ཞབས་ཕྱི་ཉོ་བའི་རྣམ་པ་སྤྱད་དེ་སྔོན་འགོག་དང་ཚོད་འཛིན་བྱས་ཀྱང་ཆོག བཞི་ནི་དུས་ཐོག་ཏུ་ས་ཁོངས་དབྱེ་གཅོད་བྱས་ཏེ། འཕྲལ་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་དུག་ཚད་ཉུང་ལ་ནུས་ཕྱོད་མཐོ་བའི་རྫས་འགྱུར་ཞིང་སྨན་བཀོལ་ནས་མགྱོགས་མྱུར་ངང་ནད་འབུའི་གནོད་པ་ཚོད་འཛིན་བྱས་ནས། ནད་འབུའི་གནོད་པས་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་ཚད་ཆེས་དམའ་ཤོས་སུ་གཏང་དགོས། ལྔ་ནི་ཚོད་ལྟའི་ས་ཁུལ་གྱི་ཚོད་ལྟའི་ལོ་ཏོག་ཡོངས་སུ་ཞིང་ལས་ཉེན་འགོག་ཁྱབ་ཁོངས་སུ་བཅུག་སྟེ། ནད་འབུ་དང་རྩྭ་ལྡུམ་གྱི་གནོད་པ་ཚབས་ཆེན་ཐེབས་ནས་ལོ་ཏོག་གི་ཐོན་ཚད་དང་ཡོང་འབབ་ཇེ་ཉུང་དུ་ཕྱིན་པའི་སྐབས་སུ་ཉེན་འགོག་ཀུང་སིས་འོས་འཚམ་གྱིས་སྐྱིན་གསབ་སྤྲད་དེ། ཞིང་པའི་ཐོན་ཚད་དང་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱ་དགོས།

(གཉིས) ཞིང་ལས་ཐོན་རྫས་ཚོང་རའི་ཉེན་ཁ་འགོག་ཟོན་གྱི་འཆར་གཞི་འགོད་དགོས། གཅིག་ནི་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་འདེམས་འཛུགས་སྒྲིག་གཞི་བཀོད་སྒྲིག་དང་། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཁྱབ་ཚུལ་ལུགས་མཐུན་གྱིས་བཀོད་སྒྲིག་ལེགས་པོ་བྱ་དགོས། སྤུས་ལེགས་དང་ཆེད་སྤྱོད་ཀྱི་ཚོང་རྫས་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས། ཞིང་ལས་ཐོན་རྫས་གཞི་རྒྱ་ཅན་དང་ཐོན་ལས་ཅན་གྱི་ཚོང་གཉེར་ལམ་དུ་བགྲོད་པར་སྣེ་ཁྲིད་དང་སྐུལ་འདེད་གཏང་དགོས། གཉིས་ནི་མངགས་ཐོའི་ཞིང་ལས་ལག་བསྟར་བྱས་ཏེ། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་ཞིང་ཁྱིམ་བར་དུ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཉོ་འཚོང་གི་གན་རྒྱ་ཐད་ཀར་དུ་བཞག་སྟེ་རིན་གོང་བགྲོས་ཏེ་གཏན་འབེབས་བྱེད་པར་སྐུལ་མ་གཏོང་བ་དང་། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཉོ་འཚོང་སྦྲེལ་མཐུད་བྱེད་ཐད་ལ་ཤུགས་བསྣན་ནས། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས“འཚོང་དཀའ་བའི”སྣང་ཚུལ་སྔོན་འགོག་བྱ་དགོས། གསུམ་ནི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གསར་འགྱུར་སྨྱན་བྱེད་སྣ་ཚོགས་བེད་སྤྱོད་ལེགས་པོ་བྱས་ཏེ། ཞིང་ལས་ཐོན་རྫས་སྤུས་ལེགས་གོང་ལེགས་སྐོར་གྱི་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་བསྣན་ནས། རྒྱ་ཆེ་བའི་ཞིང་པ་མང་ཚོགས་ལ་སྤུས་ལེགས་གོང་ལེགས་སྐོར་གྱི་སྲིད་ཇུས་ལག་བསྟར་བྱས་པའི་བཟང་ཆ་ཤེས་སུ་བཅུག་སྟེ། ཞིང་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གོང་སྤེལ་གྱི་ཧུར་བརྩོན་ཇེ་དྲག་ཏུ་གཏང་དགོས།

ལྔ་བ། འགན་སྲུང་བྱེད་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྤྱི་འགན་འཁུར་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་གིས་གཞོགས་འདེགས་དང་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཚོད་ལྟའི་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འགན་འཁུར་བློ་མཐུན་གཙོ་བོས་མི་སྣ་བསྡུ་སྒྲིག་པའི་འགན་འཁུར་བ་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ཆེན་ཚོང་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་བསྡོམས་རྩིས་ཅུས། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་། མཚོ་སྔོན་དངུལ་ཁང་འགན་སྲུང་ལྟ་སྐུལ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་གྲུབ་པའི་མཉམ་འབྲེལ་ཚོགས་འདུ་ལམ་ལུགས་འཛུགས་དགོས། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་གནས་སྦྲེལ་བ་དང་ཕྱོགས་འགན་ལེན་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། བྱ་བ་དོན་འཁྱོལ་ཡོང་བར་དམིགས་པ་གཏད་དེ་ནན་འཛིན་བྱ་དགོས། ས་གནས་སོ་སོས་ཀྱང་འབྲེལ་ཡོད་ཀྱི་བྱ་བའི་ལས་ཁུངས་བཙུགས་ཏེ། མཛུབ་སྟོན་ལ་ཤུགས་སྣོན་པ་དང་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ་དོན་འཁྱོལ་ལ་སྐུལ་འདེད་བྱ་དགོས། དུས་མཉམ་དུ་རིམ་པ་གཅིག་པའི་འཕེལ་རྒྱས་བཅོས་སྒྱུར་དང་། ཚན་རྩལ། ནོར་སྲིད། ནགས་རྩྭ། ཚོང་རར་ལྟ་སྐུལ། བསྡོམས་རྩིས། མཁོ་འཚོང་། དངུལ་ཁང་ལྟ་སྐུལ་སོགས་འབྲེལ་ཡོད་སྡེ་ཁག་བར་དུ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལ་མཉམ་དུ་སྐུལ་འདེད་གཏང་དགོས། ཚོད་ལྟའི་རྫོང(ར་བ)སོ་སོས་གང་མགྱོགས་སྒོས་རང་ས་ཁུལ་གྱི་བྱེ་བྲག་གི་《ལག་བསྟར་འཆར་གཞི》 གཏན་འབེབས་བྱས་ཏེ། བྱ་བའི་དམིགས་འབེན་དང་བྱ་བའི་བྱེད་ཐབས། སྡེ་ཁག་གི་ལས་བགོས། དུས་ཚོད་ཚད་མཚམས་སོགས་ཀྱི་བླང་བྱ་གསལ་ཐག་ཆོད་པའི་སྒོ་ནས། འཕེལ་རིམ་དུས་ངེས་གཏན་གྱིས་སྙན་ཞུ་འབུལ་བའི་ལམ་ལུགས་བཙུགས་ཏེ་ཕན་ནུས་དངོས་ཐོན་པར་ཁག་ཐེག་བྱ་དགོས།

(གཉིས) འགན་འཁྲི་དོན་འཁྱོལ་བྱ་བ་ནན་འཛིན་བྱ་དགོས། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དངོས་གནས་དོན་འཁྱོལ་བྱེད་པར་ཤུགས་བསྣོན་པ་དང་། ལྗང་མདོག་གོང་སྤེལ་གྱི་དཔྱད་འཇོག་རྐྱེན་སྲོལ་དང་མགོ་ཁུངས་བཅོས་སྐྱོང་གི་རྐྱེན་སྲོལ། ལྟ་སྐུལ་ཞིབ་བཤེར་སྐུལ་འདེད་ཀྱི་རྐྱེན་སྲོལ་བཅས་འཛུགས་དགོས། ས་གནས་རང་གི་སྐྱེ་ལྡན་ལུད་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནད་འགག་གི་ལག་རྩལ་ངེས་གསལ་བྱས་ཐོག ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་བླང་བྱ་ལྟར། སྐྱེ་ལྡན་ལུད་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་བྱ་བ་གང་མགྱོགས་སྒོས་ལེགས་པོར་བསྒྲུབ་པ་དང་། དམིགས་འཁེལ་པའི་ཁེ་ལས་ཀྱིས་ཡུལ་ཕྱོགས་གཅིག་འགན་གཙང་ལེན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་དགོས། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཆེད་མཁས་ཚོགས་པ་བཙུགས་ཏེ། “ཞིབ་བསྡུར་བྱེད་སའི་ཞིང་སའི”གཞི་གྲངས་དཔྱད་འཇོག་གི་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབས་ནས། རྒྱ་ཆེ་བའི་སྒོ་ནས་ཁྱབ་བརྡལ་དུ་གཏོང་བར་ཉམས་མྱོང་བསག་དགོས། གཅིག་གྱུར་དང་ཚད་ལྡན་གྱི་བླང་བྱ་ལྟར་ཚོད་ལྟའི་ས་ཁོངས་ཀྱི་མཚོན་རྟགས་བཙུགས་ནས། གསར་སྐྲུན་ལོ་ཏོག་དང་། གསར་སྐྲུན་དམིགས་འབེན། ལག་རྩལ་རྣམ་པ། སྲིད་འཛིན་དང་ལག་རྩལ་འགན་འཁུར་བ་སོགས་ཀྱི་གནས་ཚུལ་ངེས་གསལ་བྱས་ཏེ། འགན་འཁྲི་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་དང་དྲིལ་སྒྲོག་གི་ཕན་འབྲས་ཇེ་ཆེར་གཏང་དགོས། ཡིག་ཚགས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། འཆར་ཟིན་དང་ཆིངས་ཡིག སྤྱི་བསྡོམས་སོགས་ཡིག་ཆ་དང་འདྲ་པར་གྱི་རྒྱུ་ཆ་དུས་ཐོག་ཏུ་བསྡུ་རུབ་ལེགས་སྒྲིག་བྱས་ཐོག དེབ་ཏུ་བཟོས་ནས་ཚགས་སུ་འཇུག་དགོས།

(གསུམ) ལྟ་སྐུལ་ཞིབ་བཤེར་ཤུགས་དྲག་ཏུ་གཏང་དགོས། དཔྱད་འཇོག་ལྟ་བཤེར་དང་ནོར་སྲིད་ཁ་གསབ་སྦྲེལ་བའི་རྐྱེན་སྲོལ་བཙུགས་ནས། ཕུང་གསུམ་པས་དཔྱད་འཇོག་བྱེད་པ་དང་། ཐོབ་ཐང་ཡོད་པའི་ཚན་རིག་ཞིབ་འཇུག་གླིང་ལ་མངགས་བཅོལ་བྱས་ཏེ། ཚོད་ལྟའི་ས་ཁུལ་གྱི་ཞིབ་བསྡུར་བྱེད་སའི་དཔེ་སྟོན་ཞིང་སའི་ས་རྒྱུ་དང་ཐོན་རྫས་ཀྱི་སྤུས་ཚད། ཁོར་ཡུག་སོགས་བརྒྱུད་རིམ་ཡོངས་ལ་ལྟ་བཤེར་བྱས་ནས། ཚན་རིག་གིས་ལྟ་བཤེར་དཔྱད་འཇོག་གི་སྙན་ཞུ་འདོན་སྤྲོད་བྱ་དགོས། དེ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་དང་ཆུ་བེད་སོགས་སྡེ་ཁག་གི་ད་ཡོད་ལྟ་བཤེར་མ་ལག་བཀོལ་སྤྱོད་ལེགས་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་ལྟ་བཤེར་བྱ་དགོས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ལྟ་སྐུལ་ཚོགས་པ་བཙུགས་ནས་བྱེད་ཐབས་དོན་འཁྱོལ་ལེགས་པོར་འཛིན་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ལག་རྩལ་ཁྱབ་བརྡལ་དང་ཚན་རིག་ཞིབ་འཇུག་གླིང་གིས་ལག་རྩལ་མཛུབ་སྟོན་ཚན་སྐོར་བཙུགས་ཏེ། ལག་རྩལ་རྐང་འཛིན་སྟོབས་ཤུགས་འཐེན་མངགས་སྒོས་སྦྲེལ་གནས་ལ་ལག་རྩལ་མཛུབ་སྟོན་བྱ་དགོས། ཚོད་ལྟའི་ས་ཁུལ་གྱིས་ལག་རྩལ་གསོ་སྦྱོང་ལ་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རྣམ་པ་གསར་བའི་གཉེར་སྐྱོང་མཁན་སོ་སོས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་ལག་བྱང་ཆེ་ལ་རྒྱུས་མངའ་བར་ཁག་ཐེག་བྱ་དགོས། ཕུང་གསུམ་པའི་ལས་ཁུངས་ཀྱིས་སྐྱེ་ལྡན་ལུད་ཐོན་རྫས་ལ་དུས་ངེས་མེད་སྒོས་དཔེ་འདེམས་དང་ཞིབ་དཔྱད་ཚད་ལེན་བྱས་ཏེ། དཔེ་འདེམས་ཚད་མཐུན་མིན་པའི་ཁེ་ལས“མིང་ཐོ་ནག་པོར”འཇུག་དགོས།

(བཞི) སྲིད་ཇུས་ལག་བསྟར་ནན་མོར་བྱ་དགོས། ཞིང་ལས་ལ་རོགས་སྐྱོར་བྱེད་སྤྱད་མ་དངུལ་གྱི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། གསོག་ཚད་མ་དངུལ་གསོན་སྒྱུར་བྱེད་པ་དང་། ཐམས་ལམ་མང་པོ་དང་སྣ་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་ཏེ། རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་ཐད་ལ་མ་དངུལ་གཏོང་ཚད་ལ་ཁག་ཐེག་བྱ་དགོས། ཚད་ལྡན་གྱི་མ་དངུལ་ལྟ་སྐུལ་དོ་དམ་དང་གཅུམ་སྡོམ་གྱི་རྐྱེན་སྲོལ་བཙུགས་ནས། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། མ་དངུལ་ལ་ཆེད་དོན་རྩིས་ཐོ་བཀོད་ནས་ཞིབ་རྩིས་བྱེད་པ་ལག་བསྟར་བྱ་དགོས་ཤིང་། ཆེད་དངུལ་ཆེད་སྤྱོད་བྱེད་པ་ལས་རྣམ་པ་གང་རུང་གི་སྒོ་ནས་ཟུར་འཇོག་དང་བཙན་སྤྱོད། གཞན་སྤྱོད་སོགས་གཏན་ནས་བྱ་མི་ཆོག་པར་མ་དངུལ་གྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། ཁ་གསབ་མ་དངུལ་བཀོལ་སྤྱོད་བྱས་པ་མ་འགྲིག་པའི་དབང་གིས་མང་ཚོགས་ཀྱི་བརྩོན་སེམས་ལ་གནོད་རྐྱེན་ཐེབས་པ་རྦད་དེ་གཏན་འགོག་བྱ་དགོས། ཚོད་ལྟའི་ས་ཁུལ་སོ་སོས་ཆ་སྒྲིག་མ་དངུལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆེད་དོན་རྩིས་ཐོར་དོ་དམ་ནན་མོ་བྱེད་པ་དང་། ཆ་སྒྲིག་མ་དངུལ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ཏེ། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་སྔོན་དུ་སྐུལ་འདེད་གཏང་དགོས། ཚོད་ལྟའི་ས་ཁུལ་གྱི་ཞིང་ལས་ལོ་ཏོག་དེ་ཧུར་ཐག་གིས་ཞིང་ལས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་སྟེ། ཞིང་པ་མང་ཚོགས་ཀྱི་རང་བྱུང་གནོད་འཚེ་དང་ཚོང་རའི་ཉེན་ཁ་སྔོན་འགོག་གི་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས།

(ལྔ) དྲིལ་བསྒྲོགས་ཀྱིས་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རིམ་པ་སོ་སོའི་དྲིལ་བསྒྲགས་སྡེ་ཁག་གིས་གསར་འགྱུར་སྨྱན་བྱད་ཀྱི་གླེང་ཕྱོགས་ཁྲོད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་རྒྱ་ཁྱབ་ཏུ་ཆེ་བར་སྤེལ་དགོས་ལ། སྐྱེ་ཁམས་བདེ་འཇགས་སྐོར་དྲིལ་བསྒྲགས་བྱེད་ཤུགས་དངོས་གནས་ཇེ་ཆེར་གཏང་དགོས། “གཅིག་ངོ་གཅིག་ལ་གཏད”ནས་དྲིལ་བསྒྲགས་ཐུབ་པར་བྱས་ནས་རྒྱུས་ལོན་ཚད་མཐོར་འདེགས་གཏང་དགོས། “ལག་པས་ལག་པར་འཇུས་ནས”མཛུབ་སྟོན་གྱིས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། “གཅིག་གིས་གཅིག”ཁྲིད་ནས་ཁྱབ་ཚད་ཆེ་རུ་གཏང་དགོས། “གནས་གཅིག་གིས་གཅིག”ལ་ཁྲིད་སྤེལ་གྱིས་དངོས་ནུས་རང་བཞིན་གཙིགས་སུ་འཛིན་དགོས་ལ། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་གིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་གྱི་ལག་རྩལ་བཟང་བོ་དང་། དཔེ་སྟོན་བཟང་བོ། ཉམས་མྱོང་ལེགས་པོ་ཤུགས་ཆེན་པོས་དྲིལ་བསྒྲོགས་བྱས་ཏེ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་འགུལ་སྐྱོད་ལ་ཐེ་ཞུགས་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་ནས། རྒྱ་ཆེ་བའི་རོང་འབྲོག་པར་རྫས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་པའི་འགུལ་སྐྱོད་སྤེལ་བ་ནི་རང་རེའི་ཞིང་ཆེན་གྱི་ཞིང་ལས་ལྗང་མདོག་གོང་སྤེལ་གྱི་ཁ་ཕྱོགས་ཡིན་པས་ངེས་པར་ལག་བསྟར་བྱ་དགོས་པ་གསལ་བོར་ཤེས་སུ་འཇུག་དགོས།