ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ལས་མི་བསྡུ་བའི་བརྡ་སྦྱོར།

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས2020ལོའི་སློབ་ཆེན་དངོས་གཞིའི་ཚན་ཁག་དང་དེ་ཡན་སློབ་རྒྱུས་ལྡན་པའི་མཐར་ཕྱིན་སློབ་མ་བསྡུ་བའི་བརྡ་སྦྱོར།

སྐྱེལ་འདྲེན་ཐོན་སྐྱེད་ལས་ཀའི་དགོས་མཁོ་གཞིར་བཟུང་ནས། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་སློབ་གྲྭའི་གདན་ཞུའི་བྱ་ཐབས་སྤྱད་དེ། 2020ལོའི་སློབ་ཆེན་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་མཐར་ཕྱིན་སློབ་མ་བསྡུ་རྩིས་ཡོད་པ་དང་ཞིབ་ཕྲའི་བྱ་བ་སྤྱི་བསྒྲགས་བྱས་པ་གཤམ་གསལ།

གཅིག། 1 ལས་བསྡུའི་ཆ་རྐྱེན། གདན་ཞུའི་ལས་གནས་ཀྱི་ཆ་རྐྱེན་དང་མཐུན་ན་རྒྱལ་ཁབ་ཀྱི་སློབ་བསྡུའི་འཆར་གཞིའི་ནང་བཅུག་ནས་མངགས་གཏོང་གི་ཐོབ་ཐང་ལྡན་པ་དང་། 2020ལོ་དང2019ལོའི་མཐར་ཕྱིན་པའི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་མཐར་ཕྱིན་སློབ་མ་ཡིན་དགོས།

2 ལུས་ཁམས་བདེ་ཐང་དང་། ཚོས་ལོང་དང་མདོག་ངོས་འཛིན་ཞན་པའི་ནད་མེད་པ། རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པའི་གཟུགས་པོའི་ཆ་རྐྱེན་ལྡན་པ། གཞུང་ལས་པ་བསྡུ་བའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཀུན་སྤྱོད་ཚད་གཞི་དང་། ལྕགས་ལམ་ལས་རིགས་ཀྱི་ལས་རིགས་ཚད་གཞི་དང་མཐུན་པ་བཅས་ཡིན་དགོས་པ་རེད།

གཉིས། ལས་བསྡུའི་གོ་རིམ།

(གཅིག)དྲ་ཐོག་ནས་མིང་ཐོ་འགོད་པ། ཐེངས་འདིའི་ལས་བསྡུ་དྲ་ཐོག་ནས་མིང་ཐོ་འགོད་དགོས་པ་དང་། མཐར་ཕྱིན་སློབ་མས“ཀྲུང་གོའི་ལྕགས་ལམ་ཤེས་ལྡན་མི་སྣ་བསྡུ་བའི་དྲ་བའི”མིང་ངོ་མ་བཀོད་ནས་ཐོ་འགོད་བྱས་ཏེ་རང་ཉིད་ཀྱི་གཞི་རྩའི་ཆ་འཕྲིན་ཆ་ཚང་འབྲི་དགོས་པ་མ་ཟད། སློབ་ཁོངས་དྲ་ཐོག་ར་སྤྲོད་སྙན་ཞུ་ཡང་སྤྲད་དགོས། མཐར་ཕྱིན་སློབ་མ་ཚང་མས་རང་གི་ཆེད་ལས་ལྟར་མིང་ཐོ་འགོད་པའི་གདན་ཞུའི་ལས་གནས་གཅིག་ལས་གདམ་མི་ཆོག

མིང་ཐོ་འགོད་པའི་དུས་ཚོད། 2019ལོའི་ཟླ11པའི་ཚེས27ཉིན་ནས2020ལོའི་ཟླ3པའི་ཚེས31ཉིན་བར་རེད།

(གཉིས)ཞིབ་བཤེར་བྱེད་པ། ལས་གནས་ཀྱི་དགོས་མཁོ་དང་མིང་ཐོ་འགོད་པའི་གནས་ཚུལ། དེ་བཞིན་སློབ་གྲྭའི་སློབ་ཁུངས་དང་སློབ་ཁྲིད་ཀྱི་སྤུས་ཚད་བཅས་གཞིར་བཟུང་ནས། དུས་དང་ཁག་བགོས་ཏེ་ལས་བསྡུ་མི་སྣའི་འབྲེལ་ཡོད་དཔྱད་ཡིག་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཆ་རྐྱེན་བཟང་པོའི་མཐར་ཕྱིན་སློབ་མ་སྔོན་ལ་ཡུལ་དངོས་ཐོབ་ཐང་ཞིབ་བཤེར་དང་ཁ་རྒྱུགས་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།

(གསུམ)ཁ་རྒྱུགས་དཔྱད་ཞིབ། རྒྱུགས་ཞུགས་མཐར་ཕྱིན་སློབ་མས་ཀྲུང་གོ་ལྕགས་ལམ་གྱི་ཤེས་ལྡན་མི་སྣ་བསྡུ་བའི་དྲ་ཚིགས་ཐོག་བསྐུར་བའི་ས་ཚིགས་ནང་གི་གནས་ཚུལ་ནམ་ཁ་པར་གྱི་བརྡ་ཐོ་གཞིར་བཟུང་། གཏན་འཁེལ་བྱས་པའི་དུས་ཚོད་དང་ས་གནས་སུ་ཡུལ་དངོས་གཏན་འཁེལ་དང་ཁ་རྒྱུགས་ནང་ཞུགས་དགོས་པ་རེད།

མིང་ཐོ་འགོད་པའི་བློ་འདྲིའི་ཁ་པར། 0971-7192757།

བློ་འདྲིའི་དུས་ཚོད། ལས་ཞག་ཆུ་ཚོད08:00-12:00 14:30-18:00

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་མི་དོན་པུའུ།

2019ལོའི་ཟླ11པའི་ཚེས27ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།