ཧོར་གྲོང་རྫོང་གིས“མཛེས་སྡུག་གི་ཁྱིམ་གཞིས”དང“མཛེས་སྡུག་གི་ར་སྐོར”ཞེས་པའི་དཔེར་མཚོན་ཁྱིམ་ཚང་དག་ལ་གཟེངས་བསྟོད་བྱས་པ།

ཉེ་ལམ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས2019ལོའི“མཛེས་སྡུག་གི་ཁྱིམ་གཞིས”དང“མཛེས་སྡུག་གི་ར་སྐོར”ཞེས་པའི་དཔེར་མཚོན་ཁྱིམ་ཚང་ལ་གཟེངས་བསྟོད་བྱ་དགའ་གནང་པའི་ཚོགས་འདུ་བསྡུས་ཤིང་། ཁྱིམ་ཚང20ལ“མཛེས་སྡུག་གི་ཁྱིམ་གཞིས”དང་ཁྱིམ་ཚང22ལ“མཛེས་སྡུག་གི་ར་སྐོར”ཞེས་པའི་དཔེར་མཚོན་དུད་ཁྱིམ་གྱི་གཟེངས་བསྟོད་བྱ་དགའ་གནང་། ཐེངས་འདིའི་བྱ་འགུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཁྱིམ་ཚང་གཙོ་བོར་འཛིན་པ་དང་ཁྱིམ་གྱི་སློབ་གསོ་གཙོ་བོར་འཛིན་པ། ཁྱིམ་སྲོལ་གཙོ་བོར་འཛིན་པ”བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། “ཁྱིམ་སྲོལ་ལེགས་པོ་དར་སྤེལ་དང་མཛེས་སྡུག་གི་ར་སྐོར་གསར་སྐྲུན། བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་སྐྲུན”བཅས་དམིགས་འབེན་དུ་བཟུང་སྟེ། ཧོར་གྲོང་རྫོང་གི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་ནུས་འདོན་སྤེལ་གང་ལེགས་ཀྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་ཐད་ལ་རང་གི་བྱས་རྗེས་འཇོག་པའི་སྟོབས་ཤུགས་འདོན་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།